ཀ་བ།སྔ་མའི་པར་གཞི་དེ ཆོས་དབྱིངས།འཕགས་མོ།  ནས 2016-01-29 15:02ལ་འགྲུབ།

ཀ་བ།

ལྕགས་དང་། རྡོའམ་ཤིང་སོགས་ལས་བཟོས་པའི་དངོས་པོའི་དབྱིབས་ཟླུམ་པོའམ་གྲུ་བཞི་ནར་མོ་རིང་པོ། ཁང་པ་དང་། ཟམ་པ་སོགས་ཀྱི་གདུང་མ་འདེགས་བྱེད།
1 ལོ་ཙཱ།

རྒྱ་ཡིག   柱子 

དབྱིན་ཡིག  pillar

2 རྒྱས་འགྲེལ།

1.དག་ཡིག་གསར་བསྒྲིགས་ལས།  ①ཁང་བ་དང་ཟམ་པ་སོགས་ཀྱི་གདུང་མ་འདེགས་བྱེད་ཀྱི་ཤིང་སོགས་གྱེན་འགྲེང་གི་མིང་། མིང་བསྡུས་ན་ཀ་ཞེས་འབྲི་ཆོག་སྟེ། ཀ་རིང་དང་ཀ་ཐུང་ཞེས་པ་ལྟ་བུ། ②ཀ་བ་དང་དབྱིབས་མཚུངས་པའི་དངོས་པོའི་མིང་སྟེ། རི་མཐོན་པོ་གནམ་གྱི་ཀ་བ་ཞེས་པ་ལྟ་བུ།

2.བརྡ་དག་མིང་ཚིག་གསལ་བ་ལས།  ཁང་བའི་གདུང་མ་འདེགས་བྱེད་ཤིང་། 柱子。

3.བོད་ཡིག་ཚིག་གཏེར་རྒྱ་ཚོ་ལས།  ① ཁང་པའི་གདུང་མ་འདེགས་བྱེད།    ཀ་བ་རིང་པོ།   ཀ་བ་སྦོམ་པོ།  ②  སྲོག་ཤིང་ལྟ་བུའི་དཔེ།   ③ ཕྱིའི་དབྱིབས་ཀ་བ་དང་འདྲ་བའི་དཔེ།    རི་མཐོན་པོ་གནམ་གྱི་ཀ་བ་འདྲ།