ངང་པ་ནག་པོ།སྔ་མའི་པར་གཞི་དེ བདེ་ཆེན་མཚོ།  ནས 2016-01-15 18:03ལ་འགྲུབ།

ངང་པ་ནག་པོ།

ངང་པ་ནག་པོ།
《ངང་པ་ནག་པོ》ནི2010ལོར་ཏའེ་རོན་ཨེ་རོ་ནོབ་སི་ཁེ་ཡིས་འཁྲབ་ཁྲིད་བྱས་པའི་ཨ་རིའི་གློག་བརྙན་ཞིག་ཡིན་ལ། གློག་བརྙན་འདིའི་ཁྲོད་ན་ཚོད་གཞོན་པའི་པཱ་ལེ་གར་མཁན་ཞིག་གིས་པཱ་ལེའི་གར་འཁྲབ་སྟོན་བྱེད་པའི་བརྒྱུད་རིམ་ཁྲོད་འདེགས་པར་དཀའ་བའི་སེམས་ཚོར་ལྕི་མོ་ཁུར་གྱིས་མ་བཟོད་པར། མཇུག་མཐར་མི་ཚེ་རྨེག་མེད་ཀྱི་ལམ་བུའི་སྟེང་ཕྱོགས་པའི་བྲེད་ཤ་སློང་པའི་གཏམ་རྒྱུད་ཅིག་ཡིན།
གཞི་རྩའི་གནས་ཚུལ།

བོད་འགྱུར་མིང་།
ངང་པ་ནག་པོ།
མ་བརྙན་མིང་།
Black Swan
རྒྱ་འགྱུར་མིང་།
黑天鹅
རྒྱལ་ཁབ།
ཨ་རི།
སྐད་རིགས།
དབྱིན་སྐད། ཧྥ་རན་སེའི་སྐད། དབྱི་ཐ་ལིའི་སྐད།
འཁྲབ་ཁྲིད་པ།
ཏའེ་རོན•ཨེ་རོ་ནོབ་སི་ཁེ། Darren Aronofsky
གཙོ་འཁྲབ་པ།
ནཱེ་ཐུ་ལེ•ཕོར་ཐུ་མན།(Natalie Portman) མཱི་ལ•ཁོ་ནི་སི།(Mila Kunis)
འགྲེམ་དུས།
2010-12-17
ཡུན་ཚད།
སྐར་མ108།
བརྙན་རིགས།
གཏམ་རྒྱུད། བྲེད་སློང་།
བྱ་དགའ་གཙོ་བོ།
2011ལོར་ཨའོ་ཟི་ཁཱའི་གློག་བརྙན་མཆོག་གྱུར་གྱི་འོས་མིང་དུ་བདམས།2011ལོར་ཨ་རིའི་གསེར་གྱི་གོང་བུ་རྟགས་མའི་འཁྲབ་ཁྲིད་པ་མཆོག་གྱུར་དང་གཏམ་རྒྱུད་རིགས་ཀྱི་གློག་བརྙན་མཆོག་གྱུར་སོགས་ཀྱི་བྱ་དགའ་ཐོབ།
1 བྱུང་རིམ།

ཉིག་ཡོག་ཟློས་གར་འཁྲབ་སྟོན་ཚོགས་པས«ངང་པའི་མཚོ་མོ»ཞེས་པ་བསྐྱར་དུ་འཆམ་འདོད་ཡོད། དེའི་སྔོན་གྱི་སྣེ་འདྲེན་གར་མBethཚོགས་པ་དང་ཁ་གྱེས་རྐྱེན། སྤྱིའི་ལྟ་སྐུལ་མཁན་ཐཱོ་མ་སི་ཡིས་ཚོགས་མིའི་ཁྲོད་ནས་ཡང་བསྐྱར་སྣེ་འདྲེན་གར་མ་ཞིག་གདམ་རྒྱུར་ཐག་བཅད།  ཐེངས་འདིའི་སྣེ་འདྲེན་མཁན་ལ་མཚོན་ན་ངང་པ་ནག་པོ་དང་དཀར་པོ་གཉིས་ཀ་འཆམ་རྒྱུའི་ཆ་རྐྱེན་ལྡན་དགོས་ཀྱི་ཡོད་ལ། Ninaནི་ཆུང་དུས་ནས་པཱ་ལེ་བྲོ་གར་སྦྱོང་བརྡར་གང་ལེགས་བྱས་ནས་ནར་སོན་པ་ཞིག་ཡིན། པཱ་ལེ་གར་ནི་ཁོ་མོར་མཚོན་ན་ནར་སོན་གྱི་ལོ་ཟླའི་ཁྲོད་ལུས་དང་གྲིབ་མ་བཞིན་འགྲོགས་ནས་ཡོང་བའི་བློས་མཐུན་གྱི་རྩེད་གྲོགས་ཤིག་དང་ཀུན་ནས་མཚུངས།  མ་ཡུམ་གྱི་ཞིབ་ཚགས་དོད་པའི་ཐུགས་ཁུར་འོག  ཁོ་མོའི་འཁྲབ་སྟོན་སྒྱུ་རྩལ་གྱི་ཆ་དེའང་གར་མ་གཞན་ལས་ཁྱད་ཆོས་མངོན་གསལ་ལྡན་ཡོད་པ་རེད།  ཐེངས་འདིའི་གོ་སྐབས་ཁྲོད་དུ་རང་ཉིད་ཕ་རོལ་པ་ལས་རྣམ་པར་རྒྱལ་བའི་ཡིད་ཆེས་དང་སྤོ་སེམས་ཞིག་བཅངས་ཡོད་སྟབས། རིམ་བཞིན་འགྲན་རྩོད་ཀྱི་གཡུལ་སར་ལྷུང་། སྐྲག་སྣང་དང་འགྲན་སེམས་ཀྱི་ཀློང་དུ་ཚུད་བའི་ཁོ་མོས།  བློ་རིག་དང་སྤྱང་གྲུང་འཛོམས་པའིLilyནི་རང་ཉིད་ཀྱི་འགྲན་ཡ་གཅིག་པུ་དེ་ཡིན་པ་གསལ་ཐག་ཆོད། འདེམས་བསྐོའི་སྐབས་སུ། ཁོ་མོས་ངང་པ་དཀར་པོ་འཁྲབ་སྟོན་བྱས་པ་ནི་དངོས་གནས་གར་མ་གཞན་དག་གིས་དོ་ཟླ་བྲལ་བ་ཞིག་ཡིན་མོད། འོན་ཀྱང་ངང་པ་ནག་པོ་འཁྲབ་སྐབས་གཞི་ནས་Lilyདང་འགྲན་ཡ་མ་ཡོང་བའི་ཕྱིར། ཁོ་མོའི་ལུས་སེམས་ཡོངས་ལ་སྐྲག་སྣང་ཞིག་དང་ངལ་དུབ་ཀྱིས་ཁེངས། དེ་ལ་རྐྱེན་བྱས་ཏེ་ནམ་རྒྱུན་ཁོ་མོར་སྐྱི་གཡའ་བའི་འཁྲུལ་སྣང་སྣ་ཚོགས་བྱིན།  ཕྱིར་རང་ཁྱིམ་དུ་ལོག་ནས་ཁྲུས་བྱེད་འདོད་པའི་སྐབས་སུ་སོག་རྒྱབ་ནས་ཤ་སྐྱི་དམར་པོར་ཆགས་པ་དང་རྐང་མཛུབ་སྦྲེལ་རིལ་དུ་གྱུར་ཡོད་པ་ལྟ་བུའི་སྣང་བ་སྐྱེས། 

ཁོ་མོས་ཡང་བསྐྱར་སྣེ་འདྲེན་གར་མ་བརྩོན་ལེན་ཞིག་བྱེད་ཆེད། གཅིག་པུ་སྤྱིའི་ལྟ་སྐུལ་བའི་གམ་དུ་ཕྱིན་ཏེ་རེ་འདུན་ཡང་ཡང་དུ་ཞུས།  ལྟ་སྐུལ་མཁན་གྱིས་བཙན་དབང་གི་སྒོ་ནས་གློ་བུར་དུ་ཁ་ཞིག་བསྐྱལ་བ་དེ་ལ། ཁོ་མོས་མཐའ་གཅིག་དུ་ངོ་རྒོལ་བྱས།  ཡིན་ཡང་བསམ་ཡིད་ལས་འདས་པ་ཞིག་ལ་མཇུག་མཐར་ཁོ་མོ་སྣེ་འདྲེན་གར་མར་བདམས་པ་རེད། གནས་ཚུལ་དེ་གར་མཁན་གཞན་དག་གིས་ཤེས་ཡོད་རྐྱེན།  ཚང་མས་དེ་ནི་ཁོ་མོའི་ལང་ཚོའི་སྒེག་ཉམས་ལས་ཐོབ་པའི་འབྲས་བུ་ཙམ་དུ་ངོས་བཟུང་ཡོད་ལ།  དེ་མིནBethཡིས་ཀྱང་སྟོན་ཐོག་ནས་མི་ཚོགས་ཀྱི་མདུན་ས་རུ་ཁོ་མོར་མཚང་འབྱིན་བྱས་པས། འདི་འདྲའི་གནོན་ཤུགས་ཀྱི་ཁར་ད་དུང་སྐྱོ་གདུང་ཞིག་བསྣན་ཡོད་པ་ནི། དངོས་གནས་ཚེར་མའི་སྟེང་དུ་ཁུ་ཚུར་རྡེག་པ་འདྲ་བའི་སེམས་དབུས་སུ་བཟོད་པར་དཀའ་བའི་ཟུག་གཟེར་ཞིག་རེད། དོན་འདི་དག་གིས་ཁོ་མོའི་འཁྲབ་སྟོན་གྱི་ཉམས་སྣ་ཚོགས་སྟོན་པ་ལ་ཐད་ཀར་གྱིས་ཤུགས་རྐྱེན་ངན་པ་ཐེབས་ཀྱིན་ཡོད། 

སྤྱིའི་ལྟ་སྐུལ་མཁན་གྱིས་ཁོ་མོའི་ངར་སེམས་ཀྱི་མེ་ལྕེ་ཕྱི་རུ་འཕུད་པར་བློ་སྒོ་འབྱེད་ཆེད། ངང་པ་ནག་པོའི་བསླུ་བྲིད་ཀྱི་ཉམས་སྣང་མངོན་པར་མཚོན་དགོས་པ་ཡང་དང་བསྐྱར་དུ་སྐུལ་བའི་ཉམས་འགྱུར་དེའི་ཁྲོད་ནས་མོ་ཡང་རིམ་བཞིན་ངང་ནག་གི་སེམས་གཤིས་ཤིག་ངང་གིས་རྒྱུད་ལ་གྲུབ།

2 དཔྱད་གཏམ།

ཧྥོ་ལོ་ཡེ་རྡི་ཡིས་ནང་སེམས་དབྱེ་ཞིབ་བྱེད་པ་གཙོ་ཡིན་པའི་སེམས་ཁམས་རིག་པ་བརྩམས་གནང་མཛད་པ་ནས་བཟུང་།  སེམས་ཁམས་རིག་པས་གཞི་ནས་གློག་བརྙན་སྒྱུ་རྩལ་ཐད་ལ་ཤུགས་རྐྱེན་ཐེབས་ཚད་ཡང་སྔོན་ལས་ཇེ་ཆེར་གྱུར་ཞིང་། མིང་དུ་གྲགས་པའི་སྒྱུ་རྩལ་གློག་བརྙན་གྱི་བྱེ་བྲག་ཏུ་བབས་པའི་སེམས་ཁམས་མཚོན་པའི་ཟློས་གར་ཏེ«ངང་པ་ནག་པོ»ཡང་དེ་བཞིན་དཔེ་མཚོན་རང་བཞིན་གྱི་གློག་བརྙན་ཞིག་ཏུ་གྲུབ་ཡོད།  «ངང་པ་ནག་པོ»ཞེས་པའི་གློག་བརྙན་འདིའི་བརྗོད་གཞི་གནད་དམ་པ་ནི།  ན་ཚོད་གཞོན་པའི་པཱ་ལེ་གར་མཁན་ཞིག་གིས་འདེགས་པར་དཀའ་བའི་སེམས་ཚོར་ལྕི་མོ་ཁུར་གྱིས་མ་བཟོད་པར།  མཇུག་མཐར་མི་ཚེ་རྨེག་མེད་ཀྱི་ལམ་བུའི་སྟེང་ཕྱོགས་པའི་གཏམ་རྒྱུད་ཅིག་ཡིན།   

གཏམ་རྒྱུད་འདིའི་འབྱུང་རྐྱེན་གཙོ་བོ་ནི་ཟློས་གར་ཚོགས་པའི་སྣེ་འདྲེན་གར་མ་བྷེ་སཱི་ཚོགས་པ་དང་ཁ་གྱེས་རྐྱེན། ཡང་བསྐྱར་སྣེ་འདྲེན་གར་མ་གཞན་ཞིག་བསྐོ་བཞག་བྱེད་དགོས་བྱུང་། དེ་ཡིས་ཞི་དྲག་གི་ངོ་བོ་རང་སོར་མཚོན་པའི་ངང་པ་དཀར་ནག་གཉིས་སྤྲོས་ཏེ་པཱ་ལེ་གར་གྱི་ལམ་ནས«ངང་པའི་མཚོ་མོ»ཞེས་པ་འཆམ་དགོས་ཀྱི་ཡོད།  ནཱེ་ནཱ་ཡི་ཡུམ་ལགས་ནི། སྔོན་པཱ་ལེ་གར་ལ་ཞེ་འདང་འཁྲེང་བའི་གར་མ་ཞིག་ཡིན་ཡང་གློ་བུར་བའི་མངལ་སྦྲུམ་པ་ལ་རྐྱེན་བྱས་ནས་གར་གྱི་མི་ཚེ་བློས་བཏང་སྟེ་རང་ཉིད་ཀྱིས་གར་ལ་བཅངས་པའི་བརྩེ་འདང་དེ་རང་གི་བུ་མོར་མི་བཅོལ་ཐབས་མེད་བྱུང་། ཁོ་མོའི་གཟབ་ནན་གྱི་ཐུགས་ཁུར་འོག་ནཱེ་ནཱ་ཡི་གར་འགྲོས་ཀྱི་སྟངས་སྟབས་གཞན་གྱིས་ཡིད་སྨོན་འཆོར་བ་ཞིག་ཏུ་གྱུར་ཡོད་རུང་།   ཁོ་མོའི་རང་གཤིས་ནི་དེ་ལས་ལྡོག་སྟེ་ཧ་ཅང་ཉམ་ཆུང་ཡིན།  སྤྱིར་ཕུགས་བསམ་དང་རེ་སྙེག་གིས་སྐུལ་བའི་རྨི་ལམ་དེ་མངོན་འགྱུར་བྱ་ཐུབ་མོད།  འོན་ཀྱང་འདེམས་བསྐོ་བྱེད་པའི་སྐབས་སུ་ཐཱོ་མ་སི་ཡིས་ངང་པ་ནག་པོའི་ཉམས་འགྱུར་གྱི་འགུག་ཤུགས་དེ་ད་དུང་མི་འདང་པར་བསམ་ནས་ཁོ་མོ་ཞོར་དུ་བཞག  ཕུགས་བསམ་འདིའི་སླད་དུ་ཁོ་མོས་རང་ཉིད་ཀྱི་དྲག་པའི་ངོ་གདོང་དེ་ཕྱི་རུ་མི་འདོན་ག་མེད་བྱུང་། འདི་འདྲའི་ཟུང་དུ་འཇུག་པའི་མི་གཤིས་ནི།  ངོས་ཟུང་ལྡན་ཅན་གྱི་མེ་ལོང་ཞིག་དང་འདྲ་བར།  ཕན་ཚུན་བར་ཁ་གསབ་བྱེད་པ་དང་ཤུགས་རྐྱེན་ཐེབས་བཞིན་ཡོད་དེ།  གལ་ཏེ་འདི་ནི་ནང་སེམས་འཚོལ་སྙེག་བསྐོར་གྱི་གློག་བརྙན་ཞིག་ཡིན་ཚེ།  འདིས་ང་ཚོ་མིའི་རིགས་ཀྱི་ནང་སེམས་ནི་ཇི་འདྲའི་གསང་བ་ལྐོག་གྱུར་ཞིག་དང་དགའ་སྐྱོ་འདྲེས་མའི་འཇིག་རྟེན་ཞིག་ཡིན་པ་གསལ་པོར་མངོན་ཡོད། 

སྦྱོང་བརྡར་གྱི་གོ་རིམ་ཁྲོད་ནས། རྒྱ་རུ་ཚུད་པའི་རང་གཤིས་ཀུམ་པོ་དེ་རིམ་བཞིན་རྒོད་ལ་བཏང་བ་ན། ད་གཟོད་ངང་པ་ནག་པོའི་རྣམ་ཤེས་དེ་རང་གི་ལུས་སྟེང་གི་ཉམས་འགྱུར་ལས་ཕྱིར་མངོན་ཐུབ་པ་བྱུང་། དེའི་རྐྱེན་ཁོ་མོས་ལྟ་མཁན་དག་གི་མིག་འབྲས་ཅིག་ཅར་དུ་འཕྲོག   འོན་ཀྱང་དེ་མཚུངས་སུ་རང་ཉིད་ཀྱང་གཞན་དབང་དུ་འགྱུར་གྱིན་པའི་ཚོར་འདུ་དྲག་པོས་ཀུན་ནས་བསླངས་བྱུང་། ཁོ་མོས་རང་སེམས་ལ་སྙོམས་སྒྲིག་བཟོ་ཅི་ཐུབ་བྱས་ནས་འཁྲབ་སྟོན་བདེ་བླག་ངང་སྟོན་ཐུབ་བྱུང་ནའང་། ནམ་རྒྱུན་གནོན་པར་དཀའ་ཞིང་ཚོད་འཛིན་བྱེད་མི་ཐུབ་པའི་རང་སེམས་ཀྱི་སྣོད་དུ།  དུས་ཡུན་རིང་བོར་སྐུང་འཛུལ་བྱས་ཡོད་པའི་ངང་པ་ནག་པོའི་སྲ་མཁྲེགས་ཀྱི་གཤོག་ཟུང་གིས་ཁོ་མོའི་ཤ་སྐྱི་ཚལ་བུར་བརྟོལ་ནས་ཕྱིར་མངོན།  

ཡ་ང་བའི་སྣང་ཚུལ་འདི་འདྲ་ཅིའི་ཕྱིར་ནཱེ་ནཱ་ཡི་སྟེང་ལྷུང་བ་རེད་ཟེར་ན། དེའི་རྩ་བའི་རྒྱུ་རྐྱེན་ནི་ཁོ་མོ་བརྒྱུད་ནས་འོང་བའི་ནར་སོན་གྱི་མྱོང་བ་ལ་འབྲེལ་འདྲེས་ཟབ་མོ་ཡོད་པ་རེད། ནང་སེམས་རྣམ་དབྱེའི་གཞུང་ལུགས་ཁྲོད།  འདོད་སྲེད་ཀྱི་བར་བགེགས་ནི་མི་སེམས་ལ་རྐྱེན་མང་བཟོ་བའི་གནད་དོན་གཙོ་ཆེ་ཤོས་དེ་ཡིན།  ང་ཚོས་གློག་བརྙན་འདི་ལས་གནས་ལུགས་དེབདེན་པ་ར་སྤྲོད་བྱས་སོང་། འདོད་སྲེད་ཀྱི་འཆིང་ཐག་ལས་ཡུན་གྱིས་གྲོལ་བ་ན། སེམས་ཁོང་གི་ངང་པ་ནག་པོའང་རིམ་གྱིས་ཕྱིར་མངོན་པ་རེད།  ཆག་གྲུམ་ཤོར་བའི་མེ་ལོང་གི་ཤེལ་གྲི་རྣོན་པོ་ངང་པ་ནག་པོའི་ལྟོ་བར་བསྣུན་པ་ན།  ཡུན་རིང་གབ་པའི་ཕྲག་དོག་དང་ཞེ་སྡང་གི་རྔམ་ཁ་སྟུག་པོ་དེའང་ད་གཟོད་རིམ་གྱིས་སངས་བར་བྱས། 

འདི་ལྟར་ངང་པ་ཞིག་རིམ་གྱིས་འཚར་ལོངས་བྱུང་བ་དང་། རིམ་གྱིས་རྨེག་མེད་དུ་གྱུར་བའི་བཞུད་ལམ་ཞིག་ངོ་སྤྲོད་བྱས་པ་བརྒྱུད་ང་ཚོར་འཐུས་ཚང་བའི་མི་གཤིས་ཤིག་ངོ་སྤྲད་ཡོད་ལ། ང་ཚོར་མི་ཚེ་ཧྲིལ་བོ་ཞིག་མཛེས་སྡུག་གིས་བསྐྱལ་རྒྱུ་ནི་དངོས་གནས་དཀའ་དཀའ་ཞིག་ཡིན་པ་གློག་བརྙན་འདིས་ཚུར་སྣང་བྱས་ཡོད།