ཧེ་ཀེར་རིང་ལུགས་གསར་མ།སྔ་མའི་པར་གཞི་དེ ལྷ་བྷེ།  ནས 2016-01-12 17:54ལ་འགྲུབ།

ཧེ་ཀེར་རིང་ལུགས་གསར་མ།

ཧེ་ཀེར་རིང་ལུགས་གསར་མ་ནི་ཕྱི་དོན་བྱ་དངོས་ཀྱི་འཇིག་རྟེན་ཉིད་མི་སྲིད་པ་འུད་སྒྲོག་དང་གཞི་གྲུབ་ཁོ་ན་ནི་སྒུལ་ཤུགས་ཀྱི་ནུས་པ་ལྡན་པའི་མངོན་སུམ་གྱི་ཤེས་པ་ཡིན་པར་བཤད་པའི་ནུབ་ཕྱོགས་ཀྱི་ཤེར་རྟོགས་རིག་པ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
新黑格尔主义
ཕྱི་ཡིག་གི་མིང་།
neo-Hegelianism
1 བྱུང་བ་མདོར་བསྡུས།

ཧེ་ཀེར་རིང་ལུགས་གསར་མ་ནི་དུས་རབས19བའི་དུས་མཇུག་དང་དུས་རབས20བའི་ལོ་རབས་སུམ་ཅུ་བའི་དབྱིན་ཇི་དང་ཨ་མེ་རི་ཁ། འཇར་མན། ཨེ་ཊ་ལི་སོགས་སུ་དར་ཁྱབ་ཤིན་ཏུ་ཆེ་བའི་ཤེར་རྟོགས་རིག་པའི་ལྟ་ཚུལ་ཞིག་རེད་ལ། ཁོ་ཚོས་གཟུགས་འདས་རིག་པའི་ལྟ་ཚུལ་སྤྱད་དེ་ཧེ་ཀེར་གྱི་རྩོད་སྒྲུབ་རིག་པར་བཟོ་བཅོས་དང་རང་རིག་སེམས་གཙོ་སྨྲ་བས་ཧེ་ཀེར་ཕྱི་དོན་སེམས་གཙོ་རིང་ལུགས་ཀྱི་ཚབ་ཏུ་འཛིན་པར་བྱེད་པ་ཡིན།

2 ལྟ་ཚུལ་གཙོ་བོ།

རིང་ལུགས་འདིས་ཕྱི་དོན་བྱ་དངོས་ཀྱི་འཇིག་རྟེན་ཉིད་མི་སྲིད་པ་འུད་སྒྲོག་དང་གཞི་གྲུབ་ཁོ་ན་ནི་སྒུལ་ཤུགས་ཀྱི་ནུས་པ་ལྡན་པའི་མངོན་སུམ་གྱི་ཤེས་པ་ཡིན་པར་བཤད་པ་དང་། མདོར་ན་ནུབ་ཕྱོགས་ཀྱི་རྒྱལ་ཁབ་སོ་སོའི་འཐུས་མིའི་ཁྲོད་དུའང་ལྟ་ཚུལ་མི་འདྲ་བ་སྣ་ཚོགས་ཡོད་ཅིང་། ཐུན་མོང་གི་ཁྱད་ཆོས་ནི་འཐུས་མི་ཐམས་ཅད་ལ་འཛེམ་བག་མེད་པའི་སེམས་གཙོ་རིང་ལུགས་ཡིན་པ་དེ་རེད་དོ། །