དྲོད་རྒྱུད་རྩྭ་ཐང་གི་ནམ་ཟླ།སྔ་མའི་པར་གཞི་དེ ཨ་སངས།  ནས 2016-01-11 09:24ལ་འགྲུབ།

དྲོད་རྒྱུད་རྩྭ་ཐང་གི་ནམ་ཟླ།

དྲོད་རྒྱུད་རྩྭ་ཐང་གི་ནམ་ཟླ།
དྲོད་ཁུལ་རྩྭ་ཐང་གི་ནམ་ཟླ་ནི་དྲོད་ཁུལ་ནགས་ཚལ་ནམ་ཟླ་དང་དྲོད་ཁུལ་བྱེ་ཐང་ནམ་ཟླའི་མཚམས་སུ་ཡོད་པའི་བར་བརྒལ་གྱི་ནམ་ཟླ་རིགས་ཤིག་ཡིན་ལ། ནམ་ཟླ་དེའི་རིགས་ལ་མངོན་གསལ་ཅན་གྱི་སྐམ་ས་ཆེན་པོའི་རང་བཞིན་ལྡན་ཞིང་། དགུན་གྲང་ངར་ཆེ་བ་དང་དབྱར་དུས་ཚ་བ་ཆེ་བར་མ་ཟད། ལོ་ཧྲིལ་བོའི་ནང་གི་དྲོད་གྲང་གི་བར་ཁྱད་ཅུང་ཆེན་པོ་ཡིན། ཡང་ཆེས་ཚ་བའི་དུས་ཀྱི་ཟླ་བའི་ནང་གི་ཆ་སྙོམས་ཀྱི་དྲོད་ཚད་ནི་ཧྲེ་ཧྲིའི་དྲོད་ཚད་ཉི་ཤུའི(20℃)ཡན་ལ་སོན་པ་དང་། ཆེས་འཁྱག་པའི་དུས་ཀྱི་ཟླ་བའི་ནང་གི་ཆ་སྙོམས་ཀྱི་དྲོད་ཚད་ནི་ཧྲེ་ཧྲིའི་དྲོད་ཚད་ཀླད་ཀོར(0℃)གྱི་མན་ཡིན། གཞན་ལོ་ཧྲིལ་བོའི་ནང་གི་ཆ་སྙོམས་ཀྱི་ཆར་ཆུ་འབབ་ཚད་ནི་ཧའོ་སྨི་ཉིས་བརྒྱ་ནས་བཞི་བརྒྱ་དང་ལྔ་བཅུའི་བར་ཡིན་ལ། ཆར་འབབ་ཚད་མང་བའི་དུས་ནི་དབྱར་དུས་ཡིན་ཞིང་། བྱེ་ཐང་ནམ་ཟླ་དང་བསྡུར་ན་དེ་འདྲའི་སྐམ་ཤས་ཆེ་བ་ཞིག་མིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
温带草原气候
ཆེས་ཚ་བའི་དུས་ཀྱི་ཆ་སྙོམས་ཀྱི་དྲོད་ཚད།
ཧྲེ་ཧྲིའི་དྲོད་ཚད་ཉི་ཤུའི(20℃)ཡན་ཡིན།
ལོ་ཧྲིལ་བོའི་ནང་གི་ཆ་སྙོམས་ཀྱི་ཆར་ཆུ་འབབ་ཚད།
ཧའོ་སྨི་ཉིས་བརྒྱ་ནས་བཞི་བརྒྱ་དང་ལྔ་བཅུའི་བར་ཡིན།
ཆེས་འཁྱག་པའི་དུས་ཀྱི་ཟླ་བའི་ནང་གི་ཆ་སྙོམས་ཀྱི་དྲོད་ཚད།
ཧྲེ་ཧྲིའི་དྲོད་ཚད་ཀླད་ཀོར(0℃)གྱི་མན་ཡིན།
1 ངོ་སྤྲོད།

དྲོད་ཁུལ་རྩྭ་ཐང་གི་ནམ་ཟླ་ནི་དྲོད་ཁུལ་ནགས་ཚལ་ནམ་ཟླ་དང་དྲོད་ཁུལ་བྱེ་ཐང་ནམ་ཟླའི་མཚམས་སུ་ཡོད་པའི་བར་བརྒལ་གྱི་ནམ་ཟླ་རིགས་ཤིག་ཡིན་ལ།   ནམ་ཟླ་དེའི་རིགས་ལ་མངོན་གསལ་ཅན་གྱི་སྐམ་ས་ཆེན་པོའི་རང་བཞིན་ལྡན་ཞིང་།   དགུན་གྲང་ངར་ཆེ་བ་དང་དབྱར་དུས་ཚ་བ་ཆེ་བར་མ་ཟད།    ལོ་ཧྲིལ་བོའི་ནང་གི་དྲོད་གྲང་གི་བར་ཁྱད་ཅུང་ཆེན་པོ་ཡིན།    ཡང་ཆེས་ཚ་བའི་དུས་ཀྱི་ཟླ་བའི་ནང་གི་ཆ་སྙོམས་ཀྱི་དྲོད་ཚད་ནི་ཧྲེ་ཧྲིའི་དྲོད་ཚད་ཉི་ཤུའི(20℃)ཡན་ལ་སོན་པ་དང་།    ཆེས་འཁྱག་པའི་དུས་ཀྱི་ཟླ་བའི་ནང་གི་ཆ་སྙོམས་ཀྱི་དྲོད་ཚད་ནི་ཧྲེ་ཧྲིའི་དྲོད་ཚད་ཀླད་ཀོར(0℃)གྱི་མན་ཡིན།    གཞན་ལོ་ཧྲིལ་བོའི་ནང་གི་ཆ་སྙོམས་ཀྱི་ཆར་ཆུ་འབབ་ཚད་ནི་ཧའོ་སྨི་ཉིས་བརྒྱ་ནས་བཞི་བརྒྱ་དང་ལྔ་བཅུའི་བར་ཡིན་ལ།    ཆར་འབབ་ཚད་མང་བའི་དུས་ནི་དབྱར་དུས་ཡིན་ཞིང་།   བྱེ་ཐང་ནམ་ཟླ་དང་བསྡུར་ན་དེ་འདྲའི་སྐམ་ཤས་ཆེ་བ་ཞིག་མིན།

2 གྲུབ་རྐྱེན།

ཡ་གླིང་དང་མེ་གླིང་བྱང་མའི་དྲོད་ཁུལ་རྩྭ་ཐང་གི་ནམ་ཟླའི་རིགས་ནི་རྒྱ་མཚོ་དང་རྒྱང་ཐག་རིང་བ་ཡིན་ལ།   སྐམ་ས་རུ་ཡོད་པ་དང་དེའི་མཐའ་འཁོར་དུ་རི་བོའི་མུ་ཁྱུད་ཀྱིས་བསྐོར་ཡོད་པས།   བཞའ་ཚན་ཅན་གྱི་རྒྱ་མཚོའི་རླངས་རྒྱུན་དེར་ཐོན་པ་དཀའ་ཞིང་།   ལོ་ཧྲིལ་བོར་དྲོད་ཁུལ་སྐམ་ས་ཆེན་པོའི་རླུང་ཚོམ་རྒྱས་པ་ཡིས།    དགུན་དུས་གྲང་ངར་ཆེ་བ་དང་དབྱར་དུས་ཚ་བ་ཧ་ཅང་ཆེ་བ།    སྐམ་ཤས་ཆེ་བ་དང་ཆར་ཆུ་འབབ་ཚད་ཉུང་བའི་དྲོད་ཁུལ་སྐམ་ས་ཆེན་པོ་རང་བཞིན་གྱི་ཐན་དུས་དང་ཐན་དུས་མ་ཡིན་པའི་ནམ་ཟླ་གྲུབ་པ་ཡིན།        

3 ཁྱད་ཆོས།

རང་རྒྱལ་གྱི་དྲོད་ཁུལ་རྩྭ་ཐང་གི་ནམ་ཟླའི་ཁྱབ་ཁོངས་ཧ་ཅང་རྒྱ་ཆེ་ཞིང་།   དེ་ནི་གཙོ་བོ་སུང་ལིའོ་བདེ་ཐང་དང་ནང་སོག་མཐོ་སྒང་།    ས་སེར་མཐོ་སྒང་བཅས་ཡིན་ལ།    ཁུལ་དེའི་གཞུང་རྒྱུད་ཀྱི་ས་ཁུལ་རང་བཞིན་མངོན་གསལ་ཡིན་ལ།   རྩྭ་ཐང་ནམ་ཟླ་ནི་གཙོ་བོ་ཡིན།    ཡང་ཚབ་མཚོན་གྱི་རྩྭ་ཐང་ནི་གཙོ་གཞི་ཡིན་པ་དང་།    བྱང་ཤར་ནས་ལྷོ་ནུབ་ཏུ་སྤང་ཁུལ་རྩྭ་ཐང་ནས་ཚབ་མཚོན་རྩྭ་ཐང་།   དེ་ནས་མྱ་མང་ཐང་གི་རྩྭ་ཐང་ལ་བར་བརྒལ་གྱི་ཁྱད་ཆོས་ལྡན།    གཞན་ནམ་ཟླ་དྲོ་བ་དང་ཆར་ཆུའི་འབབ་ཚད་ཉུང་བ།   ཆུའི་ཐོན་ཁུངས་དཀོན་པ་བཅས་ཡིན་ལ།   སྐྱེ་ཁམས་ཁོར་ཡུག་གི་ཆ་རྐྱེན་ཧ་ཅང་ཞན་པས་ས་གཞི་བྱེ་ཐང་ཅན་དུ་གྱུར་བའི་ཚད་ནི་ཧ་ཅང་ཚབས་ཆེན་ཡིན།

4 ཁྱབ་གནས།

གཙོ་བོ་ཡ་ཨའོ་སྐམ་ས་ཆེན་པོ་དང་མེ་གླིང་བྱང་མའི་སྐམ་ས་ཆེན་པོའི་དྲོད་ཁུལ་ས་ཁུལ་དུ་ཁྱབ་ཡོད་ལ།   མེ་གླིང་ལྷོ་མའི་སྐམ་ས་ཆེན་པོའི་ཚ་ཁུལ་ཕལ་བའི་ས་ཁུལ་དུ་རྟའི་རྨིག་པའི་དབྱིབས་ལྟ་བུའི་མྱ་ངམ་ཐང་གི་ནམ་ཟླ་ཁུལ་མངོན་པ་ཡིན།    ཡང་བྱེ་བྲག་ཏུ་མཚོ་ནག་གི་མཚོ་འགྲམ་ནས་ཤར་ཕྱོགས་དང་།    ཡ་གླིང་དབུས་མ་འཕྲེད་དུ་བརྒལ་ནས་སོག་པོའི་མཐའ་མཚམས་ས་ཁུལ་དང་ཀྲུང་གོའི་ཀྲུན་ཀོ་ཨེར་གཤོང་ས་བརྒྱུད་ནས་ཁྱབ་ཡོད་ཅིང་།    དྲོད་ཁུལ་རྩྭ་ཐང་ནི་ས་ཁུལ་མི་འདྲ་བ་རུ་སོ་སོར་ཐུན་མོང་མ་ཡིན་པའི་མིང་རེ་ཡོད་པ་ནི།    དཔེར་ན།   མེ་གླིང་བྱང་མ་རུ་ཕུའུ་ལེ་ལི་ཞེས་འབོད་པ་དང་མེ་གླིང་ལྷོ་མ་རུ་ཕེང་པ་རུ་འབོད་ཅིང་།   ཨུ་རུ་སུ་རུ་སི་ཏི་ཕུའུ་ཞེས་འབོད་པ་ཡིན།