ཀ་ཐོ།སྔ་མའི་པར་གཞི་དེ ཆོས་དབྱིངས།འཕགས་མོ།  ནས 2016-01-29 11:53ལ་འགྲུབ།

ཀ་ཐོ།

དཔེ་དེབ་ཐོ་འགོད་སྐབས་ཨང་ཀིའི་ཚབ་ཏུ་ཀ་ཁའི་རིམ་པ་བསྒྲིགས་ཏེ་ཀ་མད་སུམ་ཅུ་དང་དབྱངས་བཞི་བཅས་ཀྱི་གོ་རིམ་ལྟར་སྡེ་ཚན་བསྒྲིགས་པའི་ཐོ་ལ་ཟེར།
1 ལོ་ཙཱ།

རྒྱ་ཡིག  字母号册

དབྱིན་ཡིག  an alphabetically arranged register or list

2 རྒྱས་འགྲེལ།

1.དག་ཡིག་གསར་བསྒྲིགས་ལས།  ཀ་ཁའི་རིམ་པ་ལྟར་བསྒྲིགས་པའི་ཐོ་ཡིག་གི་མིང་།

2.བརྡ་དག་མིང་ཚིག་གསལ་བ་ལས།  ཀ་ཁ་རིམ་བཞིན་བཀོད་པའི་ཐོ་ཡིག  按着藏文字母次序排列的簿册。【增】索引表。﹝达﹞

3.དུང་དཀར་ཚིག་མཛོད་ཆེན་མོ་ལས།  རྒྱུན་སྲོལ་བོད་ཡིག་དཔེ་ཆ་དང་། དཔྱད་གཞིའི་ཡིག་ཆ་སོགས་ཀྱི་དཀར་ཆག་དང་། དེབ་ཐེར་ཐོ་འགོད་བྱེད་སྐབས། སྡེ་ཚན་མི་འཁྲུགས་པའི་ཆེད་དུ་ཀ་མད་སུམ་ཅུ་ཐམ་པར་དབྱངས་མེད་དང་དབྱངས་བཞི་བཅས་ཀྱི་གོ་རིམ་ལྟར་སྡེ་ཚན་བསྒྲིགས་པའི་ཐོ་ལ་ཟེར།

4.བོད་ཡིག་ཚིག་གཏེར་རྒྱ་མཚོ་ལས།  ཨང་ཀིའི་ཚབ་ཏུ་ཀ་ཁའི་རིམ་པ་བསྒྲིགས་པའི་ཐོ་ཡིག