འབྲས་བུ་གསུམ་ཐང་། སྔ་མའི་པར་གཞི་དེ འབྲུག་རྩེ།  ནས 2016-01-25 14:36ལ་འགྲུབ།

འབྲས་བུ་གསུམ་ཐང་།

འདི་ནི་བོད་ཀྱི་གསོ་རིག་ལས་ཚ་བ་སྤྱི་གསོ་བའི་སྨན་ཞིག་ཡིན་ཏེ། ཨ་རུ། བ་རུ། སྐྱུ་རུ་བཅས་སྨན་སྣ་གསུམ་གྱིས་གྲུབ་པ་དང་། རིམས་འཁྲུགས་དང་ཚ་བ་གསར་རྙིང་གི་ནད་ལ་ཕན་པ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
三果汤
ཕྱི་ཡིག་གི་མིང་།
Drebu sumthang
1 སྨན་སྦྱོར།

ཨ་རུ། བ་རུ། སྐྱུ་རུ་བཅས་སྨན་སྣ་གསུམ་གྱིས་གྲུབ་པ་ཡིན།

2 ཕན་ནུས།

འབྲས་གསུམ་ཐང་གིས་རིམས་ཚ་བའི་ནད། །གསར་རྙིང་མ་ལུས་སེལ་ཞིང་སྨིན་པར་བྱེད། །

3 བསྟེན་ཚུལ།

ཉིན་རེར་ཐེངས་གཅིག  ཐེངས་རེར་ཐུན་གཅིག་རེ་བསྟེན།

4 ངོ་བོ།

རང་བཞིན་བསིལ་དྲོད་སྙོམས་ལ་བཟི་མེད།

5 འཛེམ་བྱ།

འཛེམ་བྱ་ཆུང་།

6 ཚད་གཞི།

ཕྱེ་མ།