སད།སྔ་མའི་པར་གཞི་དེ ལྷ་བྷེ།  ནས 2016-01-29 17:13ལ་འགྲུབ།

སད།

སད་དང་བ་མོ་གཉིས་མི་འདྲ་ལ། བ་མོ་ནི་འཁྱག་སྐྱོན་མི་ཡོང་བའི་གནམ་གཤིས་ཀྱི་སྣང་ཚུལ་ཞིག་ཡིན་ཞིང་། སད་ནི་སྐྱེ་དངོས་རིག་པའི་སྣང་ཚུལ་ཞིག་ཡིན་པར་མ་ཟད། དཔྱིད་མཇུག་དང་སྟོན་འགོར་མཁའ་རླུང་གྲང་མོ་ཞིང་ས་དང་རྩི་ཤིང་། ས་ངོས་དང་ཐག་ཉེ་བའི་མཁའ་རླུང་ཁྲོད་དུ་བབས་པ་ཡིན་ན། དྲོད་ཚད་གློ་བུར་དུ་ཧྲེ་ཧྲིའི་དྲོད་ཚད་ཀླད་ཀོར་མན་ལ་སླེབས་པ་དང་། རྩི་ཤིང་གི་གདོད་སྐྱེས་རྫས་ལ་གཏོར་སྐྱོན་ཐེབས་ནས། རྩི་ཤིང་ལ་གནོད་འཚེ་ཕོག་པའམ་འཆི་བར་འགྱུར་བའི་དུས་ཡུན་ཤིན་ཏུ་ཐུང་བའི་གནོད་འཚེའི་རིགས་ཤིག་རེད། དེ་ལ་ཡང་སད་དཀར་པོ་དང་སད་ནག་པོ་གཉིས་སུ་དབྱེ་བ་ཡིན།
1 དབྱེ་བ།

སད་ལ་ཡང་སད་དཀར་པོ་དང་སད་ནག་པོ་གཉིས་སུ་དབྱེ་བ་ཡིན། སད་བརྒྱབ་པའི་ཆ་རྐྱེན་འཛོམས་པའི་རྗེས་སུ། མཁའ་རླུང་ནང་དུ་ཆུ་རླངས་མང་བོ་ཡོད་པ་དང་། ཚད་ལོངས་པའི་སྐབས་སུ་ཆུ་རླངས་དེ་ཐད་ཀར་འཁྱག་སིལ་དུ་འགྱུར་བར་མ་ཟད། སྐྱེ་དངོས་ཀྱི་སྟེང་དུ་གོང་བུར་དྲིལ་ནས། སད་དཀར་བང་རིམ་ཆགས་ཡོད་པ་དེར་སད་དཀར་པོ་ཞེས་བརྗོད་པ་ཡིན་ལ། ཡང་སད་བརྒྱབ་པའི་ཆ་རྐྱེན་འཛོམས་ཤིང་། མཁའ་རླུང་ནང་གི་ཆུ་རླངས་ཉུང་ཉུང་ཡིན་པ་དང་། ཚད་མ་ལོངས་པའི་སྐབས་སུ་སད་དཀར་པོ་མི་བརྒྱབ་ཅིང་། མཁའ་རླུང་གི་དྲོད་ཚད་དེ་ཧྲེ་ཧྲིའི་དྲོད་ཚད་ཀླད་ཀོར་མན་ལ་སླེབས་དུས། ལོ་ཏོག་དང་རྩི་ཤིང་སོགས་ལ་འཁྱག་སྐྱོན་ཕོག་སྟེ། ཡལ་ག་དང་ལོ་མ་ཡོད་ཚད་བསྐམས་ནས་ནག་པོར་འགྱུར་བ་ཡིན་པས། མི་རྣམས་ཀྱིས་དེ་ལ་སད་ནག་པོ་ཟེར་བ་ཡིན།

2 གནོད་སྐྱོན།

སད་ཀྱིས་ལོ་ཏོག་གི་འཚར་སྐྱེ་ལ་གནོད་པ་ཐེབས་པ་དང་། ལྷག་པར་དུ་སྔ་སད་ཀྱིས་ལོ་ཏོག་ལ་གནོད་པ་ཚབས་ཆེན་ཐེབས་པ་ཡིན་ལ། དེའི་རྒྱུ་མཚན་ནི་སྔ་སད་དང་ཕྱི་སད་བརྒྱབ་པའི་དུས་ཚོད་ནི་ཏག་ཏག་སྟོན་ཀར་ལོ་ཏོག་སྨིན་པའི་སྐབས་དང་། དཔྱིད་འགོར་དགུན་གྲོ་དང་ལྗང་བུ་འཚར་སྐྱེ་ཡི་དུས་ལ་འཁེལ་ཡོད་ཅིང་། སད་ཀྱིས་སྨིན་གྲབས་ཡོད་པའི་ལོ་ཏོག་དང་འཚར་ལོངས་ཀྱི་མྱུ་གུར་གནོད་པ་ཚབས་ཆེན་བཟོ་བར་མ་ཟད། ལོ་མ་དང་ཡལ་ག་ཐམས་ཅད་བསྐམས་ནས་བསྡུ་རྒྱུ་མེད་པར་འགྱུར་བ་ཡིན།


བརྡ་འགྲེལ་གདོང་འཛར།

རང་བྱུང་ཁམས། རང་བྱུང་སྣང་ཚུལ། སད།