པོ་ལཱ་ཐུའུ་ཡི་གྲུབ་མཐའ།སྔ་མའི་པར་གཞི་དེ ལྷ་བྷེ།  ནས 2016-01-12 16:24ལ་འགྲུབ།

པོ་ལཱ་ཐུའུ་ཡི་གྲུབ་མཐའ།

པོ་ལཱ་ཐུའུ་ཡི་གྲུབ་མཐའ།
གྲུབ་མཐའ་འདི་ནི་པོ་ལ་ཐུར་དད་མོས་བྱེད་མཁན་གྱི་ལྷའི་རིག་པ་བ་དང་མི་ཆོས་རིག་པ་བ། ཤེར་རྟོགས་རིག་པ་བ་སོགས་ཕྱོགས་འདུས་ཀྱི་གྲུབ་མཐའ་ཞིག་ཡིན་པ་དང་། ཚོགས་མི་ནི་སློབ་གླིང་དུ་མཐར་ཕྱིན་ཏེ་དེ་གར་སློབ་ཁྲིད་གནང་བཞིན་པའི་མི་སྣ་གཙོ་བོ་ཁ་རྡ་ཚོ་སེ་དང་མོར་སོགས་ཡིན་ལ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
柏拉图学派
འཐུས་ཚབ་མི་སྣ།
པོ་ལ་ཐུ།
1 གོ་དོན།

གྲུབ་མཐའ་འདི་ནི་དུས་རབས་བཅུ་བདུན་པའི་དུས་དཀྱིལ་དུ་དབྱིན་ཇིར་དར་བའི་པོ་ལ་ཐུར་དད་མོས་བྱེད་མཁན་གྱི་ལྷའི་རིག་པ་བ་དང་མི་ཆོས་རིག་པ་བ། ཤེར་རྟོགས་རིག་པ་བ་སོགས་ཕྱོགས་འདུས་ཀྱི་གྲུབ་མཐའ་ཞིག་ཡིན། གྲངས་རིག་གིས་ཤེར་རྟོགས་རིག་པ་དང་འཇིག་རྟེན་ཞིབ་འཇུག་ལ་བྱེད་ནུས་གལ་ཆེན་ཐོན་གྱི་ཡོད་བའི་ལྟ་བ་ཅན་གྱི་ཤེར་རྟོགས་རིག་པ་ཞིག་ཡིན།

2  བྱུང་ཚུལ།

པོ་ལ་ཐུའི་གྲུབ་མཐའི་མཚོན་བྱེད་མི་སྣ་ནི་པོ་ལ་ཐུ་ཡིན་པ་དང་། ཁོ་ལོ་ན་ཆུང་བའི་དུས་སུ་ཞི་ལ་ཡི་ཤེར་རྟོགས་རིག་པ་བ་སུའུ་ཀི་ལ་ཏིའི་རྗེས་སུ་འབྲངས་ནས་ཤེ་རྟོགས་རིག་པར་སློབ་སྦྱོང་བྱས་པས། དེའི་གཏན་ཚིགས་རིག་པའི་བསམ་བློའི་ཤུགས་རྐྱེན་ཐེབས་ཏེ་མིང་གྲགས་ཆེ་བའི་ཤེར་རྟོགས་རིག་པ་བ་ཞིག་ཏུ་གྱུར། པོ་ལ་ཐུ་ཡིས་པི་ཏ་གི་ལ་སི་གྲུབ་མཐའ་ལས་གྲངས་རིག་གི་ལྟ་ཚུལ་མང་བོ་བསྡུ་ལེན་བྱས་ཏེ་རང་ཉིད་ཀྱི་རིག་ཚན་ནང་དུ་བཀོལ་སྤྱོད་བྱས། དེ་བས་ཁོང་གི་ཤེར་རྟོགས་རིག་པ་དེ་གྲངས་རིག་རིག་ཚན་གྱི་ཕྱོགས་འཕེལ་བར་སྤྲོ་བ་སྐྱེས་ཏེ། གྲངས་རིག་གིས་ཤེར་རྟོགས་རིག་པ་དང་འཇིག་རྟེན་ཞིབ་འཇུག་ལ་བྱེད་ནུས་གལ་ཆེན་ཐོན་གྱི་ཡོད་པར་ངེས་རྟོགས་ཟབ་མོ་བྱུང་བ་མ་ཟད། རང་ཉིད་ཀྱི་གྲོགས་པོ་དང་སློབ་མ་རྣམས་ཀྱིས་སློབ་སྦྱོང་དང་གྲངས་རིག་ལ་ཞིབ་འཇུག་བྱེད་པར་སྐུལ་ཆེན་པ་ཐེབས། ཁོང་གིས་ཡ་ཏེན་དུ་རང་ཉིད་ཀྱི་གྲབ་མཐའ་དང་སློབ་གླིང་འཇུག་སྐྲུན་བྱས་ཏེ། ཁོང་གི་སློབ་གྲྭའི་སྒོ་ཁར་དབྱིབས་རྩིས་མི་ཤེས་ལ་ནང་དུ་འཛུལ་བའི་ཐོབ་ཐང་མེད་ཅེས་ཀྱང་བྲིས་ཡོད་སྐད།

3  ལྟ་ཚུལ།

ཁོ་ཚོས་ངོ་རྒོལ་བྱ་ཡུལ་གཙོ་བོ་ནི་ཧོ་ཕི་སིའི་དངོས་གཙོ་རིང་ལུགས་དང་། དེའི་འཕྲོར་རྡད་ཚའི་རྒྱུ་གཉིས་སྨྲ་བའི་ལྟ་ཚུལ་དེ་རེད་འདུག་པ་དང་། རེ་འདུན་ནི་པོ་ལ་ཐུའི་རྟོགས་བཅས་ཀྱི་རྣམ་བཤད་དང་པོ་ལ་ཐུ་གསར་མའི་ལམ་ལུགས་བསྐྱར་གསོ་བྱ་རྒྱུ་དང་། འཇིག་རྟེན་སྟེང་གི་ཡོད་ཚད་དཀོན་མཆོག་གི་ཤེས་རབ་དང་ཀུན་གཞི་ཡི་མཚོན་སྟངས་ཡིན་པར་བདེན་དཔང་བྱ་རྒྱུ་དེ་རེད་དོ། །