རྣམ་བདེན་སྨྲ་བ་གསར་མ།སྔ་མའི་པར་གཞི་དེ ལྷ་བྷེ།  ནས 2016-01-12 16:33ལ་འགྲུབ།

རྣམ་བདེན་སྨྲ་བ་གསར་མ།

རྣམ་བདེན་སྨྲ་བ་གསར་མ་ནི་ཁོམ་ཐ་དང་མ་ཁེ་གཉིས་ཀྱི་རྣམ་བདེན་སྨྲ་བར་བལྟས་ཏེ་དར་བ་དང་། དེའི་ཐོག་མའི་ཁྱད་ཆོས་དང་རྩ་བའི་རྣམ་པ་ནི་གཏན་ཚིགས་རྣམ་བདེན་སྨྲ་བ་ཡིན་ཞིང་། ཚན་རིག་ཉམས་མྱོང་སྨྲ་བ་དང་། བརྡ་བྱེད་ཤེར་རྟོགས་རིག་པ་སོགས་བྱེད་ཐབས་སྨྲ་བའི་ཤེར་རྟོགས་རིག་པའི་གྲུབ་མཐའ་མང་པོ་ཞིག་ཐ་སྙད་འདིའི་ནང་དུ་བསྡུས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
新实证主义
1 གོ་དོན།

རྣམ་བདེན་སྨྲ་བ་གསར་མ་ནི་ཁོམ་ཐ་དང་མ་ཁེ་གཉིས་ཀྱི་རྣམ་བདེན་སྨྲ་བར་བལྟས་ཏེ་དར་བ་དང་། དེའི་ཐོག་མའི་ཁྱད་ཆོས་དང་རྩ་བའི་རྣམ་པ་ནི་གཏན་ཚིགས་རྣམ་བདེན་སྨྲ་བ་ཡིན་ཞིང་། ཚན་རིག་ཉམས་མྱོང་སྨྲ་བ་དང་། བརྡ་བྱེད་ཤེར་རྟོགས་རིག་པ་སོགས་བྱེད་ཐབས་སྨྲ་བའི་ཤེར་རྟོགས་རིག་པའི་གྲུབ་མཐའ་མང་པོ་ཞིག་ཐ་སྙད་འདིའི་ནང་དུ་བསྡུས་འདུག  དེར་བརྟེན་ནུབ་ཕྱོགས་སུ་རྣམ་བདེན་ཤེར་རྟོགས་རིག་པ་ཞེས་ཀྱང་འབོད་པ་ཡིན་ནོ། །

2 ལྟ་བ་གཙོ་བོ།

རྣམ་བདེན་སྨྲ་བ་གསར་མས་ཀྱང་རྣམ་བདེན་སྨྲ་བ་རྙིང་མ་བཞིན་ཤེར་རྟོགས་རིག་པ་ཉིད་ཀྱི་ལྟ་ཚུལ་ལ་སེམས་ཁུར་དང་ཤེར་རྟོགས་རིག་པ་དང་ཚན་རིག་དབར་གྱི་འབྲེལ་བར་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་མོད། གཟུགས་འདས་རིག་པའི་གནད་དོན་ནི་སྣང་མེད་དུ་བསྐྱུར་འདུག་ཅིང་། རྣམ་བདེན་སྨྲ་བ་གསར་མ་མང་ཆེ་བས་ཚན་རིག་ཤེར་རྟོགས་རིག་པའི་སྒོ་བྱང་བཀལ་ཏེ་ཐབས་ཤེས་དང་བྱེད་སྟངས། དངོས་ཡོད་བརྗོད་ཚུལ་ཐོག་རང་གི་ཤེས་བྱ་གསར་བ་དང་ལེན་བྱས་ཡོད། ཁོ་ཚོས་རྟག་ཏུ་དེང་རབས་ཚན་རིག་ཁྲོད་ཀྱི་ཚན་རིག་བྱེད་ཐབས་སྨྲ་བའི་གནད་དོན་དང་། དེང་རབས་ཀྱི་གཏན་ཚིགས་རིག་པ་དང་བརྡ་བྱེད་རིག་པ་སྤྱད་དེ། དེང་རབས་ཚན་རིག་གི་འཕེལ་རྒྱས་ཁྲོད་བྱུང་བའི་གནད་དོན་མང་པོར་ཞིབ་འཇུག་བྱ་རྒྱུ་དེ་རེད།