འཁྱག་སྒམ།སྔ་མའི་པར་གཞི་དེ ཨ་རྡོ  ནས 2016-01-12 11:44ལ་འགྲུབ།

འཁྱག་སྒམ།

འཁྱག་སྒམ།
འཁྱགས་སྒམ་ནི་དུས་ཡུན་རིང་བོར་དྲོད་ཚད་དམའ་བའི་གྲང་བཟོ་སྒྲིག་ཆས་ཤིག་ཡིན་པ་དང་། བཟའ་བཏུང་དང་དངོས་རྫས་གཞན་དག་རུལ་བར་མི་བྱ་བའི་དམངས་སྤྱོད་ཐོན་རྫས་ཤིག་ཀྱང་ཡིན། ནང་དུ་གནོད་བཙིར་འཕྲུལ་འཁོར་དང་འཁྱགས་རོམ་བཟོ་ཆས་སོགས་ཡོད། གྲང་བཟོ་སྒྲིག་ཆས་ཡོད་པའི་ཉར་ཚགས་ཀྱི་སྒམ་ཞིག་ཡིན། ཁྱིམ་སྤྱོད་འཁྱགས་སྒམ་གྱི་ཤོང་ཚད་ནི་བྲེ20ནས500བར་ཡིན། འཛམ་གླིང་ཐོག་གི་ཐོག་དང་པོའི་གྲང་བཟོའི་ཁྱིམ་སྤྱོད་འཁྱགས་སྒམ་ནི1910ལོར་ཨ་རི་ནས་བྱུང་བ་རེད། ཀྲུང་གོ་རྒྱལ་ཁབ་ཀྱི་ལོ་རབས་ལྔ་བཅུ་བའི་དུས་ནས་བཟུང་འཁྱགས་སྒམ་ཐོན་སྐྱེད་བྱས་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
冰箱
ཕྱི་ཡིག་གི་མིང་།
refrigerator
1 བཀོལ་སྤྱོད་བྱེད་སྟངས།
1_1 དྲོད་ཚད་ཁ་གསབ་གློག་སྒོ།

འཁྱགས་སྒམ་དྲོད་ཚད་ཀྱི་གློག་སྒོའི་བཀོལ་སྤྱོད་བྱེད་སྟངས་ནི་རང་རྒྱལ་གྱི་ལྷོ་བྱང་ས་ཁུལ་གྱི་ཧེ་བག་ཅུང་ཆེ་བའི་ཁྱད་ཆོས་དང་བསྟུན་ནས་ཇུས་འགོད་བྱས་པ་རེད།  ཁོར་ཡུག་གི་དྲོད་ཚད་ཅུང་དམའ་བའི་གནས་ཚུལ་འོག(ཏུའུ10མན)དྲོད་ཚད་ཁ་གསབ་གློག་སྒོ་འབྱེད་ནས་རྒྱུན་ལྡན་གྱི་བེད་སྤྱོད་བྱེད་དགོས།   ཁོར་ཡུག་དྲོད་ཚད་ཅུང་དམའ་བའི་སྐབས་སུ་དྲོད་ཚད་ཁ་གསབ་གློག་སྒོ་ཁ་འབྱེད་མི་ཐུབ་པའི་སྐབས་སུ་གནོད་བཙིར་འཕྲུལ་འཁོར་གྱི་ལས་དོན་ཐེངས་གྲངས་མངོན་གསལ་གྱིས་ཇེ་ཉུང་དུ་འགྲོ་བའམ་ཡང་ན་མཚམས་འཇོག་པ་ཡིན། 

1_2 དྲོད་འཛིན།

འཁྱགས་སྒམ་བཀོལ་སྤྱོད་བྱེད་པའི་བརྒྱུད་རིམ་ཁྲོད།   དེའི་བྱ་བ་སྒྲུབ་པའི་དུས་ཚོད་དང་གློག་སྤྱོད་ཚད་ཁོར་ཡུག་གི་དྲོད་ཚད་ཀྱི་ཤུགས་རྐྱེན་ཐེབས་པ་ཧ་ཅང་ཆེ།  དེར་བརྟེན་ང་ཚོའི་དུས་ཚིགས་རེ་ལ་འཁྱགས་སྒམ་གྱི་དྲོད་འཛིན་ཚད་ལ་བེད་སྤྱོད་ལེགས་པོ་བྱེད་དགོས།  འཁྱགས་སྒམ་གྱི་ཚད་ལྡན་གྱི་དྲོད་ཚད་ནི་ཏུའུ5ནས7བར་གཏན་འཁེལ་བྱས་པས་ཆོག   འདི་ལྟར་བེད་སྤྱོད་བྱས་ན་བཟའ་བཏུང་མི་རུལ་བ་དང་ཆུད་ཟོས་སུ་མི་གཏོང་བ།    གློག་གྲོན་ཇེ་ཆུང་གཏོང་ཐུབ་པ་ཡིན། 

2 བདག་སྐྱོང་།

འཁྱགས་སྒམ་གྱི་ནང་དུ་དངོས་པོ་ཚད་དང་རན་པ་ཙམ་བཞག་པས་ཆོག  གལ་ཏེ་མང་དྲགས་ན་སྐྱོན་བྱུང་བའི་ཉེན་ཁ་ཡོད།  དེ་ལས་གཞན་ད་དུང་གཟའ་འཁོར་གསུམ་ནས་བཞིའི་བར་ཐེངས་གཅིག་ལ་དུག་སེལ་བྱེད་དགོས།  དུས་མཚུངས་སུ་རྒྱུན་དུ་གཙང་འཁྲུད་བྱེད་དགོས།  ཅུང་འཇམ་མཉེན་ཡིན་པའི་ཕྱིས་རས་ཀྱིས་ཉིན་རྒྱུན་འཁྱགས་སྒམ་གྱི་ཕྱི་ནང་གཉིས་ཀ་དང་ལག་འཇུ་སོགས་གཙང་དག་བྱེད་དགོས།    གཙང་དག་བྱས་ཚར་རྗེས་ཡང་བསྐྱར་ཞིབ་བཤེར་བྱས་ནས་དྲོད་ཚད་སོགས་གཏན་འཁེལ་བྱས་པ་འགྲིག་མིན་ལ་བལྟ་དགོས།    དེ་ལས་གཞན་འཁྱགས་སྒམ་ཡོད་སའི་གནས་སྐམ་པོ་ཡིན་དགོས་པ་དང་མེ་དང་ཐག་ཉེ་བའི་གནས་སུ་འཁྱགས་སྒམ་འཇོག་མི་རུང་ངོ་། །  མི་མང་པོ་ཞིག་གིས་འཁྱགས་སྒམ་ནང་གི་དངོས་པོ་ནི་གཙང་མ་ཡིན་པར་འདོད་མོད།  འོན་ཀྱང་དུས་ཡུན་རིང་བོར་འཁྱགས་སྒམ་ནང་དུ་བཞག་ན་དེ་ལའང་འབུ་ཕྲ་བྱུང་སྲིད།   


དཔྱད་གཞིའི་ཡིག་ཆ།