མིས་བཟོས་སེར་བ།སྔ་མའི་པར་གཞི་དེ ལྷ་བྷེ།  ནས 2016-01-29 15:59ལ་འགྲུབ།

མིས་བཟོས་སེར་བ།

མིས་བཟོས་སེར་བ།
ལོ་ངོ་མང་བོའི་རིང་ལ། རང་རྒྱལ་གྱི་ངལ་རྩོལ་མི་དམངས་ཀྱིས་ཡུལ་ཐབས་ཀྱི་མེ་སྒྱོགས་དང་ཡུལ་ཐབས་ཀྱི་མེ་ཤུགས་འཕུར་མདའ་སོགས་སྤྱད་དེ་སེར་བ་བསྲུངས་པ་ཡིན་ཞིང་། སེར་འགོག་གི་འཐབ་རྩོད་རབས་དང་རིམ་པ་བརྒྱབ་མྱོང་ལ། ཚན་རིག་ལག་རྩལ་ཧ་ཅང་སྔོན་ཐོན་ཡིན་པའི་རྒྱལ་ཁབ་མང་ཆེ་བས་ཀྱང་མེ་སྒྱོགས་དང་མེ་ཤུགས་འཕུར་མདའ་སྤྱད་ནས། སེར་བ་སྔོན་འགོག་བྱ་བ་ཡིན་པར་མ་ཟད། དེའི་ནང་ནས་མཁའ་འཕེན་མེ་སྒྱོགས་དང་མེ་ཤུགས་འཕུར་མདའ་ཆུང་བ་སྤྱད་དེ་སེར་ལྡན་སྤྲིན་གཏོར་བའི་ཐབས་ཤེས་དེ་ནི་ཀུན་གྱིས་རྒྱ་ཁྱབ་ཏུ་བེད་སྤྱོད་བྱེད་བཞིན་པའི་ཐབས་ཤིག་རེད།
དཀར་ཆག
1 དབྱེ་བ།

མཁའ་འཕེན་མེ་སྒྱོགས་དང་མེ་ཤུགས་འཕུར་མདའ་སྤྱད་ནས་སེར་བ་གཏོར་བའི་ཐབས་ལ་རིགས་ཆེན་པོ་གསུམ་མཆིས་ཏེ། དང་པོ། མཁའ་འཕེན་མེ་སྒྱོགས་དེ་སྤྲིན་གྱི་གསེབ་ཏུ་འབར་གས་བྱུང་རྗེས་སྐྱོམ་ཤུགས་ཧ་ཅང་ཆེན་པོ་ཡོད་པས། སེར་བ་ཐོར་ཞིག་ཏུ་སོང་ནས་ས་རུ་ལྷུང་བ་ཡིན། གཉིས་པ། མེ་སྒྱོགས་འབར་གས་བྱུང་བའི་རྐྱེན་གྱིས་མཁའ་རླུང་ལ་ཚ་སྦོས་ཐེབས་ནས། སྤྲིན་གྱི་ནང་གི་འཁྱག་གོང་དང་ཆུ་ཐིགས་ཆར་བར་གྱུར་ནས་ས་གཞི་རུ་འབབ་པ་ཡིན། གསུམ་པ། མཁའ་འཕེན་མེ་སྒྱོགས་འཕངས་ནས་སྤྲིན་གྱི་གསེབ་ཏུ་འབར་གས་བྱུང་བར་བརྟེན། སྤྲིན་གྱི་ཕྱི་ནང་གི་མཁའ་རླུང་ཕན་ཚུན་འདྲེས་ནས་སྤྲིན་ཐད་དཔྱང་དུ་འཕེལ་རྒྱས་འགྲོ་བར་འགོག་རྐྱེན་ཐེབས་པས། མཐོ་རྒྱུག་རླུང་རྒྱུན་གྱི་ཤུགས་ཞན་པར་གྱུར་ནས་སེར་ལྡན་སྤྲིན་རིམ་བཞིན་ཉམས་པར་བརྟེན་སེར་བ་གྲུབ་ཐབས་མེད་པ་ཡིན།