རྟོགས་བཅས་སྨྲ་བ།སྔ་མའི་པར་གཞི་དེ ལྷ་བྷེ།  ནས 2016-01-12 17:13ལ་འགྲུབ།

རྟོགས་བཅས་སྨྲ་བ།

རྟོགས་བཅས་སྨྲ་བ་ནི་གནའ་རབས་ཀེ་རི་སེའི་པོ་ལ་ཐུས་བཞེད་པའི་ཕྱི་དོན་སེམས་གཙོ་སྨྲ་བའི་གཞུང་ལུགས་ཤིག་དང་། དངོས་པོ་ནི་རྟོགས་བཅས་ཀྱི་གཟུགས་བརྙན་ཡིན་པར་འདོད་ཀྱི་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
理念论
ཕྱི་ཡིག་གི་མིང་།
Idealism
མིང་གཞན།
唯心主义
1 བསྡུས་དོན།

རྟོགས་བཅས་སྨྲ་བ་ནི་གནའ་རབས་ཀེ་རི་སེའི་པོ་ལ་ཐུས་བཞེད་པའི་ཕྱི་དོན་སེམས་གཙོ་སྨྲ་བའི་གཞུང་ལུགས་ཤིག་དང་། དངོས་པོ་ནི་རྟོགས་བཅས་ཀྱི་གཟུགས་བརྙན་ཡིན་པར་འདོད་པ་དང་། རྟོགས་བཅས་ཟེར་བ་ནི་དངོས་དོན་དུ་མི་ཉིད་ལ་བྱ་དངོས་ཀྱི་སྤྱི་མཚན་ལས་ཐོབ་པའི་ཁྱབ་གདལ་གྱི་གོ་དོན་དེ་ལྟོས་མེད་ཅན་དུ་བསྒྱུར་ཞིང་། དེ་ཉིད་བྱ་དངོས་ཀྱི་བག་ཆགས་སུ་ངོས་འཛིན་པ་ལ་བརྗོད་པ་ཡིན། འདི་འདྲའི་རྟག་བརྟན་རྟོགས་བཅས་ཀྱི་སྤྱི་རྣམ་དེས་རྟོགས་བཅས་ཀྱི་འཇིག་རྟེན་གྲུབ་པ་དང་། རྟོགས་བཅས་ཀྱི་འཇིག་རྟེན་ནི་ཐོབ་ཐང་ལམ་ལུགས་ཀྱི་རྩ་དོན་ལྟར་རྩ་འཛུགས་བྱས་པ་དང་། ཆེས་མཐོ་བའི་རྟོགས་བཅས་ནི་དགེ་བའི་རྟོགས་བཅས་ཡིན་པར་འདོད་པ་དེ་ཡིན་ནོ། །