སོར་གདུབ་རྒྱལ་པོ།སྔ་མའི་པར་གཞི་དེ བདེ་ཆེན་མཚོ།  ནས 2016-01-16 11:31ལ་འགྲུབ།

སོར་གདུབ་རྒྱལ་པོ།

སོར་གདུབ་རྒྱལ་པོ།
《སོར་གདུབ་རྒྱལ་པོ(སོར་གདུབ་བྱ་ར་བ)》ནིJ•R•Rཐོར་ཅིན་གྱི་སྒྱུ་འཕྲུལ་བརྩམས་སྒྲུང་ལས་སྒྱུར་སྒྲིག་བྱས་པ་ཡིན་ལ།《སོར་གདུབ་རྒྱལ་པོའི་གློག་བརྙན་གསུམ》ཞེས་པའི་མུ་འབྲེལ་གློག་བརྙན་གྲས་ཀྱི་ཁག་དང་པོ་ཡིན། གློག་བརྙན་འདིའི་ཁྲོད་གནའ་བོའི་དུས་རབས་བར་མའི་སྐབས་སུ་ཧྥུ་རོ་དྷོ་ཞེས་པ་ཁོང་གི་གྲོགས་མཆོག་རྣམས་དང་ལྷན་ཅིག་ཏུ་སོར་གདུབ་བརླག་པའི་ལམ་ལ་བཞུད་པའི་གཏམ་རྒྱུད་བརྗོད་ཡོད།
གཞི་རྩའི་གནས་ཚུལ།

བོད་འགྱུར་མིང་།
སོར་གདུབ་རྒྱལ་པོ(སོར་གདུབ་བྱ་ར་བ)།
མ་བརྙན་མིང་།
The Lord of the Rings: The Fellowship of the Ring
རྒྱ་འགྱུར་མིང་།
指环王:护戒使者
རྒྱལ་ཁབ།
ཨ་རི། ནིའུ་ཟེ་ལན།
སྐད་རིགས།
དབྱིན་སྐད། ཟིན་ཌར་སྐད།
འཁྲབ་ཁྲིད་པ།
ཕེ་ཐེར•ཇེ་ཁུ་ཟོན།( Peter Jackson)
གཙོ་འཁྲབ་པ།
ཨེ་ལའེ་ཀྲུ•བུའུ་ཏི།( Elijah Jordan Wood )ཝེ་ཀོ•མོར་ཐེན་སེན(Viggo Mortensen)སོགས།
འགྲེམ་དུས།
2001-12-19
ཡུན་ཚད།
སྐར་མ178།
བརྙན་རིགས།
གཏམ་རྒྱུད། དྲག་རྩལ། སྒྱུ་འཕྲུལ།
བྱ་དགའ་གཙོ་བོ།
2002ལོར་ཨའོ་ཟི་ཁཱའི་གསེར་བརྙན་རྟགས་མའི་བརྙན་པར་མཆོག་གྱུར་གྱི་བྱ་དགའ་ཐོབ་པ། 2002ལོར་ཨ་རིའི་གསེར་གྱི་གོང་བུ་རྟགས་མའི་གཏམ་རྒྱུད་རིགས་ཀྱི་གློག་བརྙན་མཆོག་གྱུར་གྱི་བྱ་དགའ་ཐོབ་པ་སོགས།
1 བྱུང་རིམ།

དེ་ཡང་གནའ་བསྐལ་བ་ཆར་ལྡན་གྱི་དུས་སུ། ས་དབུས་འཇིག་རྟེན་དུ་ཧོ་བྷི(Hobbit)ཟེར་བའི་རིགས་རྒྱུད་ཅིག་ཡོད་ཅིང་། དེ་ཡི་རིགས་སུ་གྱུར་པ་བྷེལ་པོ•བྷ་གྷིན་སི(Bilbo Baggins)ལོ་བརྒྱར་སོན་ཡོད་པ་ལ། ཁོ་ཆུང་དུས་ནས་ག་ས་ཀུན་ལ་ཉེན་མཆོང་དུ་འགྲོ་རྒྱུར་དགའ་བས། ཐེངས་ཤིག གྷོ་ལུམ(Gollum)གྱི་ལག་ནས་ཟླ་མེད་སོར་གདུབ་དེ་ཐོབ་པར་གྱུར།  མ་གཞི་དེ་ནི་བདུད་རྒྱལ་སཱོ་རོན(Sauron)གྱིས་ས་དབུས་ཡུལ་ཁམས(Middle earth)ཡོངས་རྫོགས་བྲན་དུ་བཀོལ་ཕྱིར་སྦྱངས་བརྡུངས་བྱས་པ་ཞིག་ཡིན་ཞིང་། དེས་སོར་གདུབ་གཞན་ཐམས་ཅད་དབང་དུ་བསྡུ་ཐུབ་པར་མ་ཟད། དེའི་ནང་དུ་ནག་ཕྱོགས་བདུད་ཀྱི་ཧམ་པ། སྲེད་པ། གདུག་རྩུབ་སོགས་མ་འདུས་པ་མེད་པས་མཐུ་ལ་འགྲན་དཀའ་བར་ཡོད། ལོ་ངོ་སྟོང་གསུམ་ཡར་སྔོན་ལ། མིའི་རིགས་མནའ་འབྲེལ་བཙུགས་ཏེ་སྲིན་པོའི་དཔུང་ཚོགས་དང་འཐབ་པས། གཡུལ་ལས་རྒྱལ་བར་མ་ཟད། སོར་གདུབ་རྒྱལ་པོ་དེའང་ལག་ཏུ་ཐོབ་མོད། མི་ལོ་སྟོང་ཕྲག་དུ་མའི་རྗེས་སུ། གྷོ་ལུམ་གྱི་ལག་ཏུ་ཡོད་པའི་སོར་གདུབ་དེ་ལས་བསམ་སར་མི་འགྲོ་གསེག་སར་འགྲོ་ཟེར་བཞིན། བྷེལ་པོ•བྷ་གྷིན་སི་ཡི་ལག་ཏུ་ཐོབ། བྷེལ་པོ•བྷ་གྷིན་སི་ཡིས་མཛུབ་དཀྲིས་དེ་ཁོའི་ཚ་བོ་ཧྥུ་རོ་དྷོ(Frodo)ལ་བཞག་ཅིང་། བདུད་རྒྱལ་གྱིས་མཛུབ་དཀྲིས་གར་ཡོད་སྐོར་གྱི་གནས་ཚུལ་ཤེས་རྗེས། བདུད་དཔུང་མངགས་ཏེ་འཕྲོག་རྩིས་བརྒྱབ་སྟེ་འཇིག་རྟེན་ཡོངས་ལ་དབང་བསྒྱུར་བར་བསམ།  སོར་གདུབ་བདུད་རྒྱལ་གྱི་ལག་ཏུ་མི་ཚུད་པའི་ཕྱིར་དུ། སོར་གདུབ་དྲི་ཟའི་ཡུལ་དུ་ཁྱེར་མོད། དེའི་རྗེ་བློན་རྣམས་ཀྱིས་སོར་གདུབ་མེད་པར་གཏོང་དགོས་པའི་གྲོས་ཐག་བཅད་ཅིང་། ཧྥུ་རོ་དྷོ་ཡིས་འགན་ཁུར་ལྕི་མོ་འདི་ཕྲག་ཏུ་བླངས་པ་རེད། དེ་ལ་སོར་གདུབ་དེ་མེད་པར་བཟོ་དགོས་ན་དང་པོའི་རྡུང་ས། བདུད་རྒྱལ་གྱི་འདུག་ས། བསྐལ་བའི་མེ་རི་ཡོད་སར་འགྲོ་དགོས་པ་བྱུང་བས། ཧྥུ་རོ་དྷོ་དང་ཁོའི་གྲོགས་མཆོག་སཱམ(Sam)དང་། མཱེ་རཱེ(Merry) ཕི་ཕི(Pippin)བཅས་ཀྱིས་ས་ནག་འདོམ་ལ་འཇལ། 1-13052H14544647.jpgསྤྲིན་ནག་ཐོད་ལ་བཟུང་སྟེ་འགྲུལ་བཞུད་བྱས་ཤིང་།   ལམ་བར་དུ་ཡང་སཱོ་རོན་གྱི་བྲན་འཁོར་གཤེད་སྲིན་སོགས་ནག་ཕྱོགས་བདུད་ཀྱི་བར་ཆད་གཅིག་འཕྲོ་གཅིག་ལ་བྱུང་ནའང་། དེ་སྔ་སོར་གདུབ་སྲུང་བའི་ཁས་བླངས་ཡོད་མཁན་བྱད་མ་བེར་སྐྱ་ཅན་གྷན་དྷོ་ཧྥུ(Gandalf)དང་། རྒྱལ་སྲས་ཨ་རཱ་གྷོན(Aragorn) དྲི་ཟ་ལེ་གྷོ་ལ་སི(Legolas) མིའི་རིགས་བྷོ་རོ་མཱི(Boromir) མིའུ་ཐུང་གྷིམ་ལི(Gimli)སོགས་སོར་གདུབ་སྲུང་མཁན་རྣམས་དང་། དྲི་ཟའི་ཀོང་ཇོ་ཨཱར་ཝུན(Arwen) དྲི་ཟ་ནགས་ཀྱི་རྒྱལ་མོ་སོགས་ཀྱིས་སྡོངས་གྲོགས་མཛད་པར་བརྟེན། ཉེན་ཁ་རེ་རེ་ལས་ཐར་ཐུབ་པ་བྱུང་། ཡིན་ན་ཡང་། ཧྥུ་རོ་དྷོ་དང་ཁོའི་རོགས་ཟླ་ཚོའི་ངོ་ཡར་གྱུར་པ་ནི་གཟུགས་ཅན་གྱི་བདུད་སྲིན་ཁོ་ན་ཙམ་མ་ཡིན་པར།  སོར་གདུབ་ཀྱི་ཟློག་དཀའ་བའི་གཟུགས་མེད་ཀྱི་བསླུ་བྲིད་ཡིན་ཞིང་། དེས་སོར་གདུབ་སྲུང་མཁན་རེ་རེའི་ནང་སེམས་ལ་སྙོབ་ཀྱིན་ཡོད་་་་་་

2 དཔྱད་གཏམ།

གློག་བརྙན་མགོ་ཚུགས་མ་ཐག་སྐད་ཆ་འདི་འདྲ་ཞིག་འདུག་སྟེ། མིའི་རིགས་དབང་ཆ་ལ་སྲེད་སྲེད་ཅིག་གཞན་ལ་མེད་ཅེས་ཟེར་བ་བཞིན། གློག་བརྙན་འདི་ལས་འུ་ཅག་གིས་མཐོང་བ་ཡང་དེ་བཞིན་འདུག་སྟེ། སྐྱེ་འགྲོ་ཕོངས་ལ་སྦྱོར་བྱེད་ཀྱི་མཛུབ་དཀྲིས་དེ་དང་པོ་ཉིད་ནས་བསྐལ་པའི་མེ་ཀློང་དུ་འཕངས་ཏེ་མེད་པར་བཟོས་ཆོག་ཆོག་ཡིན་ནའང་། མིའི་རིགས་ཀྱི་འདོད་ཧམ་ལ་མཐའ་མེད་པའི་དབང་གིས། སླར་ཡང་ཆག་འཇིག་ཆེན་པོ་ཞིག་གི་ཁ་ཕྱེས་པ་རེད། བྱད་མ་བེར་དཀར་ཅན་གྷན་དྷོ་ཧྥུ(Gandalf)ཡིས་ཀྱང་སེལ་ཐབས་བྲལ་ཞིང་། རྒྱལ་སྲས་ཨ་རཱ་གྷོན(Aragorn)་གྱི་རལ་གྲིས་ཀྱང་དུམ་བུར་གཅོད་མི་ནུས་པ་ནི། སྡུག་བསྔལ་གྱིས་སེམས་ཁ་བསྒྱུར་བའི"གྷོ་ལུམ"དང་དེ་ལས་ཡོང་བའི་མིའི་རིགས་སྤྱིའི་ཉམ་ཐག་ཅིང་། ཐེ་ཚོམ་དང་འདོད་པ་ཡིས་གང་བའི་ཡིད་སེམས་འབའ་ཞིག་གོ །64964824201204061519583925635590311_005.jpg

མི་ནི་དཀར་ནག་གི་སོ་མཚམས་སུ་འགྲེང་སྟེ། བཞི་མདོའི་འགྲུལ་པ་གཏོལ་མེད་ཅིག་དང་འདྲ་ཞིང་། ཁོ་ཚོ་རེ་རེ་གྲོགས་མེད་ཁེར་རྐྱང་དུ་ལུས་དུས། མ་གཞིར་འུ་ཚོར་མཁོ་བ་ནི་དགེ་བར་ཕྱོགས་པའི་མེ་སྟག་ཕྲ་མོ་ཞིག་དང་། མེ་སྟག་དེ་ལ་བརྟེན་ནས་ཐག་རིང་ཐག་རིང་དུ་གནས་པའི་མཛེས་ལྗོངས་དེ་སེམས་ནང་དུ་གསལ་བར་བྱེད་ཐུབ་པ་འདྲ།

རིང་ཚད་ལ་ཆུ་ཚོད་གསུམ་ལྷག་ཡོད་པའི་གློག་བརྙན་འདིར་ལྟ་དུས་ཉོབ་སྣང་གང་ཡང་མི་སྐྱེ་སྟེ། བྱུང་རིམ་རྦ་རླབས་བཞིན་གཅིག་འཇགས་གཉིས་ལངས་བྱེད་པས་མི་ལ་བྲེད་ཤ་སློང་ཞིང་། འགྲོ་གིན་འགྲོ་གིན་དགྲ་བོའི་ས་ཆར་ཇེ་ཉེ་ཇེ་ཉེར་འགྱུར་དུས། ཉེན་ཁ་ཡང་ཇེ་ཆེ་ཇེ་ཆེ་རེད་དོ། ། གང་ལྟར། མདོར་ན། འུ་ཚོར་མཁོ་བ་ནི་དཀའ་ངལ་གང་ལ་འཕྲད་ཀྱང་རང་གི་འདུན་པ་འབོར་མི་རུང་བ་དེ་ཡིན་ཞིང་། དཀའ་ངལ་ག་འདྲ་ཆེ་ན་སེམས་ཤུགས་ཀྱང་དེ་འདྲ་ཆེ་དགོས་པ་རེད།