ཅུ་གང་ཉེར་ལྔ།སྔ་མའི་པར་གཞི་དེ འབྲུག་རྩེ།  ནས 2016-01-25 17:00ལ་འགྲུབ།

ཅུ་གང་ཉེར་ལྔ།

འདི་ནི་བོད་ཀྱི་གསོ་རིག་ལས་གློ་ནད་བཅོས་ཐབས་ཀྱི་སྨན་ཞིག་ཡིན་ཏེ། ཅུ་གང་། ཛཱ་ཏི། གུར་ཀུམ། ལི་ཤི སུག་སྨེལ། ཀ་ཀོ་ལ། ཤིང་མངར་སོགས་སྨན་སྣ་ཉེར་ལྔ་ལས་གྲུབ་པ་དང་། གློ་ནད་གློ་གཟེར་དང་ཁྲག་ལུ་བ། གློ་བརྒྱལ་ཆེ་བ་སོགས་ལ་ཕན་པ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
二十五味竺黄丸
ཕྱི་ཡིག་གི་མིང་།
Jukang 25
1 ​སྨན་སྦྱོར།

ཅུ་གང་། ཛཱ་ཏི། གུར་ཀུམ། ལི་ཤི  སུག་སྨེལ།  ཀ་ཀོ་ལ། ཤིང་མངར།  རྒུན་འབྲུམ།  སྲོ་ལོ་དཀར་པོ།   ཨ་ཀྲོང་།  སྟར་བུ་ཁནྜ།   རུ་རྟ།  ག་དུར།  བ་ལེ་ཀ   ཧོང་ལེན།   ཙནྡན་དཀར་པོ།   ཙནྡན་དམར་པོ། ཨ་རུ།  བ་རུ།  སྐྱུ་རུ།  པ་ཡག་རྩ་བ།   ཨ་ཀྲོང་དཀར་པོ།   ཚར་བོང་རྩ་བ།   ཟི་ར་དཀར་པོ་སོགས་སྨན་སྣ་ཉེར་ལྔ་ལས་གྲུབ་པ་ཡིན།

2 ཕན་ནུས།

གཡུ་ཐོག་ཐུགས་བཅུད་ཅུ་གང་ཉེར་ལྔ་འདི། །གློ་ནད་གློ་གཟེར་ཁྲག་ཏུ་ལུ་བ་དང་། །གྱེན་ལ་མི་འཕར་གློ་བརྒྱལ་ཆེ་བ་དང་། །རོ་སྟོད་ཚ་ཁེག་ཆམ་རྒན་རུས་ཞེན་དང་། །གློ་བར་ཚད་པ་ཞུགས་པའི་ནད་རིགས་སོགས། །མདོར་ན་བྱང་ཁོག་སྟོད་ཀྱི་ཚད་པ་སེལ། །

3 བསྟེན་ཚུལ།

ཉིན་རེར་ཐེངས་གཅིག  ཐེངས་རེར་རིལ་བུ་གཅིག་རེ་བསྟེན།

4 ངོ་བོ།

རང་བཞིན་ཅུང་བསིལ་ལ་བཟི་མེད།

5 འཛེམ་བྱ།

ཕོ་བའི་མེ་དྲོད་ཞན་པས་འཛེམ།

6 ཚད་གཞི།

རིལ་བུ།