མེ་ལྕེའི་རླུང་འཚུབ།སྔ་མའི་པར་གཞི་དེ ལྕགས་མོ་རྒྱལ།  ནས 2016-01-27 15:16ལ་འགྲུབ།

མེ་ལྕེའི་རླུང་འཚུབ།

མེ་ལྕེའི་རླུང་འཚུབ།
མེ་ལྕེའི་རླུང་འཁོར་ལ་མེ་བདུད་དང་མེ་འཁོར་ཡང་ཟེར་ཞིང་། དེ་ནི་མེ་སྐྱོན་འབྱུང་བའི་སྐབས་སུ་མཁའ་དབུགས་ཀྱི་དྲོད་ཚད་དང་ཚ་ཤུགས་མཐོ་རུ་ཕྱིན་པ་ཡིས། མེ་ལྕེ་ནི་གྱེན་དུ་འཕྱུར་བའི་མེ་འཁྱིལ་དུ་གྲུབ་ཅིང་། རླུང་འཁྱིལ་བཞིན་དུ་བར་སྣང་ཡངས་པའི་ཁམས་སུ་ཟུག་པའི་རང་བྱུང་གི་སྣང་ཚུལ་རིགས་ཤིག་ཡིན། དེ་ཡང་མེ་འཁྱིལ་ནི་མང་ཆེ་བ་སྡོང་ཐུང་རིགས་ཀྱི་ནགས་ཚལ་དུ་འབྱུང་བ་ཡིན་ཞིང་། མེ་ལྕེའི་མཐོ་ཚད་ནི་དབྱིན་ཁྲེ30-200བར་ཡིན་ལ། མེ་ལྕེ་འཕྱུར་བའི་དུས་ཡུན་ལ་ཚད་བཀག་ཡོད་པར་མ་ཟད། སྤྱིར་བཏང་དུ་དུས་ཡུན་ཆུ་ཚོད་སྐར་མ་འགར་མ་གཏོགས་མེད་མོད། འོན་ཀྱང་རླུང་ཤུགས་ཧ་ཅང་ཆེན་པོ་ཡིན་ན། དུས་ཡུན་ཤིན་ཏུ་རིང་བོ་ཞིག་ལ་འཕྱུར་ནས་འདུག་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
火焰龙卷风
ཕྱི་ཡིག་གི་མིང་།
Fire tornado
རང་བཞིན།
རང་བྱུང་གནོད་འཚེ།
གྲུབ་རྐྱེན།
རླངས་རྒྱུན།
1 གྲུབ་རྐྱེན།

མེ་ལྕེའི་རླུང་འཁོར་འགྲུབ་པར་ཆ་རྐྱེན་ངེས་ཅན་ཞིག་འཛོམ་དགོས་ཏེ། ཚ་ཤུགས་དྲག་པོ་དང་རླུང་གི་རྒྱུ་བ་ཆེན་པོ་གཉིས་གཞི་གཅིག་ཏུ་སྦྲེལ་བ་ཡིས་མཁའ་དབུགས་འཁོར་ནས་རྒྱུག་པ་གྲུབ་ཅིང་། མཁའ་དབུགས་འཁོར་ནས་རྒྱུག་པ་དེས་འབྲུག་རླུང་འཁོར་གྱི་གྲུབ་ཚུལ་ལྟ་བུ་འགྲུབ་པ་ཡིན་ལ། མཁའ་དབུགས་འཁོར་ནས་འཚིག་རོ་དང་མེར་འབར་སླ་བའི་རླངས་གཟུགས་ནང་དུ་གཞིབ་པ་ཡིན།

མེ་སྐྱོན་ཁྲོད་དུ་མེ་ཤུགས་ཀྱིས་མཁའ་དབུགས་ཀྱི་དྲོད་ཚད་མཐོ་རུ་ཕྱིན་པར་འགྱུར་བ་ཡིན་ལ། མཐའ་འཁོར་གྱི་མཁའ་དབུགས་ཕྱོགས་བཞི་མཚམས་བརྒྱད་ནས་མེ་ལྕེའི་ནང་དུ་ཞུགས་པ་ཡིས་མེ་ལྕེའི་འབྲུག་རླུང་འཁོར་གྲུབ་པ་ཡིན།

2 རྣམ་པ།

གལ་ཏེ་མེ་ལྕེ་དེ་འཁོར་བཞིན་པའི་རླངས་རྒྱུན་གྱིས་བཞིབས་པ་ཡིན་ན། མ་འབར་བའི་རླངས་གཟུགས་མེ་ལྕེའི་རླུང་འཁྱིལ་གྱི་ལྟེ་བར་ཞུགས་ནས། རླངས་གཟུགས་དེ་དག་མེ་རུ་འབར་བ་ཡིན་པས། མེ་ལྕེའི་རླུང་འཁྱིལ་གྱི་ལྟེ་བ་ནི་བལྟས་ཚོད་ཀྱིས་ཧ་ཅང་མཐོ་བར་སྣང་ལ། ཆེས་རྒྱུན་མཐོང་གི་མེ་ལྕེའི་རླུང་འཁྱིལ་གྱི་ལྟེ་བའི་ཞེང་ལ་ལི་སྨི30-90མ་གཏོགས་མེད་པ་དང་། མཐོ་ཚད་ལ་སྨི15-30ཡི་བར་ཡིན་མོད། འོན་ཀྱང་ཆ་རྐྱེན་ངེས་ཅན་འོག་མེ་ལྕེའི་རླུང་འཁྱིལ་ཆེན་པོ་ཡོད་པའང་སྲིད། དེ་ཡང་རླུང་གི་རྒྱུ་ཤུགས་ཀྱིས་མེ་ལྕེའི་རླུང་འཁྱིལ་ནང་ཁུལ་གྱི་གྲུབ་ཚུལ་ལ་འགྱུར་བ་བཏང་བ་ཡིས། བར་སྣང་དུ་མེ་འབར་བའི་རྣམ་པར་གྲུབ་ཅིང་། བར་སྣང་དུ་མེར་འབར་བའི་རྣམ་པ་དེ་ལ་དྲོད་ཚད་ཅུང་དམའ་བའི་གནས་ཤིག་ཡོད་པ་དང་། གནས་དེའི་དྲོད་ཚད་ཧ་ཅང་དམའ་བའི་སྐབས་སུ། མེ་ལྕེའི་རླུང་འཁྱིལ་གྱི་རྒྱུན་བསྲིངས་པ་ཆེས་རིང་བ་དེ་ཡིན། གཞན་རླུང་གི་རྒྱུ་ཤུགས་ཀྱིས་མེ་ལྕེའི་རླུང་འཁྱིལ་འཁོར་སྐྱོད་ཀྱི་ཚད་མཐོ་རུ་གཏང་བར་མ་ཟད། མེ་ལྕེའི་རླུང་འཁྱིལ་གྱི་དུང་འཁྱིལ་དབྱིབས་ཀྱི་རྣམ་པ་དེ་ཆེ་ནས་ཆེ་རུ་གཏང་བ་ཡིན།


དཔྱད་གཞིའི་ཡིག་ཆ།