ཆར་ཆུ་མང་བའི་ཚ་རྒྱུད་ཀྱི་ནགས་ཚལ་ནམ་ཟླ།སྔ་མའི་པར་གཞི་དེ ཨ་སངས།  ནས 2016-01-11 17:18ལ་འགྲུབ།

ཆར་ཆུ་མང་བའི་ཚ་རྒྱུད་ཀྱི་ནགས་ཚལ་ནམ་ཟླ།

ཆར་ཆུ་མང་བའི་ཚ་རྒྱུད་ཀྱི་ནགས་ཚལ་ནམ་ཟླ།
ཆར་ཆུ་མང་བའི་ཚ་རྒྱུད་ནགས་ཚལ་གྱི་ནམ་ཟླ་ལ་ཆར་ཆུ་མང་བའི་ཐིག་དམར་གྱི་ནམ་ཟླ་ཟེར་ཞིང་། གཙོ་བོ་ཐིག་དམར་གཞོགས་གཉིས་ཀྱི་འཕྲེད་ཐིག་ལྷོ་མ་དང་འཕྲེད་ཐིག་བྱང་མ་གཉིས་བར་གྱི་ཏུའུ་བཅུའི་བར་དུ་གནས། ལོ་ཧྲིལ་བོའི་ནང་དྲོད་ཚད་མཐོ་ཞིང་ཆར་ཆུ་མང་བ་དང་། ཟླ་རེའི་ཆ་སྙོམས་དྲོད་ཚད་ཧྲེ་ཧྲིའི་དྲོད་ཚད་ཉི་ཤུ་ཉེར་ལྔ་ནས་ཉི་ཤུ་ཉེར་བརྒྱད(25-28℃)བར་ཡིན་ལ། ལོ་རེའི་ཆར་འབབ་ཚད་ཧའོ་སྨི་སྟོང་གཉིས་ཀྱི་ཡན་ཡིན། དུས་བཞིའི་འགྱུར་བ་སྙོམས་ལ་ཐན་པའི་དུས་མེད་པ་ཡིན། འབྱུང་སའི་ས་ཁུལ་གཙོ་བོ་ལ་མེ་གླིང་ལྷོ་མའི་ཡ་མ་ཞུན་བདེ་ཐང་། ཧྥེ་གླིང་གི་ཁོང་ཀོ་གཤོང་ས་དང་ཀུའེ་ནེ་ཡའི་མཚོ་འགྲམ། ཡ་གླིང་གི་མ་ལེ་གླིང་ཚོམ་དང་མ་ལེ་ཕྱེད་གླིང་། ཧྥི་ལི་ཕིན་གླིང་ཚོམ་དང་དབྱི་ལི་ཨན་གླིང་ཕྲན་སོགས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
热带雨林气候
ཕྱི་ཡིག་གི་མིང་།
A tropical rainforest climate
མིང་གཞན།
ཆར་ཆུ་མང་བའི་ཐིག་དམར་གྱི་ནམ་ཟླ།
ཁྱབ་གནས།
ཐིག་དམར་གཞོགས་གཉིས་ཀྱི་འཕྲེད་ཐིག་ལྷོ་མ་དང་འཕྲེད་ཐིག་བྱང་མ་གཉིས་བར་གྱི་ཏུའུ་བཅུའི་བར་དུ་གནས།
འབྱུང་སའི་ས་ཁུལ་གཙོ་བོ།
མེ་གླིང་ལྷོ་མའི་ཡ་མ་ཞུན་བདེ་ཐང་།
ཆར་ཆུ་འབབ་པའི་ཁྱད་ཆོས།
ལོ་རེའི་ཆར་འབབ་ཚད་ཧའོ་སྨི་ཆིག་སྟོང་ལྔ་བརྒྱ་ནས་སུམ་སྟོང་བར།
དྲོད་གྲང་གི་ཁྱད་ཆོས།
ཆ་སྙོམས་དྲོད་ཚད་ཧྲེ་ཧྲིའི་དྲོད་ཚད་ཉི་ཤུ་ཉེར་བཞི་ནས་ཉི་ཤུ་ཉེར་བརྒྱད(24-28℃)བར་ལ་འགྱུར་བ་ཡིན།
གྲུབ་རྐྱེན།
ཐིག་དམར་གྱི་རླུང་གནོན་དམའ་བའི་ཁུལ་གྱི་ཚོད་འཛིན་ཐེབས་པ།
1 ངོ་སྤྲོད།

ཆར་ཆུ་མང་བའི་ཚ་རྒྱུད་ནགས་ཚལ་གྱི་ནམ་ཟླ་ལ་ཆར་ཆུ་མང་བའི་ཐིག་དམར་གྱི་ནམ་ཟླ་ཟེར་ཞིང་།     གཙོ་བོ་ཐིག་དམར་གཞོགས་གཉིས་ཀྱི་འཕྲེད་ཐིག་ལྷོ་མ་དང་འཕྲེད་ཐིག་བྱང་མ་གཉིས་བར་གྱི་ཏུའུ་བཅུའི་བར་དུ་གནས།     ལོ་ཧྲིལ་བོའི་ནང་དྲོད་ཚད་མཐོ་ཞིང་ཆར་ཆུ་མང་བ་དང་། ཟླ་རེའི་ཆ་སྙོམས་དྲོད་ཚད་ཧྲེ་ཧྲིའི་དྲོད་ཚད་ཉི་ཤུ་ཉེར་ལྔ་ནས་ཉི་ཤུ་ཉེར་བརྒྱད(25-28℃)བར་ཡིན་ལ།     ལོ་རེའི་ཆར་འབབ་ཚད་ཧའོ་སྨི་སྟོང་གཉིས་ཀྱི་ཡན་ཡིན།   དུས་བཞིའི་འགྱུར་བ་སྙོམས་ལ་ཐན་པའི་དུས་མེད་པ་ཡིན།     འབྱུང་སའི་ས་ཁུལ་གཙོ་བོ་ལ་མེ་གླིང་ལྷོ་མའི་ཡ་མ་ཞུན་བདེ་ཐང་། ཧྥེ་གླིང་གི་ཁོང་ཀོ་གཤོང་ས་དང་ཀུའེ་ནེ་ཡའི་མཚོ་འགྲམ།     ཡ་གླིང་གི་མ་ལེ་གླིང་ཚོམ་དང་མ་ལེ་ཕྱེད་གླིང་།   ཧྥི་ལི་ཕིན་གླིང་ཚོམ་དང་དབྱི་ལི་ཨན་གླིང་ཕྲན་སོགས་ཡོད།

2 ཤུགས་རྐྱེན།
2_1 ཉི་འོད་ཁྱབ་འགྱེད།     

ཉི་འོད་ཁྱབ་འགྱེད་ཀྱི་ཚད་ལོ་གཅིག་གི་ནང་དུ་ལི་སྨི་རེར་སྟོང་ཁ་བརྒྱ་ནས་བརྒྱ་དང་བརྒྱད་ཅུའི་བར་ཡིན་པ་དང་།     འདིས་ལོ་ཧྲིལ་བོའི་ནང་དྲོད་ཚད་མཐོ་རུ་གཏོང་ལ།    ཉི་འོད་ཁྱབ་འགྱེད་ཧ་ཅང་དྲགས་པའི་ས་ཁུལ་བྱེ་ཐང་དུ་འགྱུར་བ་ཡིན།

2_2 རླུང་ཁམས་ཆེན་པོ་འཁོར་རྒྱུག 

རླུང་ཁམས་ཆེན་པོ་འཁོར་རྒྱུག་ནི་ཐིག་དམར་གྱི་རླུང་གནོན་དམའ་བའི་ཁུལ་དུ་གནས་བ་དང་།    གཏན་རླུང་ཐིག་དམར་གྱི་ཉེ་འགྲམ་དུ་རུབ་ནས།     འགྱེད་འཕྲོ་མཐོ་རུ་སོང་བ་དང་དེའི་ཁྲོད་ཀྱི་ཆུ་རླངས་དེ་སྤྲིན་དུ་འགྱུར་སླ་བ་དང་དེ་ཆར་ཆུ་རུ་གྱུར་བ་ཡིན།

2_3 མཚོ་དང་སྐམ་སའི་ཤུགས་རྐྱེན།   

ཆར་ཆུ་མང་བའི་ཚ་རྒྱུད་ནགས་ཚལ་གྱི་ནམ་ཟླ་ཅན་གྱི་ས་ཆ་མཚོའམ་གཙང་བོའི་བཞུར་རྒྱུན་དུ་ཡོད་པས་ཆར་ཆུ་མོད་པ་དང་།     དེས་དྲོད་གྲང་སྙོམས་ཞིང་།    ས་བབ་ཅུང་དམའ་བས་ཆར་ཆུ་མང་བའི་ནགས་ཚལ་གྱི་སྐྱེ་སྟོབས་ལ་ཧ་ཅང་ཕན།

2_4 སྔོ་ཁེབས་ཀྱི་ཤུགས་རྐྱེན།  

སྡོང་བོའི་གསེང་ནས་ཐོན་པའི་རླངས་པའི་ནུས་པ་ཧ་ཅང་ཆེ་བས་ཁོར་ཡུག་ནི་སྔར་ལས་ཀྱང་རླན་གཤེར་དང་ལྡན་པར་འགྱུར་བ་ཡིན།