སིལ་འཚོང་ཁང་།སྔ་མའི་པར་གཞི་དེ ལྷ་བྷེ།  ནས 2016-01-05 16:34ལ་འགྲུབ།

སིལ་འཚོང་ཁང་།

སིལ་འཚོང་ཁང་།
སིལ་འཚོང་ཁང་ནི་དབྱེ་འཚོང་བརྒྱུད་ལམ་གྱི་མཇུག་མཐའི་འཁོར་ལམ་དེ་ཡིན་ཞིང་། མི་སྒེར་གྱི་འཛད་སྤྱོད་པའི་ཁྲོམ་རར་ཁ་གཏད་པ་ཞིག་ཡིན་ཞིང་། དེ་ནི་དབྱེ་འཚོང་བརྒྱུད་ལམ་མ་ལག་གི་མཐའ་སྣེ་དེ་ཡིན་ལ། དེས་ནི་ཐད་ཀར་འཛད་སྤྱོད་པར་འབྲེལ་ལམ་བཙུགས་ཏེ། ཐོན་རྫས་གྱི་རིན་ཐང་ངོ་མ་མངོན་འགྱུར་བྱ་བའི་འོས་འགན་བསྒྲུབ་ཚར་རྒྱུ་དེ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
零售商
ཕྱི་ཡིག་གི་མིང་།
Retailer,chandler
1 ​མཚམས་སྦྱོར། 

སིལ་འཚོང་ཁང་ནི་འཚོང་རྒྱུའི་ཚོང་ཟོང་མཇུག་མཐའི་འཛད་སྤྱོད་པར་འཚོང་བའི་བར་གནས་ཚོང་ཁང་ལ་ཟེར་བ་ཡིན་ཞིང་། དེ་ནི་ཐོན་སྐྱེད་མཁན་དང་སྡེབ་ཚོང་ཁང་གཉིས་ལ་ལྟོས་ཏེ་བརྗོད་པ་ཞིག་ཡིན་པ་དང་། དེ་ནི་ཚོང་ཟོང་འཁོར་རྒྱུག་བྱེད་པའི་ཆེས་མཇུག་མཐའི་གོ་རིམ་དེ་ཡིན། སིལ་འཚོང་ཁང་གི་རྨང་གཞིའི་འོས་འགན་ནི་ཐད་ཀར་འཛད་སྤྱོད་པར་ཞབས་ཞུ་བསྒྲུབ་རྒྱུ་དེ་ཡིན་པ་དང་། དེའི་ལས་ནུས་ཁྱབ་ཁོངས་ནི། འཚོང་བ་དང་། འོས་བསྒྲིག ཉར་ཚགས། ལས་སྣོན། སིལ་དགར། དབྱེ་འཇུག བརྡ་འཕྲིན་བརྒྱུད་སྐུར། ཕྱིར་འཚོང་འོས་སྦྱོར་བྱེད་པའི་ཞབས་ཞུ་སོགས་ཚུད་ཡོད། ས་གནས་དང་དུས་ཚོད། ཞབས་ཞུ་བཅས་ཀྱི་ཕྱོགས་ནས། འཛད་སྤྱོད་པས་ཉོ་འཚོང་བྱ་བར་སྟབས་བདེ་བཟོས་ཡོད་ཅིང་། དེ་ནི་ཐོན་སྐྱེད་ཁེ་ལས་དང་། སྡེབ་ཚོང་ཁང་དང་འཛད་སྤྱོད་པ་བཅས་བར་གྱི་ཟམ་ཐིག་ལྟ་བུ་ཡང་ཡིན་ཏེ། སོ་སོའི་བརྒྱུད་ལམ་སྟེང་བྱེད་ནུས་གལ་ཆེན་ཐོན་གྱི་ཡོད།

སིལ་འཚོང་ཁང་ནི་དབྱེ་འཚོང་བརྒྱུད་ལམ་གྱི་མཇུག་མཐའི་འཁོར་ལམ་དེ་ཡིན་ཞིང་། མི་སྒེར་གྱི་འཛད་སྤྱོད་པའི་ཁྲོམ་རར་ཁ་གཏད་པ་ཞིག་ཡིན་ཞིང་། དེ་ནི་དབྱེ་འཚོང་བརྒྱུད་ལམ་མ་ལག་གི་མཐའ་སྣེ་དེ་ཡིན་ལ། དེས་ནི་ཐད་ཀར་འཛད་སྤྱོད་པར་འབྲེལ་ལམ་བཙུགས་ཏེ། ཐོན་རྫས་གྱི་རིན་ཐང་ངོ་མ་མངོན་འགྱུར་བྱ་བའི་འོས་འགན་བསྒྲུབ་ཚར་རྒྱུ་དེ་ཡིན། སིལ་འཚོང་ཁང་གིས་རྒྱལ་དམངས་སྤྱིའི་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུར་ནུས་པ་བླ་ལྷག་གིས་འདོན་གྱི་ཡོད། སིལ་འཚོང་ཁང་ལ་རིགས་སྣ་ཚོགས་ཡོད་པ་དང་། ལས་གཉེར་བྱེད་ཐབས་ཀྱི་འགྱུར་ལྡོག་རྒོད་ཅིང་། རྣམ་པ་འདྲ་མིན་སྣ་ཚོགས་གྲུབ་པ་དང་། སྤོ་འགུལ་གྱི་སིལ་འཚོང་ལ་དབྱེ་འཚོང་གི་མ་ལག་ལྡན་ནོ། །

2 རིགས་དབྱེ། 

སིལ་འཚོང་ཁང་།

1 སྣ་བརྒྱའི་ཚོང་ཁང་། དེ་ནི་ཚོང་ཟོང་རྣམ་པ་སྣ་ཚོགས་སྤྱི་འདུས་ཀྱི་ཚོང་ཁང་ལ་ཟེར་བ་ཡིན་ཞིང་།  དེའི་ཁྱད་ཆོས་ནི།

(1) ཚོང་ཟོང་གི་རྣམ་པ་ཕུན་སུམ་ཚོགས་པ།

(2) འགྲུལ་བའི་འདུ་འཁོར་གྱི་ཚད་མང་པ།

(3) མ་དངུལ་གྱི་གྲངས་མང་ལ། ཤེས་ལྡན་མི་སྣ་འཛོམས་པ།

(4) ཚོང་རའི་མཚན་སྙན་དང་ཁེ་ལས་ཀྱི་ཕྱིའི་རྣམ་པ་ལ་མཐོང་ཆེན་བྱེད་པ།

(5) ཉོ་ཆའི་འཁོར་བསྐྱོད་དང་ཚོང་ཟོང་བཤམས་སྟོན་གཙིགས་སུ་འཛིན་པ།

2 ཆེད་ལས་ཅན་གྱི་ཚོང་ཁང་། དེ་ནི་ཚོང་ཟོང་རིགས་ཤིག་ལ་ཆེད་དུ་ལས་གཉེར་བྱེད་པའམ་ཡང་ན་ཚོང་ཟོང་རིགས་ཤིག་གི་ནང་གསེས་ཀྱི་ཚད་མཐོའི་རྟགས་ལྡན་གྱི་ཚོང་ཟོང་ཆེད་གཉེར་བྱེད་པ་ཞིག་ཡིན་ཞིང་། ཆེད་ལས་ཀྱི་ཁྱད་ཆོས་འབུར་དུ་ཐོན་ཡོད། དེའི་ཁྱད་ཆོས་ནི།

(1) ཚོང་ཟོང་གི་རིགས་ཕུན་སུམ་ཚོགས་པ།

(2) ལས་གཉེར་ལ་ཐུན་མིན་ཁྱད་ཆོས་ལྡན་ཞིང་རང་ཚུགས་ལྡན་པ།

(3) ཆེད་ལས་ཀྱི་རང་བཞིན་མངོན་གསལ་ལྡན་པ།

3 སྒོ་རྩིས་ཁྲོམ་ར། དེ་ནི་རྒྱུན་སྤྱོད་ཁྱིམ་ཆས་ཅ་ལག་གི་ཚོང་ཟོང་གཙོ་ཕལ་ཅི་རིགས་གཙོ་བོར་གཉེར་བའི་ཁྲོམ་རར་ཟེར་ཞིང་། དེ་ནི་གང་འདོད་པ་དེ་ཉོས་ཆོག་པའི་རང་བཞིན་ཅན་གྱི་ཚོང་ལས་ཤིག་ཡིན་པ་དང་། སྐུ་མགྲོན་དག་གིས་རང་འདེམ་གྱིས་རང་ཉིད་ལ་ཞབས་ཞུ་བསྒྲུབ་པའི་སིལ་འཚོང་ཁང་ཞིག་ཡིན། དེའི་ཁྱད་ཆོས་ནི།

(1) རང་ཉིད་ལ་ཞབས་བསྒྲུབ་པ་དང་ཐེངས་གཅིག་རང་བཞིན་གྱིས་མཉམ་གཅིག་ཏུ་སྡོམ་རྩིས་རྒྱག་པའི་བྱེད་ཐབས་སྤྱོད་པ་ཞིག་ཡིན།

(2) ཁེ་ཆུང་བྲིན་མང་དང་། ཚོང་ཟོང་འཁོར་རྒྱུག་མགྱོགས་པ།

(3) ཚོང་ཟོང་གི་སྣོད་ཐུམ་ཚད་ལྡན་ཅན་དང་། ཨང་གྲངས་ཅན། རིན་གོང་གསལ་སྟོན་གྲངས། ད་དུང་ཚོང་ཟོང་གི་སྤུས་ཀ་དང་ལྗིད་ཚད་གཙོ་བོར་འཛིན་པ།

4 སྟབས་བདེ་ཚོང་ཁང་། དེ་ནི་སྡོད་དམངས་ས་ཁུལ་གྱི་རྣམ་པ་ཆུང་བའི་རིགས་ཀྱི་ཚོང་ཁང་ཡིན་པ་དང་། ལས་གཉེར་གྱི་དུས་ཡུན་རིང་ཞིང་། ལས་གཉེར་ཚོང་ཟོང་སྟབས་བདེ་ཡིན་པ་དང་། མྱུར་སྤྱོད་ཚོང་ཟོང་སོགས་འཁོར་རྒྱུགས་མགྱོགས་པའི་ཚོང་ཟོང་གཙོ་བོ་ཡིན་ལ། སྤུས་བཟང་གི་ཞབས་ཞུ་མཁོ་སྤྲོད་ཀྱང་བྱེད། དཔེར་ན། སྐོམ་ཆུ་དང་། ཟས་རིགས། རྒྱུན་སྤྱོད་དངོས་རིགས། ཚགས་པར་གྱི་རིགས། མྱུར་སྐྱེལ་ཞབས་ཞུ་སོགས་ཡོད། ཚོང་ཟོང་གི་རིགས་ལ་ཚད་ཡོད་ཅིང་། རིན་གོང་ཅུང་མཐོ་མོད། འོན་ཀྱང་སྟབས་བདེ་ཡིན་པས། འཛད་སྤྱོད་པས་དགའ་བསུ་ཐོབ་ཀྱི་ཡོད།

5 གོང་བདེ་ཚོང་ཁང་། རིན་གོང་དམའ་བས། ཁེ་ཉུང་བྲིན་མང་བྱེད་ཐབས་སྤྱད་དེ་ཚོང་ཟོང་ཕྱིར་འཚོང་བྱེད་པའི་ཚོང་ཁང་ཡིན་པ་དང་། དེའི་ཁྱད་ཆོས་ནི།

(1) སྟབས་བསྟུན་སྐྱི་དངུལ་སྒྲིག་འཛུགས་བྱེད་གནས་ཡིན་མོད། འགྲིམ་འགྲུལ་མང་པའི་གནས་ཁུལ་ཡིན།

(2) ལས་གཉེར་ཚོང་ཟོང་དངོས་རིགས་ཕུན་སུམ་ཚོགས་པ་དང་། མི་མང་གིས་ཚོང་བྱང་གྲགས་ཅན་ལ་རྒྱུས་མངའི་ཚད་ཆེན་པོ་ཡོད་པ།

(3) སྒྲིག་ཆས་མ་དངུལ་ཉུང་པ་ལ། ཅི་ཐུབ་ཀྱིས་གླ་དངུལ་དམའ་རུ་གཏོང་བ།

(4) རང་སྤྱོད་ཀྱི་རྣམ་པས་ཚོང་ཟོང་ཕྱིར་འཚོང་ལག་བསྟར་བྱེད་པ་ལས། ཞབས་ཞུའི་མཁོ་སྤྲོད་བྱེད་པ་ཉུང་།

6 དབྱེ་བཀར་ཚོང་ཁང་། དེ་ནི་ཀྲུང་གོ་རུ་དུས་རབས་ཉི་ཤུ་བའི་ལོ་རབས་དགུ་བཅུ་བར་བྱུང་པའི་གོང་བདེ་ཚོང་ཁང་ཞིག་ཡིན་པ་དང་། ཁྱད་ཆོས་ནི།

(1) གནས་གཞིའི་ཁུལ་ནི་སྐྱི་དངུལ་དམའ་བའི་ཁུལ་ཡིན།

(2) འཛུགས་སྐྲུན་མཛེས་སྤྲས་སྟབས་བདེ་ཡིན་པ་དང་། ཟོང་གཉེར་རྒྱ་ཁྱོན་ཧ་ཅང་ཆེ་སྟེ། སྤྱིར་བཏང་དུ་རྨིད་གྲུ་བཞི་མ་ཅིག་ཁྲི་ལས་དམའ་བ་མིན།

(3) སིལ་འཚོང་གི་བྱེད་ཐབས་ནི་སྡེབ་ཚོང་སྤྱོད་ཀྱི་ཡོད་ལ། དེར་གཞི་ཡངས་ཚོང་ཁང་ཞེས་ཀྱང་འབོད།

(4) རྒྱུན་པར་ཚོགས་མིའི་སྒྲིག་སྲོལ་ཕྱིར་འཚོང་གིས་འགྲུལ་བ་གཏན་འཁེལ་བྱེད་ཀྱི་ཡོད།

7 ཕྱོགས་བསྡུས་ཚོང་ཁང་སོགས་ཡོད་དེ།

ཚོང་ཁང་མེད་པའི་སིལ་འཚོང་།

1 སྒོ་འགྲེམ་ཚོང་ལས། དེ་ནི་ཁེ་ལས་ཕྱིར་འཚོང་མི་སྣ་ཐད་ཀར་ཁྱིམ་ཚང་རེ་རེ་སྒོ་ཉུལ་གྱིས་འགྲེམ་ཚོང་བྱེད་པ་ཞིག་ཡིན།

(1) ཁ་པར་དང་བརྙན་འཕྲིན་བརྒྱུད་པའི་ཚོང་ལས།  འདི་ནི་ཅུང་ལུགས་སྲོལ་གསར་བའི་ཚོང་ཁང་མེད་པའི་སིལ་འཚོང་གི་རྣམ་པ་ཞིག་ཡིན་ཞིང་། དེའི་ཁྱད་ཆོས་ནི་ཁ་པར་དང་བརྙན་འཕྲིན་ནི་འབྲེལ་ལམ་འཛུགས་པའི་ལག་ཆ་རུ་བཀོལ་ཏེ། ཚོང་འགྲོན་དག་ལ་ཚོང་ཟོང་གི་བརྡ་འཕྲིན་བརྒྱུད་སྤྲོད་བྱེད་ཅིང་། ཚོང་མགྲོན་གྱིས་ཁ་པར་བརྒྱུད་ནས་ཚོང་ཟོང་ཉོས་རྗེས། བཙོང་མཁན་གྱིས་ཚོང་ཟོང་སྒོ་ཁར་བསྐྱལ་འོང་བས། བརྗེ་ཚོང་རྒྱག་པའི་གོ་རིམ་ཧྲིལ་བོ་ནི་དཀའ་རྙོག་མེད་པ་དང་། མྱུར་བ། སྟབས་བདེ་ཡིན་པ་སོགས་ཀྱི་ཁྱད་ཆོས་ལྡན།

(2) རང་འགུལ་ཉོ་ཚོང་། འདི་ནི་རང་འགུལ་ཉོ་ཚང་འཕྲུལ་ཆས་བཀོལ་ནས་ཚོང་ཟོང་ཕྱིར་འཚོང་བྱེད་པ་ཞིག་ཡིན་ཞིང་། འཛམ་གླིང་འཁྲུགས་ཆེན་ཐེངས་གཉིས་པའི་རྗེས་ནས། རང་འགུལ་ཉོ་ཚོང་གཞི་རྒྱ་ཆེ་བའི་སྒོ་ནས་ཚོང་ཟོང་སྣ་མང་གི་སྟེང་བཀོལ་སྤྱོད་བྱས་པ་ཡིན་ཏེ། དཔེར་ན། ཐ་མག་དང་། མང་ཟས་ཀྱི་རིགས། ཚགས་པར། སྐོམ་ཆུ། བྱུགས་རྫས་སོགས་སོ། །

(3) ཉོ་ཚོང་གི་ཞབས་ཞུ། ཞབས་ཞུ་བྱ་ཡུལ་གཙོ་བོ་ནི་སློབ་གྲྭ་དང་། སྨན་ཁང་། སྲིད་གཞུང་སོགས་ལས་ཁུངས་ཆེ་གྲས་ཁག་གི་ཁྱད་དམིགས་མི་སྣ་དག་ཡིན། སིལ་འཚོང་ཁང་གིས་ཚོང་དངོས་ལག་རྟགས་ལ་བལྟས་ཏེ་སྒྲིག་འཛུགས་མི་སྣར་ཅོས་འཚམ་གྱིས་རིན་གོང་དམའ་རུ་གཏོང་བ་ཞིག་ཡིན།

3 མཉམ་འབྲེལ་སིལ་འཚོང་།

(1) འབྲེལ་རྟགས་སྡེབ་ཚོང་། དེ་ནི་སིལ་འཚོང་ཁང་ཆུང་འབྲིང་རང་མོས་ཀྱིས་སྡེབ་ཚོང་ཁང་གི་སྦྲེལ་རྟགས་སུ་ཞུགས་ཏེ། འབྲེལ་རྟགས་མི་སྣས་གན་ཆིངས་ལྟར་མཉམ་འབྲེལ་བྱས་ཏེ། ཕྱོགས་གཉིས་ཀྱི་དབང་ཆ་དང་ལས་འགན་གསལ་སྟོན་བྱས་ཏེ། སྡེབ་ཚོང་ཁང་ལ་ཚོང་མགྲོན་གྱི་ཡིད་ཆེས་ཐོབ་པ་དང་། སིལ་འཚོང་ཁང་གིས་བསྡུར་བའི་ཐབས་ཀྱིས་འབྲེལ་རྟགས་ནང་ཁུལ་ཏུ་ཚོང་འདྲེན་གྱིས། ཁེ་དངོས་ཀྱི་འཁོར་ལམ་ལ་ཁག་ཐེག་བྱེད།

(2) སིལ་འཚོང་མཉམ་ལས་ཚོགས་པ། དེ་ནི་གཙོ་བོ་རང་སྐྱོང་སིལ་འཚོང་ཚོགས་པ་ཞིག་གིས་རང་མོས་ལྟར། གཉིས་ཁེ་གཉིས་བདེ་ཡི་རྩ་དོན་འཛུགས་པ། གཅིག་གྱུར་ཉོ་སྒྲུབ་དང་མཉམ་འབྲེལ་སྐུལ་འཚོང་དམིགས་ཡུལ་བྱས་པའི་མཉམ་འབྲེལ་སྒྲིག་འཛུགས་ཤིག་ཡིན།

(3) འཛད་སྤྱོད་མཉམ་ལས་ཚོགས་པ། འདི་ནི་འདུས་ཁུལ་སྡོད་དམངས་གིས་རང་མོས་མ་དངུལ་ཕུལ་ཏེ་གྲུབ་པའི་སིལ་འཚོང་སྒྲིག་འཛུགས་ཤིག་ཡིན་ལ། དམངས་གཙོའི་བདག་དོམ་ལག་བསྟར་བྱེད་པ་དང་། འདི་ལྟ་བུའི་ཚོང་ཁང་གིས་རིན་དམའ་ཁེ་ཐོབ་ཚོགས་མིའི་ཚོང་ཟོང་དང་། ཡང་ན་གཏན་ཁེལ་བྱས་ཟིན་པའི་རིན་གོང་གཞིར་བཟུང་སྟེ། ཚོགས་མིས་ཉོ་ཆའི་སྒོར་གྲངས་ལྟར་དབྱེ་ཕྱེད་ཀྱི་ཡོད།

3 ཁྱད་ཆོས།

(1) ཞབས་ཞུའི་མཐར་ཐུག

སིལ་འཚོང་ཁང་གིས་ཁ་གཏད་སའི་མཐར་ཐུག་གི་ཚོང་མགྲོན་གྱིས་རྒྱུན་དུ་ཉོ་ཆ་རྒྱག་པའི་གྲངས་འབོར་ཉུང་ཞིང་། ཚོང་ཟོང་གི་རིམ་པ་མཐོ་ལ། ཁ་དོག་སྣ་འཛོམས། ཉོ་ཆ་མཁོ་སྤྲོད་དང་འཛད་སྤྱོད་ལ་སྟབས་བདེ་བཟོ་བའི་རེ་བ་ལྡན་པ། དེ་བས་སིལ་འཚོང་ལས་གཉེར་མི་སྣས་རྒྱུན་དུ་ཚོང་ཟོང་མི་འདྲ་བ་སྣ་ཚོགས་སྡེབ་འཚོང་གིས་ནང་འདྲེན་བྱ་དགོས་ལ། མགྱོགས་མྱུར་གྱི་ཉོ་ཆའི་གོ་རིམ་ཁྲོད་དུ། མ་དངུལ་གྱི་འཁོར་རྒྱུག་བྱེད་ཚད་མཐོ་རུ་གཏོང་དགོས། འདིས་ནི་སིལ་འཚོང་ཁང་གྲངས་ཉུང་ཐེངས་མང་གིས་ཚོང་འདྲེན་བྱེད་པ་དང་། མཛོད་གཉེར་དམའ་ལ་ཕྱི་འགྲེམ་སྐུལ་ཚོང་ཞབས་ཞུའི་ལས་གཉེར་གྱི་ཁྱད་ཆོས་གྲུབ་པ་རེད། འགྱུར་ལྡོག་མགྱོགས་ལ་སིལ་འཚོང་ལས་གཉེར་ཁྱབ་རྒྱའི་ཁེ་ཕན་བར་གྱི་འགལ་ཟླ་སོགས་ཚོང་མགྲོན་གྱི་རེ་འདུན་མི་འདྲ་བ་སྣ་ཚོགས་ཐག་གཅོད་བྱ་བའི་ཆེད་དུ། འཛད་སྤྱོད་པ་སོ་སོའི་དགོས་མཁོ་ཡོད་ཚད་དང་འཚམ་པ། སིལ་འཚོང་ལས་རིགས་ཀྱི་ལས་གཉེར་བྱེད་སྟངས་ལ་རྣམ་པ་མང་པོའི་བའི་ཁྱད་ཆོས་མངོན་ཡོད། དཔེར་ན་ཚོང་ཁང་ལ་སྣ་འཛོམས་ཚོང་ཁང་དང་། སྒོ་རྩིས་ཚོང་ཁང་། ཆེད་གཉེར་ཚོང་ཁང་། ཡན་ལག་ཚོང་ཁང་། གོང་འཕབ་ཚོང་ཁང་། གཉེར་བདེ་ཚོང་ཁང་དང་རྒྱུན་སྤྱོད་ཚོང་ཁང་སོགས་སོ་སོའི་ཁྱད་ཆོས་ལྡན་པའི་ལས་སྒོ་སྣ་ཚོགས་ཡོད་ཅིང་། མུ་མཐུད་དུ་གསར་འཛུགས་ཀྱང་བྱེད་ཀྱི་ཡོད།

(2) ཕྱིར་འཚོང་ས་ཁུལ་གྱི་གཞི་ཁྱོན་ཆུང་བ།

དེ་ནི་སྡེབ་ཚོང་ཉོ་ཚོང་དང་མི་འདྲ་ཞིང་། སིལ་འཚོང་གི་ཚོང་མགྲོན་གཙོ་བོ་ནི་ཚོང་གཉེར་གནས་གཞའི་ཉེ་འགྲམ་གྱི་སྡོད་དམངས་དང་མི་འབོར་འདུ་ཚོགས་བྱེད་ཁུལ་ཡིན། དེ་བས། སིལ་འཚོང་ལས་གཉེར་གྱི་གནས་གཞིའི་གདམས་གསེས་ནི་ཚོང་གཉེར་རྒྱལ་ཕམ་ཐག་གཅོད་བྱེད་པའི་གནད་འགག་ཅིག་ཡིན། འདི་ནི་སིལ་འཚོང་ཁང་གི་ཁྱད་ཁྱད་ཆོས་གཙོ་བོ་ཡིན།

(3) འགྲན་རྩོད་ཛ་དྲག་ཆེ་བ། འདི་ནི་གཞན་པའི་ལས་གཞི་དང་བསྡུར་ན། སིལ་འཚོང་བ་ཕན་ཚུན་བར་གྱི་འགྲན་རྩོད་ཐད་ཀར་བ་དང་། ཛ་དྲག་ཆེ་བ།  བྱེད་ཐབས་སྣ་མང་ལྡན་པ་སོགས་མངོན་པར་གསལ་བ་ཞིག་ཡིན། དཔེར་ན་ཚོང་མགྲོན་གྱི་སེམས་འདུན་ལྟར་ཉོ་འཚོང་བྱེད་པ་དང་སིལ་འཚོང་ཁྲོམ་རའི་འགྲན་རྩོད་ཆེ་བ། སིལ་འཚོང་ཁང་གི་སྒྲིག་བཀོད་ཁྲི་སྟོང་གི་ཉོ་ཚོང་ཡུལ་དངོས་དང་ཉེ་འཁོར་གྱི་གནས་ཁུལ་བཅས་དང་འཚམ་པ་བྱེད་པ་དང་། ཚོང་ཁང་གི་སྤྱིའི་སྒྲིག་བཀོད་དང་རྣམ་པ་ཁྱབ་བསྒྲགས་ལ་ཤུགས་སྣོན་པ། ཚོང་མགྲོན་ཚུར་འགུག་དང་རྒྱུན་མགྲོན་དུ་འགྱུར་ཆེད། སིལ་འཚོང་ཁང་གིས་རྒྱུན་ཆད་མེད་པར་ཁྱད་ཆོས་ལྡན་པའི་གནས་གཞི་གཏན་འབེབས་དང་། ནམ་རྒྱུན་ཚོང་ཁང་གི་སྡོད་གནས་དང་། ལས་གཉེར་དུས་ཚོད། ཚོང་ཟོང་གི་སྒྲིག་བཀོད། ཞབས་ཞུའི་རྣམ་གྲངས། ཚོང་ལས་ཁྱབ་སྒྲོག ཚོང་སྐུལ་བྱེད་ཐབས་སོགས་མཐུན་རྐྱེན་བསྐྲུན་དགོས་ལ། སྤྱིའི་འགྲན་རྩོད་ཀྱི་འཆར་གཞི་འགོད་པ་དང་། བར་ཁྱད་རང་བཞིན་གྱི་ཚོང་གཉེར་ལག་ལེན་བྱེད་པ།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

འཚོ་བ། ཉོ་ཆ། སིལ་ཚོང་ཁང།