ཚན་རིག་ཤེར་རྟོགས་རིག་པ།སྔ་མའི་པར་གཞི་དེ ལྷ་བྷེ།  ནས 2016-01-18 15:23ལ་འགྲུབ།

ཚན་རིག་ཤེར་རྟོགས་རིག་པ།

ཚན་རིག་གི་ཤེར་རྟོགས་རིག་པ་ནི་གང་ནུས་སྒོས་ལོ་རྒྱུས་སྨྲ་བའི་ལུགས་དང་བྲལ་ཏེ་གཏན་ཚིགས་རྣམ་འབྱེད་ཀྱི་ཚད་ལ་སླེབས་པ་དང་། དེང་རབས་ཚན་རིག་གི་མཇུག་འབྲས་བཞིན་ཡང་དག་དང་། བློ་ཡིད་འཁེལ་རུང་པའི་སྡོམ་ཚིག་ཅིག་ཡིན་པར་ཡིད་ཆེས་བརྟན་པོ་བྱེད་པའི་རིག་པ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང།
科学哲学
ཕྱི་ཡིག་གི་མིང་།
Philosophy of science
1 དར་ཚུལ་བསྡུས་པ།

ཚན་རིག་ཤེར་རྟོགས་རིག་པའི་འབྱུང་རྩ་ནི་ཁོམ་ཐའི་རྣམ་བདེན་ཤེར་རྟོགས་རིག་པ་ལ་ཐུག་ཡོད་ཅིང་། གཟུགས་འདས་རིག་པའི་ཤེར་རྟོགས་རིག་པ་དང་འགལ་བ་བྱུང་བར་བརྟེན་ནས་འཕེལ་རྒྱས་བྱུང་བ་ཞིག་རེད།

2 གོ་དོན་མི་འདྲ་བ།

རྣམ་བདེན་སྨྲ་བ་འཕེལ་རྒྱས་བྱུང་བ་དང་ལྷན་དུ་དེར་གོ་དོན་འདྲ་མིན་སྣ་ཚོགས་ཤིག་བྱུང་ཡོད་ལ། ཁཱར་ན་ཕུའི་འདོད་ཚུལ་ལྟར་ན། གཟུགས་འདས་རིག་པ་དང་ཕན་ཚུན་འགལ་བའི་ཚན་རིག་གི་ཤེར་རྟོགས་རིག་པ་ནི་གཏན་ཚིགས་ཀྱི་རྨང་གཞིར་རྟོགས་འཇུག་དང་གཏན་ཚིགས་ཀྱི་རྣམ་འབྱེད་ལ་ཟེར། དེ་ལས་གཞན་སྒྲ་དོག་འཇུག་གི་སྒོ་ནས་གླེང་ན། ཚན་རིག་ཤེར་རྟོགས་རིག་པ་ནི་རང་བྱུང་ཚན་རིག་ཁྲོད་ཀྱི་ཤེར་རྟོགས་རིག་པའི་གནད་དོན་ལ་ངོས་འཛིན་པའི་ཚན་རིག་གི་ཤེར་རྟོགས་རིག་པར་ཞིབ་འཇུག་གནང་བྱེད་ཅིག་ཏུ་བརྗོད་ཆོག་པར་འཁུམས། ཧྥེ་ཕུའུ་རྨིན་ལྟར་ན། ཚན་རིག་ཤེར་རྟོགས་རིག་པའི་ཁྱབ་ཁོངས་སུ་ཚན་རིག་གི་ཤེར་རྟོགས་རིག་པའི་སྔོན་འགྲོའི་ཆ་རྐྱེན་གྱི་མནོ་སེམས་དང་། ཚན་རིག་བྱེད་ཐབས་ཀྱི་རྣམ་བཤད། ཚན་རིག་པའི་ངོས་འཛིན་གྱི་རྣམ་བཤད། ཚན་རིག་སྡོམ་ཚིག་གི་མི་ཆོས་རིག་པ་སོགས་འདུས་ཡོད། ཁོང་གིས་ཚན་རིག་ནི་སྐོར་གསུམ་དུ་བགོས་ཡོད་དེ། ཁྱབ་ཁོངས་དང་བྱེད་ཐབས། ཆོས་ཉིད་བཅས་རེད། དེར་མ་ཟད་ཚན་རིག་ཉིད་བྱེད་ཐབས་ཤིག་དང་ཚན་རིག་གིས་རང་གི་ཁྱབ་ཁོངས་ལ་རྟོགས་འཇུག་བྱ་དགོས་པ་ལས་གཞན་ཆོས་ཉིད་དེ་རྟོགས་དགོས། གཏན་ཚིགས་ཀྱི་སྟེང་ནས། ཤེས་བྱའི་མགོ་རྩོམ་ཚུལ་ལ་གཅིག་བསྡུས་དང་རྒྱས་བཀྲོལ་གཉིས་ཡོད་པར་འདོད། རད་ཆི་པཱ་ཁའི་འདོད་ཚུལ་ནི། ཚན་རིག་ཤེར་རྟོགས་རིག་པ་ནི་ཚན་རིག་གི་རྣམ་འབྱེད་ལས་བྱུང་པའི་ཤེར་རྟོགས་རིག་པའི་མཇུག་འབྲས་ཀྱི་སྤྱི་སྡོམ་ཞིག་ཡིན། རད་ཆི་པཱ་ཁེའི་འཇིག་རྟེན་གསལ་བཤད་ཀྱི་འགན་ནི་ཁྱོན་ཡོངས་ནས་ཚན་རིག་གི་ལས་སྐལ་དུ་བསྐྱུར་བ་དང་། ཚན་རིག་མཇུག་འབྲས་ཀྱི་རྣམ་འབྱེད་སྤྱད་དེ་བློ་རིག་གསལ་བར་བྱ་དགོས་པར་འདོད་ལ། ཁོས་ལྟོས་མེད་ཀྱི་གནས་ལུགས་རྟོགས་པར་མི་འདོད། དངོས་པོའི་འཇིག་རྟེན་གྱི་ཤེས་བྱ་གང་རུང་ལ་ལྟོས་མེད་ཀྱི་ཐག་གཅོད་ཡོད་པར་ཡང་ཁས་མི་ལེན། ཕྱོགས་ཡོངས་ནས་ཀུན་སྤྱོད་སྒྲིག་ལམ་གྱི་འཆར་གཞི་གླེང་འདོད་ཀྱང་ཞིབ་འཇུག་གི་གོ་རིམ་ཁྲོད་ནས་རིམ་བཞིན་འདོར་ལེན་བྱས་ཡོད་པ་རེད།  ཚན་རིག་གི་ཤེར་རྟོགས་རིག་པ་ནི་གང་ནུས་སྒོས་ལོ་རྒྱུས་སྨྲ་བའི་ལུགས་དང་བྲལ་ཏེ་གཏན་ཚིགས་རྣམ་འབྱེད་ཀྱི་ཚད་ལ་སླེབས་པ་དང་། དེང་རབས་ཚན་རིག་གི་མཇུག་འབྲས་བཞིན་ཡང་དག་དང་། བློ་ཡིད་འཁེལ་རུང་པའི་སྡོམ་ཚིག་ཅིག་ཡིན་པར་ཡིད་ཆེས་བརྟན་པོ་བྱེད། ཡང་ལྟ་ཚུལ་གཞན་ཞིག་ནི། ཚན་རིག་ཤེར་རྟོགས་རིག་པས་གཙོ་བོར་ཚན་རིག་གི་བྱེད་ཐབས་ལ་ཞིབ་འཇུག་བྱེད་པ་དང་། དེ་ལས་གཞན་ད་དུང་ཚན་རིག་གི་དམིགས་ཡུལ་དང་། ཚན་རིག་མ་ལག་གི་ངོ་བོ། ཚན་རིག་རང་ཉིད་འཕེལ་རྒྱས་ཀྱི་ཆོས་ཉིད་སོགས་ཡོད།

3 ཞིབ་འཇུག་བྱ་ཡུལ།

ཚན་རིག་ཤེར་རྟོགས་རིག་པས་རང་བྱུང་ཁམས་ལ་ཞིབ་འཇུག་བྱ་རྒྱུ་དེ་ཉིད་སྔོན་འགྲོའི་ཆ་རྐྱེན་དུ་བྱས་ཏེ་མགོ་རྩོམ་པ་དང་རྗེས་དཔག་གི་བྱེད་ཐབས་སྤྱད་དེ་རང་བྱུང་སྐོར་གྱི་སྡོམ་ཚིག་དེར་སླེབས་པར་བྱེད། གཟབ་ནན་གྱི་སྒོ་ནས་བཤད་ན། ཚན་རིག་ཤེར་རྟོགས་རིག་པ་དང་། ཚན་རིག་གི་ཤེར་རྟོགས་རིག་པ་གཉིས་ལ་ཁྱད་པར་ཡོད་དེ། སྔ་མ་ནི་ཤེར་རྟོགས་རིག་པའི་ཞིབ་འཇུག་གི་ཁྱབ་ཁོངས་ལ་ལྟོས་ཏེ་བཤད་པ་དང་། ཕྱི་མ་ནི་ཤེར་རྟོགས་རིག་པར་ངོ་བོའི་སྟེངས་ནས་གླེང་སློང་བྱེད། ཡིན་ཡང་ནུབ་ཕྱོགས་ཀྱི་ཚན་རིག་ཤེར་རྟོགས་རིག་པ་བ་མང་པོར་བསྟུན་ཏེ་བཤད་ན་མིང་དེ་གཉིས་གཅིག་གྱུར་ཡིན་ཞིང་། ཁོ་་ཚོས་ཚན་རིག་གི་གནད་དོན་ལ་ཞིབ་འཇུག་བྱེད་པའི་ཤེར་རྟོགས་རིག་པ་དེ་ད་གཟོད་ཚན་རིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད་དོ། །