རིག་གནས་མིའི་རིགས་རིག་པ།སྔ་མའི་པར་གཞི་དེ ལྷ་བྷེ།  ནས 2016-01-27 15:26ལ་འགྲུབ།

རིག་གནས་མིའི་རིགས་རིག་པ།

རིག་གནས་མིའི་རིགས་རིག་པ་ནི་མིའི་རིགས་རིག་པའི་ཡ་གྱལ་ཞིག་སྟེ། རིག་གནས་དང་སྤྱི་ཚོགས་ལ་དཔྱོད་གླེང་གི་སྒོ་ནས་ཞིབ་འཇུག་བྱེད་པའི་རིགས་སྒོ་ཞིག་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
文化人类学
ཕྱི་ཡིག་གི་མིང་།
cultural anthropology
1 ​འགྲེལ་བ།

རིག་གནས་མིའི་རིགས་རིག་པའི་ཁྱབ་ཁོངས་གཙོ་བོ་ཞིག་ནི་ཡིག་བཀོད་ལོ་རྒྱུས་མ་བྱུང་སྔོན་གྱི་ལོ་རྒྱུས་དང་། ཞིབ་འཇུག་བྱེད་ཡུལ་ནི་མིའི་སྤྱི་ཚོགས་འགྲོ་སྟངས་ཀྱི་རྣམ་པ་དེ་ནི་བརྒྱུད་སྤེལ་གྱི་གོ་རིམ་ཁྲོད་དུ་བྱུང་བ་མ་ཟད་སྤྱི་ཚོགས་ཀྱི་སྦྱོང་བརྡར་ལས་ཐོབ་པ་ཞིག་རེད། རིག་གནས་མིའི་རིགས་རིག་པའི་མི་རིགས་ལ་ཞིབ་འཇུག་བྱེད་པའི་རྩ་བའི་འགྲེལ་བ་ནི།

(1) མི་དང་རང་བྱུང་གི་འབྲེལ་བ།

(2) མི་དང་སྤྱི་ཚོགས་ཀྱི་འབྲེལ་བ།

(3) མི་དང་རང་ལུས་སེམས་ཁམས་ཀྱི་འགྲེལ་བ་སྟེ་གསུམ་མོ། །

2 དབྱེ་བ།

རིག་གནས་མིའི་རིགསས་རིག་པ་ཞེས་པའི་ནང་དུ་ཡིག་བཀོད་ལོ་རྒྱུས་མ་བྱུང་སྔོན་གྱི་གནའ་རྫས་རྟོག་ཞིབ་རིག་པ་དང་གཅིག བརྡ་བྱེད་མིའི་རིགས་རིག་པ་དང་གཉིས། མི་རིགས་རིག་པ་དང་གསུམ། སྤྱི་ཚོགས་མིའི་རིགས་རིག་པ་དང་བཞི། དམངས་སྲོལ་རིག་པ་དང་ལྔ། སྤྱི་ཚོགས་མིའི་རིགས་ཀྱི་རིག་པ་དང་དྲུག  སེམས་ཁམས་མིའི་རིགས་རིག་པ་དང་བདུན། རྒྱུན་སྤྱོད་མིའི་རིགས་རིག་པ་དང་བརྒྱད་བཅས་འདུས་ཡོད།