པོ་ལ་ཐུའི་རིང་ལུགས་གསར་མ།སྔ་མའི་པར་གཞི་དེ ལྷ་བྷེ།  ནས 2016-01-12 16:17ལ་འགྲུབ།

པོ་ལ་ཐུའི་རིང་ལུགས་གསར་མ།

པོ་ལ་ཐུའི་རིང་ལུགས་གསར་མ།
པོ་ལ་ཐུའི་རིང་ལུགས་གསར་མ་གནའ་རབས་སེམས་གཙོ་རིང་ལུགས་ཀྱི་ཤེར་རྟོགས་རིག་པ་མཉམ་གཅིག་ཏུ་བསྡུས་ཏེ་རྟོགས་དཀའ་བ་དང་ཟབ་མོའི་གཞུང་ལུགས་སུ་བསྒྱུར་བ་ཞིག་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
新柏拉图主义
ཕྱི་ཡིག་གི་མིང་།
Neo-Platonism
1 བྱུང་བ་མདོར་བསྡུས།

པོ་ལ་ཐུ་གསར་མ་ནི་སྤྱི་ལོའི་དུས་རབས་གསུམ་པ་དང་དྲུག་པའི་བར་གནའ་རབས་རོ་མ་རུ་དར་ཁྱབ་ཆེ་བའི་རྟོགས་དཀའི་རིང་ལུགས་ཀྱི་ཤེར་རྟོགས་རིག་པའི་གཞུང་ལུགས་ཀྱི་ལྟ་ཚུལ་ཡིན་པ་དང་། པོ་ལ་ཐུ་དང་ཕེ་རྡུ་རྒོ་རུབ་སེའི་གྲུབ་མཐའ། སི་ཏོ་ཀེའི་གྲུབ་མཐའ་སོགས་ཀྱིས་ཤེར་རྟོགས་རིག་པའི་ལྟ་ཚུལ་དང་གནའ་རབས་སེམས་གཙོ་རིང་ལུགས་ཀྱི་ཤེར་རྟོགས་རིག་པ་མཉམ་གཅིག་ཏུ་བསྡུས་ཏེ་རྟོགས་དཀའ་བ་དང་ཟབ་མོའི་གཞུང་ལུགས་སུ་བསྒྱུར་བ་ཞིག་རེད།

2 འཐུས་ཚབ་མི་སྣ།

དེའི་གསར་གཏོད་པ་ནི་ཨ་མོའུ་ནེ་སི་སཱ་ཀ་སི་དང་ཁོང་གི་སློབ་མ་རའོ་ཐེ་ནོ་གཉིས་ཡིན་པ་དང་། དེའི་རྗེས་སུ་པོ་ཧྥེ་ལའེ་དང་ལམ་བུ་ལའེ་ཁེ་སི་སོགས་ཡོད་ལ། དངོས་ཡོད་སྤྱི་ཚོགས་ལ་སྐྱུག་བྲོ་བའི་ལྟ་ཚུལ་གྱི་བསམ་ཚུལ་དར་སྤེལ་བཏང་བ་དེས་ཅི་ཏའོ་ཆོས་ལུགས་ལའང་ཤུགས་རྐྱེན་ཚབ་ཆེན་ཐེབས་གཡོད་པ་རེད་དོ།།