དྲོད་རྒྱུད་རྒྱ་མཚོའི་རང་བཞིན་གྱི་ནམ་ཟླ་ནི་ལོ་ཧྲིལ་བོར་དྲོད་གྲང་སྙོམས་པ་དང་རླན་གཤེར་ལྡན་པའི་ནམ་ཟླ་ཡིན་ལ། འཕྲེད་ཐིག་གི་ཏུའུ་བཞི་བཅུ་ནས་དྲུག་ཅུ་རེ་ལྔའི་བར་གྱི་སྐམ་ས་ཆེན་པོའི་ནུབ་འགྲམ་དུ་ཁྱབ་ཡོད་ཅིང་། ནམ་ཟླ་འདིའི་རིགས་ལོ་ཧྲིལ་བོའི་ནང་ནུབ་རླུང་གི་ཤུགས་རྐྱེན་འོག ལོ་རེའི་ཆར་ཆུ་འབབ་ཚད་ཧའོ་སྨི་ལྔ་བརྒྱ་ནས་བདུན་བརྒྱའི་བར་ཡིན། ཡང་ཧ་ཅང་འཁྱག་པའི་ཟླ་དེའི་ཆ་སྙོམས་ཀྱི་དྲོད་ཚད་ནི་ཧྲེ་ཧྲིའི་དྲོད་ཚད་ཀླད་ཀོར(0℃)གྱི་ཡན་ཡིན་ལ། ཧ་ཅང་དྲོ་བའི་ཟླ་དེར་ཧྲེ་ཧྲིའི་དྲོད་ཚད་ཉི་ཤུ་ཉེར་གཉིས(22℃)ལས་ཀྱང་དམའ་བ་ཡིན་ཞིང་། ནམ་ཟླ་འདིའི་རིགས་ལ་གཏོགས་པ་ནི་ཡོ་རོབ་གླིང་གི་ནུབ་བྱང་དང་ཁ་ན་ཏ་རྒྱ་མཚོ་ཆེན་པོའི་འགྲམ་ངོགས། ཀྲི་ལིའི་ལྷོ་རྒྱུད། ཨ་ཧྥེ་རི་ཁ་ལྷོ་མ། ཨོ་སི་ཁྲུ་ལི་ཡའི་ལྷོ་ཤར་གྱི་རྒྱུད་བཅས་ཡིན།
1.དགུན་དུས་དྲོ་བ་དང་དབྱར་དུས་བསིལ་བ། ལོ་ཧྲིལ་བོའི་དྲོད་ཚད་ཀྱི་བར་ཁྱད་ཆུང་བ།
2.ལོ་ཧྲིལ་བོར་ཆར་ཆུ་མོད་པ་དང་དགུན་དུས་ཆར་འབབ་ཚད་ཅུང་ཉུང་།
3.ལོ་ཧྲིལ་བོའི་ནང་གི་དྲོད་གྲང་དང་ཉིན་ཧྲིལ་བོའི་ནང་གི་དྲོད་གྲང་ལ་འགྱུར་བ་ཆེན་པོ་མེད་པ།
4.ཆར་ཆུ་འབབ་ཚད་ཀྱི་དུས་ཚིགས་ཅུང་སྙོམས་པ།
5.ཚ་ཁུལ་གྱི་རྒྱ་མཚོར་རླུང་དམར་དྲག་པོ་ཡིན།
6.སྤྲིན་སྨུག་མང་བ་དང་རླན་གཤེར་ཆེ་བའི་ནམ་ཟླ།
དྲོད་རྒྱུད་རྒྱ་མཚོའི་རང་བཞིན་གྱི་ནམ་ཟླའི་འཕྲེད་ཐིག་ཅུང་མཐོ་བ་དང་། གནམ་རུབ་པའི་དུས་ཀྱི་ནམ་ཟླ་མང་ལ། ཚ་བའི་ཆེ་ཆུང་དང་ཉི་མའི་འོད་ཀྱི་ཆ་རྐྱེན་ནི་འདེབས་འཛུགས་རིགས་ཀྱི་ལས་ལ་མི་ཕན་ཞིང་། མང་ཆེ་བ་ནི་གཙོ་བོ་ཕྱུགས་ལས་དང་མེ་ཏོག་འདེབས་འཛུགས་ཀྱི་ལས་སོགས་ཚ་བ་ཆེ་ཆུང་གི་ཆ་རྐྱེན་ཚང་མི་དགོས་པའི་ཞིང་ལས་རིགས་ཀྱི་ལས་ཀ་ཡིན།
ཞིང་ལས་ཀྱི་ཕྱོགས་ནས་གཙོ་བོ་གྲོ་དང་ཕྱུགས་ལས་ཡིན་ལ། རྒྱུ་མཚན་ནི་ནམ་ཟླ་འདིའི་རིགས་ནི་བཟའ་འབྲུ་དང་བཟའ་སྣུམ་རིགས་ཀྱི་འབྲུ་རིགས་སྐྱེ་བར་ཕན་པ་མེད་མོད། འོན་ཀྱང་རྩྭ་བཅུད་ཅན་སྐྱེ་བར་ཤིན་ཏུ་ཕན།
འཚོ་བའི་ཐད་ནས་དྲོ་གྲང་སྙོམས་པ་དང་སྤྲིན་ཚོགས་འདུ་བ། རླན་གཤེར་ཆེ་བའི་རྒྱ་མཚོ་རང་བཞིན་གྱི་ནམ་ཟླ་ཡིས་མི་རྣམས་ལ་བདེ་སྣང་གི་ཚོར་བ་སྟེར་ཐུབ་མོད། འོན་ཀྱང་གནམ་རུབ་པ་དང་ཆར་ཆུ་མོད་པའི་ནམ་ཟླ་ནི་མིའི་སེམས་ཁམས་བདེ་ཐང་གི་ཕྱོགས་ལ་མི་ཕན།
1.དྲོད་རྒྱུད་སྐམ་སའི་བཞའ་ཚན་ནམ་ཟླ།
2.དྲོད་རྒྱུད་སྐམ་སའི་ཐན་པ་དང་ཐན་པ་མ་ཡིན་པའི་ནམ་ཟླ།
3.དྲོད་རྒྱུད་དུས་རླུང་གི་ནམ་ཟླ།