སྨུག་པ།སྔ་མའི་པར་གཞི་དེ ལྷ་བྷེ།  ནས 2016-01-29 17:13ལ་འགྲུབ།

སྨུག་པ།

སྨུག་པ།
སྨུག་པ་ནི་མི་རྣམས་ཀྱི་རྒྱུན་ལྡན་འཚོ་བའི་ནང་དུས་རྟག་ཏུ་མཐོང་རྒྱུ་ཡོད་པའི་གནམ་གཤིས་ཀྱི་སྣང་ཚུལ་རིགས་ཤིག་ཡིན་ལ། རྒྱང་ནས་ལྟ་དུས་སྤྲིན་དཀར་ལང་ལོང་རྒྱུ་བ་ལྟ་བུའི་སྣང་བ་སྐྱེ་ཞིང་། ཉེ་རུ་བཅར་ནས་བལྟས་ཚེ་རླངས་པ་འཕྱུར་བ་ཞིག་དང་མཚུངས་པ་ཡིན། ཡང་སྐབས་རེར་ཧ་ཅང་མཐུག་པས་དུ་ཐལ་དང་མཚུངས་པ་དང་སྐབས་རེར་ཤིན་ཏུ་སྲབ་པས་སངས་རས་ཀྱི་ཡོལ་བ་དང་འདྲ། གཞན་སྨུག་པའི་ཁྲོད་དུ་ལྗོངས་རྣམས་ཧྲབ་བེ་ཧྲིབ་བེ་བྱ་བ་ཡིན་ཞིང་། ཤར་ནུབ་ཀྱི་དབྱེ་བ་འབྱེད་དཀའ་བའི་འཁྲུལ་སྣང་སྐྱེ་སྲིད་པ་རེད།
དཀར་ཆག
1 ཁྱད་ཆོས།

ཉིན་རེའི་ཞོགས་པའི་དུས་དང་། སྟོན་ཀ་དང་དགུན་ཁའི་དུས་ཚིགས་ཀྱི་རི་ཁུལ། བཞའ་ཚན་ཆེ་བའི་གཤོང་ས། ཆུ་རླངས་འཛོམས་པའི་གཙང་བོ། མཚེའུ་ཡི་འགྲམ་བཅས་སུ་སྨུག་པ་མཐོང་རྒྱུ་ཡོད་ཅིང་། སྨུག་པ་ནི་མཁའ་ལ་གཡེང་བའི་ས་ངོས་ཀྱི་མཁའ་རླུང་ནང་གི་ཆུ་ཐིགས་ཆུང་ཆུང་ངམ། འཁྱག་སིལ་གྱི་དྲོད་ཚད་ཆག་པ་དང་རླན་ཚད་མཐོ་རུ་འགྲོ་བའི་བརྒྱུད་རིམ་ནང་གྲུབ་པ་ཞིག་ཡིན་ལ། ངོ་བོའི་ཐད་ནས་གླེང་ན་སྤྲིན་དང་ཁྱད་པར་ཅི་ཡང་མེད་དེ། སྨུག་པ་དང་གནམ་གཤིས་ཡག་པོ་གཉིས་རྟག་ཏུ་དུས་མཉམ་པ་དང་། སྨུག་པ་ཡལ་བའི་རྗེས་སུ་རྒྱུན་པར་ནམ་མཁའ་ནི་དྭངས་ལ་ཉི་འོད་རབ་ཏུ་འཚེར་ཞིང་། བསིལ་རླུང་ཧ་ཅང་འཇམ་པོ་རྒྱུ་བ་ཡིན།