ཟླུམ་གཟུགས་གློག་འཁྱུག་ལ་ས་འོག་འབར་མདེལ་ཡང་ཟེར་ཞིང་། རྒྱུན་པར་འབྲུག་གྲགས་དུས་འབྱུང་བའི་སྣང་ཚུལ་ཤིག་ཡིན་པ་དང་། དེ་ནི་ཟླུམ་རིལ་དབྱིབས་ཀྱི་གློག་འཁྱུག་པའི་རིགས་ཤིག་ཡིན་ལ། དངོས་ལུགས་སྣང་ཚུལ་དངོས་ཤིག་ཀྱང་ཡིན་པར་མ་ཟད། དེ་ཡི་འོད་གསལ་བོ་ཡིན་པ་དང་། ཚངས་ཐིག་ལ་ཧ་ལམ་ལི་སྨི15-40ཡི་བར་གྱི་རིགས་འདྲ་མིན་སྣ་ཚོགས་ཡོད། དེ་ཡང་དུས་རྒྱུན་ནི་སྐར་ཆ་འགར་མ་གཏོགས་མི་འཁྱུག་པ་ཡིན་མོད། འོན་ཀྱང་དུས་ཡུན་ཆུ་ཚོད་སྐར་མ1-2ཀྱི་བར་དུ་འཁྱུག་པའི་ཐོ་འགོད་ཀྱང་གདའ། གཞན་དེའི་ཁ་དོག་ལ་རྒྱུན་མཐོང་གི་ལི་མདོག་དང་དམར་པོ་ལས་གཞན། ད་དུང་སེར་པོ་དང་སྨུག་པོ། སྔོན་པོ། དཀར་པོ། ལྗང་གུ་བཅས་ཡོད།
ཟླུམ་གཟུགས་གློག་འཁྱུག་གི་གནོད་སྐྱོན་ཅུང་ཆེ་བ་དང་། རླངས་རྒྱུན་གྱི་ལངས་འཇགས་དང་བསྟུན་ནས་ས་ངོས་དང་ཐག་ཉེ་བའི་བར་སྣང་དུ་རང་དགར་གྱིས་འཕུར་སྐྱོད་བྱ་བའམ་ལྡོག་རླུང་གི་རྒྱུ་བ་དང་བསྡོངས་ནས་བསྐྱོད་པ་ཞིག་ཡིན་ལ། དེ་ནི་སྒོ་དང་སྒེའུ་ཁུང་ཕྱེས་པ་བརྒྱུད་ནས་ཁང་བའི་ནང་དུ་ཞུགས་པ་ཡིན་ཞིང་། ཆེས་རྒྱུན་མཐོང་ནི་དུད་ཁུང་བརྒྱུད་ནས་ཁང་བའི་ནང་དུ་ཞུགས་པར་མ་ཟད། གློག་སྐུད་ཀྱི་སྟེང་དུ་ཞུགས་པ་དང་སྐབས་ལ་ལར་བར་སྣང་ནས་རྒྱུ་བ་ཡིན་ལ། སྐབས་ལ་ལར་གྲག་འགུལ་མེད་པའི་སྒོ་ནས་ཡལ་འགྲོ་བ་ཡིན། ཡང་སྐབས་ལ་ལར་འགལ་རྐྱེན་དང་འཕྲད་པའི་རྐྱེན་གྱིས་འགད་གཏོར་བྱུང་ནས། སྒྲ་ཆེན་པོ་གྲགས་པ་དང་མཉམ་དུ་ཡལ་བར་འགྲོ་བ་ཡིན།
ཟླུམ་གཟུགས་གློག་འཁྱུག་གི་ཚངས་ཐིག་ལ་ཧ་ལམ་ལི་སྨི15-40ཡི་བར་གྱི་རིགས་འདྲ་མིན་སྣ་ཚོགས་ཡོད་མོད། འོན་ཀྱང་མི་ལ་ལས་ཚངས་ཐིག་ལ་ལི་སྨི1-2བར་དང་། སྨི5-10ཡི་ཆེ་ཆུང་གི་ཟླུམ་གཟུགས་གློག་འཁྱུག་མཐོང་མྱོང་བར་བཤད་ཅིང་། གཏན་འཇགས་ཀྱི་སྒྲ་རླབས་ཀྱིས་ཚངས་ཐིག་གི་ཆེ་ཆུང་ལ་འགྱུར་བ་འབྱུང་བ་ཡིན་ལ། རིམ་བཞིན་ཞན་པར་གྱུར་ནས་ཇེ་ཆུང་དུ་འགྱུར་བ་དང་། འགད་གཏོར་བྱུང་བ་ཡིས་གཞི་ཁྱོན་ཆེ་རུ་འགྲོ་བར་མ་ཟད། གློག་གི་འཁྱུག་མཚམས་ཆད་པ་ཡིན།
གསར་འགྱུར་མང་ཆེ་བས་བསྒྲགས་པ་ལྟར་ན། ཟླུམ་གཟུགས་གློག་འཁྱུག་ནི་ཟླུམ་རིལ་ལམ་སྒོང་དབྱིབས་གཉིས་ཡིན་ལ། གཞན་ད་དུང་གྲུ་བཞི་ནར་མོའི་དབྱིབས་དང་གྲུ་བཞི་ལྷམ་པ། ལྕགས་འཁོར་དབྱིབས། ཤེད་སྦྱོང་ལྕགས་རིལ་གྱི་དབྱིབས། སྤྲིན་སྨུག་གི་དབྱིབས། ཀ་ཟླུམ་གྱི་དབྱིབས། མདེའུ་ཡི་དབྱིབས། ཐ་མག་ཞུའེ་ཅའི་དབྱིབས། སྙུང་དབྱིབས། རྒྱུ་ཤེལ་དབྱིབས། ཕུབ་དབྱིབས། དུང་འཁྱིལ་དབྱིབས་སོགས་ཡོད།
ཆེས་རྒྱུན་མཐོང་གི་ཁ་དོག་གཉིས་ནི་དཀར་པོ་དང་ལི་ཝང་གི་མདོག་གཉིས་ཡིན་ལ། ཡང་གཞན་པའི་རྒྱུན་མཐོང་གི་ཁ་དོག་ལ་དམར་པོ་དང་སྔོན་པོ། སེར་པོ། ལྗང་གུ། སྨུག་པོ་བཅས་ཡིན་ཞིང་། དངུལ་མདོག་དང་ནག་པོ་ནི་ཤིན་ཏུ་ཉུང་། གཞན་ཟླུམ་གཟུགས་གློག་འཁྱུག་ལ་ལ་ནི་མདོག་འགྱུར་བ་ཡིན།
འགུལ་མེད་ནས་བློས་དཔོག་པར་དཀའ་བའི་མྱུར་ཚད་མཐོན་པོར་བསླེབས་པ་ཡིན་ལ། སྤྱིར་བཏང་དུ་མྱུར་ཚད་ནི་ཧ་ལམ་སྐར་ཆ1གི་ནང་སྨི5ལ་བསྐྱོད་པའམ་ཆུ་ཚོད1གི་ནང་སྤྱི་ལེ18ལ་བསྐྱོད་པ་ཡིན།
སྤྲིན་སྨུག་དབྱིབས་ཀྱི་དངོས་རྫས་ཤིག་ཡིན་ལ། ཟླུམ་གཟུགས་གློག་འཁྱུག་ལ་ལའི་ལྟེ་བ་ནི་དྭངས་གསལ་ཡིན་པ་དང་། ལ་ལར་གཏན་འཇགས་ཀྱི་གྲུབ་ཚུལ་ཞིག་རྩ་བ་ནས་ཡོད་པ་མ་ཡིན། ཡང་ཟླུམ་གཟུགས་གློག་འཁྱུག་ལ་ལ་ནི་འགུལ་སྐྱོད་ཀྱི་ཁྲོད་དུ་གནས་པ་ཡིན།
ལ་ལ་ནི་འགུལ་མེད་ཡིན་པ་དང་། མང་ཆེ་བ་ནི་དྲང་ཐིག་འགུལ་སྐྱོད་ཡིན་ལ། ལ་ལ་ནི་འགུལ་མེད་ཀྱི་གནས་སུ་འཁོར་བ་ཡིན།