དྲ་ཐོག་ཉོ་ཆ།སྔ་མའི་པར་གཞི་དེ ལྷ་བྷེ།  ནས 2016-01-05 16:26ལ་འགྲུབ།

དྲ་ཐོག་ཉོ་ཆ།

དྲ་ཐོག་ཉོ་ཆ།
དྲ་ཐོག་ཉོ་ཆ་ནི། དྲ་ལམ་བརྒྱུད་ནས་ཚོང་ཟོང་གི་གནས་ཚུལ་འཚོལ་ཞིབ་བྱེད་པ་མ་ཟད། གློག་རྡུལ་ལས་ཚོང་ཟོང་བདམས་ཡིག་བསྐུར་ཏེ་ཉོ་ཆའི་རེ་བ་ཞུ་བ་དང་། དེ་རྗེས་མི་རང་ཉིད་ཀྱི་དངུལ་སྤྲོད་བྱང་བུའི་ཨང་གྲངས་དང་ཡང་ན་ཡིད་རྟོན་བྱང་བུའི་ཨང་གྲངས་འགོད་དགོས། ཚོང་རས་སྦྲག་ཉོའི་བྱ་ཐབས་སྤྱད་དེ་ཚོང་ཟོང་སྐུར་བ་དང་། ཡང་ན་མགྱོགས་སྐུར་ལས་ཁུངས་ཀྱིས་སྒོ་ཁར་བསྐྱལ་ཡོང་བ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
网上购物
རྣམ་པ།
བརྗེ་རེས།
1 མཚམས་སྦྱོར། 

དྲ་ཐོག་ཉོ་ཆ་ནི། དྲ་ལམ་བརྒྱུད་ནས་ཚོང་ཟོང་གི་གནས་ཚུལ་འཚོལ་ཞིབ་བྱེད་པ་མ་ཟད། གློག་རྡུལ་ལས་ཚོང་ཟོང་བདམས་ཡིག་བསྐུར་ཏེ་ཉོ་ཆའི་རེ་བ་ཞུ་བ་དང་། དེ་རྗེས་མི་རང་ཉིད་ཀྱི་དངུལ་སྤྲོད་བྱང་བུའི་ཨང་གྲངས་དང་ཡང་ན་ཡིད་རྟོན་བྱང་བུའི་ཨང་གྲངས་འགོད་དགོས། ཚོང་རས་སྦྲག་ཉོའི་བྱ་ཐབས་སྤྱད་དེ་ཚོང་ཟོང་སྐུར་བ་དང་། ཡང་ན་མགྱོགས་སྐུར་ལས་ཁུངས་ཀྱིས་སྒོ་ཁར་བསྐྱལ་ཡོང་བ་ཞིག་ཡིན། ཀྲུང་གོའི་ནང་ཁུལ་གྱི་དྲ་ཐོག་ཉོ་ཆའི་སྤྱིར་བཏང་གི་དངུལ་སྤྲོད་བྱ་ཐབས་ནི། རིན་གོང་འབྱོར་རྗེས་ཚོང་ཟོང་སྐུར་བ་དང་། བརྗེ་རེས་ཁག་ཐེག་གི་ལམ་སྲོལ་ནི་ཚོང་ཟོང་འབྱོར་རྗེས་ཟོང་རིན་སྤྲོད་པ་སོགས་ཡོད།

སྤྱི་ལོ2015ལོའི་ཟླ3པའི་ཚེས15ཉིན། «འཛད་སྤྱོད་པའི་ཁེ་དབང་ལ་གྱོང་གནོད་ཐེབས་པའི་བྱ་སྤྱོད་ཐག་གཅོད་བྱེད་ཐབས» དངོས་སུ་ལག་བསྟར་བྱས་པ་དང་། «ཐག་གཅོད་བྱ་ཐབས» ལག་བསྟར་བྱས་པའི་རྗེས་ནས། “གནད་འགག་གསལ་འགྲེལ་བྱེད་པའི་དབང་ཆ་ཡོད་པ། ” དང་། “ཕྱིར་སློག་མི་བྱེད” སོགས་ལྟ་བུའི་དངུལ་དབང་སྒེར་སྡོམ་བྱེད་པ་ནི་ཁྲིམས་འགལ་གྱི་བྱ་སྤྱོད་དུ་འདུག

2 དྲ་ཚོང་ཐབས་རྩལ།

ཉོ་ཆ་རྒྱག་པའི་སྔོན།

(1) དྲ་ཚོང་དཀར་ཆག་ལྟར་དྲ་ཚོང་རྒྱག་པ།

(2) དྲ་ཐོག་ཚོང་ཁང་གདམ་པ་ལ་ངེས་པར་དུ་འཚོང་མཁན་དང་འབྲེལ་བ་བྱས་ཏེ། བཟང་ངན་སོགས་དྲི་བ་མང་པོ་འདོན་དགོས་ལ། འཚོང་མཁན་གྱི་དྲ་ངོས་སུ་མཚོན་རྟགསITMཡོད་མེད་དང་། OVSཡི་ཞབས་ཞུ་བསྒྲུབ་ཐུབ་མིན་ལ་ཡང་བལྟ་དགོས།

(3) ཚོང་ཟོང་ཉོ་ཆ་རྒྱག་དུས། ཟོང་བསྐུར་ལ་ནོར་འཁྲུལ་མི་འབྱུང་བའི་ཆེད་དུ། དངུལ་སྤྲོད་མཁན་དང་དངུལ་སྤྲོད་མཁན་གྱི་མིང་སོགས་མ་ནོར་བར་བྲི་དགོས།  

(4) དངུལ་བྱང་ལས་དངུལ་སྤྲོད་སྐབས། ཡིད་རྟོན་མེད་པའི་འཚོང་མཁན་གྱིས་ཟོང་རིན་ལྷག་མ་ལེན་པ་སྔོན་འགོག་བྱེད་ཆེད། དངུལ་བྱང་དུ་དངུལ་གྲངས་མང་པོ་འཇོག་མི་རུང་།

(5) གལ་ཏེ་མགོ་གཡོག་ཐེབས་པའམ་གཞན་པའི་གནོད་འཚེ་ལ་འཕྲད་ཚེ་དྲ་ཐོག་ཉེན་རྟོག་པ་བཙལ་ནས་ཐག་གཅོད་བྱེད་དུ་གཞུག་དགོས།

ཉོ་ཆ་རྒྱག་པའི་སྐབས།

(1) ཞིབ་ལྟ། ཚོང་ཟོང་གི་པར་རིས་ལ་གསལ་བོར་བལྟ་དགོས་ཏེ། ཚོང་ལས་འདྲ་པར་ཡིན་མིན་ནམ་ཡང་ན་ཚོང་བདག་རང་ཉིད་ཀྱིས་བརྒྱབ་པའི་ཚོང་ཟོང་ངོ་མའི་འདྲ་པར་ཡིན་མིན་ལ་དབྱེ་འབྱེད་བྱ་དགོས་པ་མ་ཟད། ཚོང་ཁང་མང་པོ་ཞིག་གིས་མི་གཞན་གྱིས་སྒྲིག་བཟོ་བྱས་པའི་པར་རིས་འོས་མིན་དུ་བཀོལ་ཀྱི་ཡོད་པས། འདྲ་པར་སྟེང་གི་ཆུ་རིས་དང་ཚོང་ཁང་གི་མིང་བྱང་ལ་ཡང་ཉམས་འཇོག་བྱ་དགོས། ཚོང་ཁང་གི་དྲ་ངོས་སུ་མཚོན་རྟགསITMཡོད་མེད་དང་། OVSཡི་ཞབས་ཞུ་བསྒྲུབ་ཐུབ་མིན་ལ་ཡང་བལྟ་དགོས།

(2) དྲི་བ། ཐོན་རྫས་དང་འབྲེལ་བའི་འདྲི་གཞི་དྲི་བ་བརྒྱུད་ནས། དང་པོ་ཁོ་ཐོན་རྫས་ལ་ཆ་རྒྱུས་ཇི་འདྲ་ཡོད་པར་རྒྱུས་ལོན་བྱ་དགོས། གཉིས་ནས་མི་གཤིས་མི་ལེགས་པ་ཞིག་ཡིན་ན་ཁོའི་དངོས་རྫས་ཀྱང་སྤུས་བཟང་ལྷད་མེད་ཅིག་ཡིན་མི་སྲིད་པས། ཁོའི་རྣམ་འགྱུར་ལེགས་མིན་ལ་བལྟ་དགོས།

(3) བརྟག་ཞིབ། ཚོང་བདག་གི་ཡིད་རྟོན་ཟིན་ཐོར་བརྟག་དགོས་ཏེ། ཚོང་ཁང་གཞན་པའི་ཡིད་རྟོན་དང་འབྲེལ་ཡོད་ཐོན་རྫས་ཀྱི་དཔྱད་འཇོག་ལ་བལྟ་དགོས་པ་དང་། གལ་ཏེ་ངན་ཕྱོགས་ཀྱི་དཔྱད་འཇོག་སྤེལ་ཡོད་ན། ཚོང་བདག་གིས་དེར་འགྲེལ་བཤད་ཇི་ལྟར་བྱས་ཡོད་པར་གསལ་བོར་བལྟ་དགོས།

3 དྲ་ཚོང་གི་གཡོ་བསླུ།

(1) རིན་དམའི་བསླུ་བྲིད།

གལ་ཏེ་དྲ་གནས་སུ་ཚོང་རྫས་མང་པོ་ཞིག་གི་རིན་གོང་ནི་ཁྲོམ་རའི་རིན་གོང་གི་ཕྱེད་ཀ་དང་། ཐ་ན་དེ་ལས་ཀྱང་དམའ་བའི་གནས་ཚུལ་ཡོད་ན། སྐབས་དེར་དོགས་ཟོན་བྱེད་དགོས་ཏེ། སྐད་གྲགས་ཆོད་པའི་ཁྱད་འཕགས་ཐོན་རྫས་ཕུད་ཟོང་རྙིང་དང་ཡང་ན་སྤུས་ཞན་ཚོང་ཟོང་ལས་གཞན། ཚད་ལྡན་ཚོང་ལམ་ལས་ནང་འདྲེན་བྱེད་པའི་ཁྱད་འཕགས་ཐོན་རྫས་དང་ཁྲོམ་རའི་རིན་གོང་ལ་བར་ཁྱད་དེ་འདྲ་འབྱུང་མི་སྲིད་པས། དངོས་གོང་དེ་འདྲའི་དམའ་བའི་རྒྱུ་ཚན་ཅི་ཡིན་ལ་བསམ་བློ་གཏོང་དགོས་པ་དང་། ལྷག་པར་དུ་ཁྱད་འཕགས་ཐོན་རྫས་ལ་ཉམས་འཇོག་བྱ་དགོས།

(2) སྐྱེས་བཟང་དངོས་འབུལ།

ཁྲིམས་མཐུན་མིན་པའི་དྲ་ཚིགས་ལ་ལ་དང་། དྲ་ངོས་ལ་ལས་གཟེངས་རྟགས་དངུལ་ལོར་དང་ཡང་ན་སྐྱེས་དངོས་འབུལ་བའི་བསླུ་བྲིད་ཀྱི་ཐབས་ལ་བརྟེན་ནས་འཛད་སྤྱོད་པ་གཡོ་འགུག་གིས་དྲ་ངོས་ལ་ལྟ་སློག་བྱེད་དུ་བཅུག་ཏེ་ཐོན་རྫས་ཉོ་རུ་འཇུག་གི་ཡོད།

(3) བསྒྲགས་བྱང་རྫུན་བཟོ།

དྲ་ཚིགས་ལ་ལས་མཁོ་སྤྲོད་བྱས་པའི་ཐོན་རྫས་ཀྱི་གསལ་བཤད་ཚད་ལས་བརྒལ་བ་དང་། ཐ་ན་ཁྱབ་བསྒྲགས་རྫུན་མ་སྤེལ་བའི་གཡོ་ཐབས་སྤེལ་ཏེ། འཛད་སྤྱོད་པ་དྲ་གནས་དེར་འཛུལ་ནས་ཚོང་ཟོང་ཉོས་རྗེས། ཉོས་པའི་དངོས་པོ་ངོ་མ་དེ་ནི་དྲ་ཐོག་ནས་མཐོང་པའི་རྣམ་པ་དང་མི་འདྲ་བ་ཡིན།

(4) སྒྲིག་འགོད་ཆ་རྐྱེན་ཅན།

འདི་ནི་ཉོ་སླ་ཞིང་སློག་དཀའ་བ་ཞིག་ཡིན། དྲ་ཚིགས་ལ་ལར་ཉོ་ཆ་རྒྱག་དུས་ཆ་རྐྱེན་ཅན་གྱི་གན་ཆིངས་བྲིས་ཡོད་ཅིང་། དྲ་ཐོག་ནས་ཕྱིར་འཚོང་བྱས་པའི་ཚོང་ཟོང་ལ“ཁག་ཐེག་མི་བྱ་བ་གསུམ” སྟེ། ཚོང་ཟོང་ཕྱིར་སློག་མི་བྱེད་པའི་གསལ་བཤད་སོགས་ཡོད། འཛད་སྤྱོད་པས་རྒྱུ་སྤུས་མི་བཟང་བའི་ཚོང་ཟོང་ཉོས་རྗེས། ཕྱིར་སློག་དང་ཡང་ན་ཞིག་གསོ་བྱ་འདོད་ཀྱང་དེ་ནི་མངོན་དུ་འགྱུར་ཐབས་མེད་པ་ཞིག་ཡིན་པས། དྲ་གནས་དེརITMཅན་གྱི་ཞབས་ཞུ་ཡོད་མེད་ལ་གྲོས་གཞི་བཏོན་རྗེས། འཛད་སྤྱོད་པས་ཉོ་ཆ་རྒྱག་དུས་ངེས་པར་དུOVSཞབས་ཞུ་གདམས་དགོས། དེ་ལྟར་བྱས་ན་ད་གཟོད་ཉོ་ཆ་བརྒྱབ་རྗེས་ཞབས་ཞུ་ལེགས་པོ་ཐོབས་པའི་ཁག་ཐེག་བྱས་ཆོག

(5) མི་སྒེར་གྱི་ཡིག་ཚགས་ལས་མགོ་སྐོར་ཐེབས་པ།

དྲ་ཐོག་ཉོ་ཆ་རྒྱག་སྐབས་དེ་མུར་རང་ཉིད་ཀྱི་གསང་བའི་ཡིག་ཚགས་དག་ཚོང་བདག་ལ་སྤྲོད་མི་རུང་ལ། གསང་གྲངས་སོགས་འགོད་དུས་དེ་མུར་མི་རང་ཉིད་ཀྱི་ཐོབ་ཐང་ཡིག་ཚགས་སོགས་འགོད་མི་རུང་པར། ངེས་པར་དུ་ཕ་རོལ་པའི་ཐོབ་ཐང་གསལ་བོར་དྲིས་རྗེས་བསྐྱར་འགོད་བྱས་ཆོག

(6) ངེས་མེད་དྲ་ལམ་བརྡ་འཕྲིན།

ལབ་གླེང་དྲ་ཆས་སུ་བསྐུར་ཡོང་བའི་རྒྱུས་མེད་ཀྱི་དྲ་ཚིགས་དག་གང་འདོད་དུ་སློག་མི་རུང་སྟེ། རྒྱུས་མེད་ཀྱི་ཡིག་ཟམ་དང་དེའི་ནང་གི་ཟུར་བཀོད་ཀྱི་སྒོ་འབྱེད་མི་རུང་བར། དེ་མུར་གསར་ལས་དུག་སེལ་བྱས་ན་བཟང་། དེ་ལྟ་བུའི་གནོད་སྐྱོན་མི་ཐེབས་པའི་ཆེད་དུ། འགྲོ་ལུགས་སྒྲུབ་དུས་འབྲེལ་ཡོད་ཨང་གྲངས་སོགས་ལ་ལེགས་པར་བརྟག་དགོས།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

འཚོ་བ། ཉོ་ཆ། དྲ་ཐོག་ཉོ་ཆ།