བསིལ་སྔས་ནི་བསིལ་བར་བྱེད་པའི་ཉལ་ཆས་ཤིག་ཡིན། དེ་ནི་ཚ་བ་འགོག་པ་དང་དྲོད་ཚད་མར་འབབ་པའི་རྒྱུ་ཆའི་གྲུབ་པ་ཡིན། དེ་ཡིས་མི་རྣམས་གཉིད་ཁུག་པར་བསིལ་མོ་བདེ་མོ་ཡིན་པའི་ཁོར་ཡུག་ཞིག་བསྐྲུན་ངེས་ཡིན། དེ་བས། དབྱར་ཁ་སླེབས་དུས། རང་ཉིད་ལ་འཚམ་པའི་བསིལ་སྔས་བཀོལ་སྤྱོད་བྱས་ན་མིའི་ལུས་པོ་བདེ་ཐང་ཡོང་བར་ཕན་པ་ཆེའོ། ། བསིལ་སྔས་ལ་རིགས་ཧ་ཅང་མང་བས། མངགས་ཉོ་བྱེད་སྐབས་རང་ཉིད་ཀྱི་ལུས་ཕུང་དང་འཚམ་པའི་བསིལ་སྔས་མངགས་ཉོ་བྱས་ན་བཟང་།
གཅིག ཇེ་འཁྱགས་སུ་འགྲོ་བར་མགྱོགས་པ། བསིལ་མོ་ཡིན་པ་དང་དྲོད་ཚད་རང་ཉིད་ཀྱིས་སྙོམ་སྒྲིག་བྱས་ཆོག་པ། གསུམ། ཡར་མར་ལ་འཁྱེར་བདེ་བ་དང་། རྒྱུན་འཁྱོངས་བྱེད་པའི་དུས་ཡུན་རིང་བ། ཡང་དང་བསྐྱར་དུ་བཀོལ་སྤྱོད་བྱས་ཆོག་པ། བཞི། གློག་བཀོལ་སྤྱོད་བྱེད་མི་དགོས་པ་དང་ལྟེབ་ཆོག་པ། ཕྱི་ཚུལ་མཛེས་པ། སྤུས་ཀ་ལེགས་པ། རྒྱ་མ་བཞི་བརྒྱ་ཡས་མས་ཀྱི་དངོས་པོ་འཁུར་ཐུབ་པ། ཚེ་ཐག་ལོ་ལྔའི་ཡན་ལ་བཀོལ་སྤྱོད་བྱེད་ཆོག་པ། དེ་བས་ལྟ་སྐོར་ལ་འགྲོ་བ་དང་རླངས་འཁོར་ལ་འདུག་པ། ལས་ཚོགས་སུ་ཞུགས་པ་སོགས་གང་དུ་སོང་ཡང་བཀོལ་སྤྱོད་བྱེད་པར་ཧ་ཅང་བདེ་བ་དང་ཁྱད་ཆོས་མང་པོ་ལྡན་པས། བསིལ་སྔས་བཀོལ་སྤྱོད་བྱེད་མཁན་རྣམས་ཀྱིས་དགའ་བསུ་ཐོབ་བཞིན་ཡོད།
གཅིག སྲན་ལྗང་ཕྱི་ཤུན་གྱི་བསིལ་སྔས། བསིལ་སྔས་འདིའི་རིགས་ནི་བྱིས་པ་ཆུང་ཆུང་དང་རྒན་པ་རྣམས་ཀྱིས་བཀོལ་སྤྱོད་བྱེད་པར་ཧ་ཅང་འཚམ་པ་ཡིན། ཧ་ཅང་འཇམ་པོ་ཡིན་པ་དང་མཉེན་པོ་ཡིན་པ། བསིལ་མོ་ཡིན་པ་སོགས་ཀྱི་ཁྱད་ཆོས་ཡོད་པས། བཀོལ་སྤྱོད་བྱས་ན་མིའི་ལུས་སྟེང་གི་ཁྲག་རྒྱུན་འཁོར་རྒྱུག་དང་མགོ་བོའི་དྲོད་ཚད་ཇེ་དམའ་རུ་གཏོང་བ་སོགས་ཀྱི་དགེ་མཚན་ལྡན་པས། རྒན་གཞོན་ཕོ་མོ་གང་གིས་ཀྱང་བཀོལ་སྤྱོད་བྱས་ན་ཆོག གཉིས། བྲ་བོའི་བསིལ་སྔས། བྲ་བོ་བསིལ་སྔས་ནི་མིའི་མགོ་བོ་གཡས་གཡོན་དུ་འགུལ་བ་དང་བསྟུན་ནས་དབྱིབས་འགྱུར་བ་ཡིན་པས། གཉིས་པའི་སྐབས་སུ་ཧ་ཅང་བདེ་མོ་ཡིན། གསུམ། སྨྱུག་མའི་བསིལ་སྔས། སྨྱུག་མའི་བསིལ་སྔས་ནི་མཁའ་རླུང་དག་གཙང་དང་དུག་སེལ་གྱི་ནུས་པ་སོགས་ཁྱད་ཆོས་གཞན་དང་མི་མཐུན་པ་ཡོད་པས་མི་རྣམས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཡོད། འོན་ཀྱང་དེ་ལ་སྐྱོན་ཆ་ཅུང་ཙམ་ཡོད་པ་ནི་སྨྱུག་མར་རླན་གཤེར་ཡིན་པས། དུས་རྒྱུན་དུ་སྐམ་པོ་ཡིན་དགོས། དེ་ནི་ཆུའི་གཙང་འཁྲུད་བྱེད་མི་རུང་དང་ངེས་པར་དུ་ཉི་འོད་འོག་ཏུ་བཞག་ནས་ཉི་མར་ལྡེ་དགོས། བཞི། ཡ་མ་སོ་མའི་བསིལ་སྔས། ཡ་མ་བསིལ་སྔས་ལ་གློག་ཞི་སྔོན་འགོག་བྱེད་པའི་ནུས་པ་ཡོད། ཧ་ཅང་བདེ་མོ་ཡིན་པ། རིན་གོང་འོས་འཚམ་ཡིན་པ་སོགས་ཀྱི་ཁྱད་ཆོས་ཡོད།