གཞན་ཕན་བསམ་སྦྱོར་ལ་གཤམ་གྱི་ཁྱད་ཆོས་འགའ་ཡོད་དེ།
(1) མི་གཞན་ལ་རོགས་འདེགས་བྱེད་པ་དམིགས་ཡུལ་དུ་འཛིན་པ།
(2) བསམ་པ་དང་དངོས་པོའི་གཟི་བརྗིད་དཔང་སྩོལ་ཁོ་ན་དོན་དུ་མི་གཉེར་བ།
(3) རང་མོས་ཡིན་པ།
(4) གཞན་གཅེས་པ་རང་ཉིད་ལ་མཚོན་ན་གྱོང་གུན་སྲིད་པ། དེ་དག་ལས་ནང་དོན་གཉིས་པ་ནི་གཞན་ཕན་བསམ་སྦྱོར་གྱི་ཁྱད་ཆོས་གཙོ་བོ་དེ་ཡིན། གལ་ཏེ་མི་ཞིག་གིས་རང་ལ་ཐོབ་འདོད་ཀྱི་དྲན་ཚུལ་ཅི་ཡང་མེད་པ་མ་ཟད། རང་སྲོག་ལ་མ་འཛེམ་པར་ཉེན་ཁ་གང་ཞིག་བརྒྱུད་པ་ཡིན་ན་དེ་ནི་གཞན་ཕན་བསམ་སྦྱོར་ཁོངས་སུ་གཏོགས་པ་ཡིན།
ཁོམ་ཐའི་འདོད་ཚུལ་ལྟར་ན་མིའི་རིགས་ལ་ལྷན་སྐྱེས་ཀྱི་ངར་ཤུགས་ཡོད་པ་མ་ཟད་གཞན་གཅེས་ཀྱི་ངར་ཤུགས་ཀྱང་ཡོད་པར་བཤད་པ་ཡིན་ནོ། །ཀུན་སྤྱོད་ཟེར་བ་ནི་རང་གཅེས་ཀྱི་བྱ་སྤྱོད་ཉིད་གཞན་གཅེས་ཀྱི་བྱ་སྤྱོད་དུ་གཏོགས་པར་འདོད་པ་དང་། དེ་བས་མི་རྣམས་ལ་རང་གཅེས་ཀྱི་སེམས་པ་མེད་ཚེ་མིའི་རིགས་འཇིག་འགྲོ་ངེས་ཡིན་པ་དང་། གཞན་གཅེས་ཀྱི་རྨང་གཞི་ནི་ངེས་པར་དུ་རང་གཅེས་ཡིན་དགོས་པར་བཤད་ཀྱི་ཡོད་པ་ཡིན་ནོ། །