རྩིས་རིག་ཤེར་རྟོགས་རིག་པ།སྔ་མའི་པར་གཞི་དེ ལྷ་བྷེ། ནས 2016-01-18 15:28ལ་འགྲུབ།
དུས་རབས་བཅུ་དགུ་བའི་དུས་དཀྱིལ་གྱི་སྔ་གཞུག་ཏུ་མི་ཚང་མའི་སེམས་སུ་རྩིས་ཀྱི་རིག་པ་ནི་སོམ་ཉིའི་དྲ་བ་གཅོད་པའི་བདེན་དོན་གྱི་རང་བཞིན་ཅན་ཞིག་ཡིན་པར་སེམས་ཀྱི་ཡོད། དེར་བརྟེན་ཤེར་རྟོགས་རིག་པ་བ་ཚོས་ཀྱང་གནས་ཚུལ་དེར་འབྲེལ་བཤད་རྒྱག་དགོས་པར་འདོད་པ་མ་ཟད་དེ་ལས་གཞུང་ལུགས་བརྩམས་གནང་པ་རེད། རྩིས་རིག་ཤེར་རྟོགས་རིག་པ་སྤྱིར་བཏང་གི་ཤེར་རྟོགས་རིག་པའི་ཕྱོགས་གཅིག་དང་ཡང་ན་གཙོ་བོའི་གྲུབ་ཆ་ཞིག་ཏུ་བྱས་ཏེ་འཕེལ་རྒྱས་བྱུང་བ་ནི་ཕེ་རྡུ་རྒོ་རུབ་སི་དང་པོ་ལ་ཐུ། ཨབ་རུ་སུ་ཐོ་ཐོ། ལད་པུ་ནེ་ཚི། ཧུ་མོ་དང་ཁང་ཐ་སོགས་ལ་འབྲེལ་བ་དམ་པོ་ཡོད་ཅིང་ཤེར་རྟོགས་རིག་པ་བ་དེ་དག་གིས་རྩིས་རིག་ཤེར་རྟོགས་རིག་པའི་ཕྱོགས་ལ་ལག་རྗེས་ཀྱང་བླ་མེད་ཞག་ཡོད་དོ། །