གོར་སོབ་བསྲེག་ཐབ།སྔ་མའི་པར་གཞི་དེ ཨ་རྡོ  ནས 2016-01-12 11:50ལ་འགྲུབ།

གོར་སོབ་བསྲེག་ཐབ།

གོར་སོབ་བསྲེག་ཐབ།
གོར་སོབ་བསྲེག་ཐབ་ནི་ཚ་སྣོན་གློག་ཆས་ཀྱི་ཁོངས་སུ་གཏོགས་ཤིང་། དེའི་ནུས་པ་ནི་གོར་སོབ་ལ་སྲོ་བ་དེ་ཡིན། ཁྱིམ་ཚང་མང་ཆེ་ཤོས་ཤིག་གི་ནང་དུ། གོར་སོབ་བསྲེག་ཐབ་ནི་གཞན་པའི་ཁྱིམ་ཆས་དང་བསྡུར་ན་ཆག་སྐྱོན་བྱུང་སླ་བ་ཡིན། དེ་ལ་རྒྱུ་རྐྱེན་གཉིས་ཡོད་དེ། དང་ཐོག གོར་སོབ་བསྲེག་ཐབ་ཀྱི་བཟོ་སྐྲུན་གྱི་འགྲོ་སྒོ་ཆུང་ལ་སྤུས་ཀ་མི་ལེགས་པས་ཆག་སྐྱོན་བྱུང་སླ་བ་ཡིན་ནོ། ། དེ་ནས་གོར་སོབ་བསྲེག་ཐབ་ལ་ཆག་སྐྱོན་བྱུང་བ་ནི་རང་སྟེང་ནས་གནད་དོན་བྱུང་བ་མ་ཡིན་པར། ཟས་རིགས་ཀྱིས་དེ་ལ་ཆག་སྐྱོན་བྱུང་དུ་བཅུག་པ་ཡིན། དཔེར་ན་གལ་ཏེ་གོར་སོབ་བསྲེག་ཐབ་ཐོག་ཏུ་གོ་རེ་སོགས་བཞག་པ་མང་དྲགས་པ་ལ་སོགས་པ་ཡིས་སྐྱོན་བྱུང་བ་ཡིན། ཉིན་རྒྱུན་དུ་གོར་སོབ་བསྲེག་ཐབ་བཀོལ་སྤྱོད་བྱེད་པ་ལ་མཚོན་ན་གཟའ་འཁོར་གཅིག་གི་ནང་དུ་ཐེངས་གཅིག་ལ་དེའི་ནང་གི་དངོས་རྫས་ཧྲོབ་ཧྲོབ་རྣམས་གཙང་དག་བྱེད་དགོས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
烤面包机
ཕྱི་ཡིག་གི་མིང་།
A toaster
བྱེད་ནུས།
གོར་སོབ་བསྲེག་སྲོ་བྱེད་ཐུབ་པ།
འཁོར་སྤྱོད་རྩ་བའི་རིགས་པ།
དམར་ཕྱིའི་འོད་ཟེར་འགྱེད་འཕྲོ་ཚ་སྣོན།
1 བཀོལ་སྤྱོད་བྱེད་སྟངས།

གཅིག    ཐོག་མར་གོར་སོབ་བསྲེག་ཐབ་ཅུང་བདེ་མོ་ཡིན་པའི་ས་གནས་སུ་བཞག་སྟེ་བཀོལ་སྤྱོད་བྱེད་པ། 

གཉིས།  གློག་རྒྱུག་ཏུ་བཅུག་ནས་ཐོག་ཏུ་གོར་སོབ་བཞག་ནས་དུས་ཚོད་གཏན་འཁེལ་བྱེད་པ།

གསུམ།  གལ་ཏེ་མུ་མཐུད་དུ་བཀོལ་སྤྱོད་བྱེད་དགོས་ན།  ངེས་པར་དུ་གོར་སོབ་བསྲེག་ཐབ་སྐར་ཆ་སུམ་ཅུ་ནས་དྲུག་ཅུའི་བར་ལ་ངལ་གསོའི་རྗེས་བཀོལ་སྤྱོད་བྱེད་དགོས། 

2 བདམས་ཉོ།

མིའི་རིགས་ཀྱི་འཚོ་བ་ཇེ་བཟང་དུ་སོང་བ་དང་བསྟུན་ནས།  མི་རྣམས་ཀྱི་ནངས་ཇའི་གལ་ཆེན་རང་བཞིན་རྟོགས་ཡོད།  དེ་བས།  གོར་སོབ་བསྲེག་ཐབ་བདམས་ཉོ་བྱེད་པའི་སྐབས་སུ་ངེས་པར་དུ་མཉམ་འཇོག་བྱེད་དགོས།  དཔེར་ན་ཕྱི་ཚུལ་མཛེས་ཤིང་ལྟ་ན་སྡུག་པ་དང་།  ངོས་འཇམ་མཉེན་ལྡན་པ།  བཀོལ་སྤྱོད་བྱེད་པར་སྟབས་བདེ་ཡིན་པ་དང་བདེ་འཇགས་ཡིན་པ།  ཚད་གཞིའི་ཆེ་ཆུང་ནི་གཙོ་བོ་ཁྱིམ་མིའི་གྲངས་ཀ་དང་བསྟུན་ནས་ཐག་གཅོད་བྱེད་པ། 

3 བདག་སྐྱོང་།

གོར་སོབ་བསྲེག་ཐབ་ཐོག་ཏུ་འོ་མ་འདྲེས་པའི་གོར་སོབ་བསྲེག་མི་རུང་།    གོར་སོབ་བསྲེག་ཐབ་བཀོལ་སྤྱོད་བྱས་ཚར་རྗེས་ཅུང་འཁྱགས་པ་ན་ངེས་པར་དུ་གཙང་འཁྲུད་བྱེད་དགོས།   

4 མཉམ་འཇོག་བྱེད་ཡུལ།

གཅིག   གོར་སོབ་བསྲེག་ཐབ་ཆུ་ཡོད་སའི་གནས་སུ་འཇོག་མི་རུང་བ།

གཉིས།     ཐོག་དང་པོར་བཀོལ་སྤྱོད་མ་བྱས་སྔོན་ལ་ཐོག་ཏུ་གོར་སོབ་འཇོག་མི་རུང་བ།  གོར་སོབ་བསྲེག་ཐབ་ཀྱི་ནང་ཁོག་ལ་ལག་པས་རེག་མི་རུང་། 

གསུམ།  གོར་སོབ་བསྲེག་ཐབ་བྱིས་པ་མེད་སའི་གནས་སུ་འཇོག་པ།

བཞི།       དྲ་ཡོལ་དང་ལྭ་བ་སོགས་འབར་སླ་བའི་དངོས་རྫས་ཀྱི་གམ་དུ་བཀོལ་སྤྱོད་མི་བྱེད་པ།

ལྔ།  བཀོལ་སྤྱོད་བྱས་ཚར་རྗེས།  གོར་སོབ་བསྲེག་ཐབ་ཅུང་འཁྱགས་རྗེས་ད་གཟོད་ཕྱི་བདར་བྱེད་དགོས། 


དཔྱད་གཞིའི་ཡིག་ཆ།