ཏུང་ཅིང་གི་རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་།སྔ་མའི་པར་གཞི་དེ གངསསྨྱུག་སྲས།  ནས 2016-01-30 11:40ལ་འགྲུབ།

ཏུང་ཅིང་གི་རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་།

ཏུང་ཅིང་གི་རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་།
ཏུང་ཅིང་གི་རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་ནི་འཛམ་གླིང་གི་རྟེན་རྫས་བཤམས་མཛོད་ཁང་གྲགས་ཅན་གྱི་གྲས་ཤིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
东京国立博物馆
ཕྱི་ཡིག་གི་མིང་།
Tokyo National Museum
རིགས་དབྱེ།
ལོ་རྒྱུས་ཀྱི་རྟེན་རྫས་བཤམས་མཛོད་ཁང་།
ས་གནས།
ཏུང་ཅིང་།
1 ​མཚམས་སྦྱོར།

ཏུང་ཅིང་གི་རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་ནི་འཛམ་གླིང་གི་རྟེན་རྫས་བཤམས་མཛོད་ཁང་གྲགས་ཅན་གྱི་གྲས་ཤིག་ཡིན་ཞིང་། དེ་སྤྱི་ལོ1872ལོར་བཏང་པ་དང་སྤྱི་ལོ1952ལོར་ཏུང་ཅིང་རྟེན་རྫས་བཤམས་མཛོད་ཁང་ཞེས་མིང་བཏགས།  རྟེན་རྫས་བཤམས་མཛོད་ཁང་དེར་རྟེན་རྫས་འབུམ་ཚོ་གཅིག་ལྷག་ཡོད་པ་དང་། བཤམས་སྟོན་གྱི་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི་ཚོ1.4ཡོད་པར་རིག་དངོས4000ལྷག་བཤམས་སྟོན་བྱས་ཡོད།

ཏུང་ཅིང་གི་རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་དེས་དུས་བཅད་ལྟར་དུ་ལྗར་པན་གྱི་བརྐོས་དཀྲོག་དང་།  ཆོས་འཐག  གཤེར་ཚགས།  གོ་ཆ།  རྫ་དཀར།  སུག་བྲིས་དང་རི་མོ། ཨར་སྐྲུན་ལྷུ་ཆ་སོགས་བཤམས་རྫས་བཤམས་སྟོན་བྱེད་ཀྱི་ཡོད།  དེ་དག་ལས་སྲས་ཀྱི་ཐུ་བོའི་སྐུ་འདྲ་དང་། ཐེང་ཡོན་གྱི་སྟོན་པའི་སྐུ།  ཞུའེ་ཀྲོའུ་ཡི་སྣག་འབོ་རི་ཀླུང་རི་མོ། ཧྲོའུ་ཡེ་ཡུང་ཏེའི་ཐང་ཤིང་སྒྲོམ་ཡོལ་བཅས་ནི་ཚང་མ་རྒྱལ་ཁབ་དེའི་གཅེས་ནོར་རིམ་པའི་རིག་དངོས་ཡིན།

ཏུང་ཅིང་གི་རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་དེའི་ཏུང་དབྱང་ཁང་དུ་བཤམས་སྟོན་ཁང10ཡོད་པ་ནི་སོ་སོར་ཕྱོགས་བསྡུས་བཤམས་སྟོན་དང་།  ཨེ་ཅིབ་བཤམས་སྟོན། ཨེ་ཤ་ཡ་ནུབ་མ་དང་ཤར་ལྷོའི་སྒྱུ་རྩལ། ཀྲུང་གོའི་སྒྱུ་རྩལ། ཁྲའོ་ཞན་གྱི་སྒྱུ་རྩལ། ནུབ་ལྗོངས་ཀྱི་སྒྱུ་རྩལ་སོགས་སུ་དབྱེ་ཡོད་པ་དང་། དེ་དག་ཏུ་ལྗར་པན་མ་ཐེ་བའི་ཤར་ཕྱོགས་ཀྱི་རྒྱལ་ཁབ་དང་ས་ཁུལ་ཁག་གི་སྒྱུ་རྩལ་མཛད་ཆོས་དང་གནའ་དཔྱོད་ཤུལ་དངོས་སྟོན་བྱེད་ཀྱི་ཡོད། ལོ་རེར་གཟིགས་མོ་བ་མི་ཐེངས་ས་ཡའི་གྲངས་ལ་ཟིན་གྱི་ཡོད།