ཀ་གཞུ།སྔ་མའི་པར་གཞི་དེ ཆོས་དབྱིངས།འཕགས་མོ།  ནས 2016-01-29 10:46ལ་འགྲུབ།

ཀ་གཞུ།

1.ཀ་བ་དང་གཞུ། 2.ཀ་བ་དང་གདུང་མའི་བར་གྱི་ཤིང་།
1 ལོ་ཙཱ།

རྒྱ་ཡིག  斗拱

དབྱིན་ཡིག  piece of wood used below the main beam on the top of a pillar

2 རྒྱས་འགྲེལ།

1.དག་ཡིག་གསར་བསྒྲིགས་ལས།  ཀ་མགོ་དང་གདུང་མའི་བར་གྱི་ཤིང་རྟེན།

2.བརྡ་དག་མིང་ཚིག་གསལ་བ་ལས།  ཀ་བ་དང་གདུང་མའི་བར་གྱི་ཤིང་། 斗拱,柱子和梁中间承托的木材。

3.དུང་དཀར་ཚིག་མཛོད་ཆེན་མོ་ལས།  ཀ་བ་དང་གཞུ་ཞེས་པའི་ཚིག་སྡུད། དེ་ཡང་ཀ་བའི་སྟེང་དུ་བྲེ་གདན། དེའི་སྟེང་དུ་བྲེ། དེའི་སྟེང་དུ་གཞུ་ཡོད་པ་བོད་ཀྱི་འཛུགས་སྐྲུན་ཁྱད་ཆོས་ཡིན་པ་དང༌། ལྷ་ས་གཙུག་ལག་ཁང་གི་ཁྱམས་ར་ནང་མའི་ཀ་བ་ཕུར་པའི་གཟུགས་ཀྱི་སྟེང་དུ་བྲེ་གདན་པད་གཟུགས་ཅན་ཟླུམ་པོ། དེའི་སྟེང་དུ་བྲེ་གྲུ་བཞི་པ། དེའི་སྟེང་དུ་གཞུ་བཅས་བརྩེགས་ནས་ཡོད། ཀྲུང་གོའི་འཛུགས་སྐྲུན་བཟོ་ལས་དཔེ་སྐྲུན་ཁང་ནས་དཔར་སྐྲུན་བྱས་པའི《བོད་ཀྱི་གནའ་རབས་འཛུགས་སྐྲུན》ཞེས་པའི་བརྙན་དཔར་གྱི་ཤོག་གྲངས༥༡་པར་གཟིགས་ན་ཀ་བ་དང་གཞུའི་དབྱིབས་རྣམས་རྒྱ་གར་དང་བལ་ཡུལ་གྱི་ལྷ་ཁང་གི་ཀ་གཞུ་དང་གཅིག་མཚུངས་སུ་ཡོད།

4.བོད་ཡིག་ཚིག་གཏེར་རྒྱ་མཚོ་ལས།  ཀ་མགོ་དང་དོན་གཅིག