ནུས་ཚད་འཕོ་འགྱུར།སྔ་མའི་པར་གཞི་དེ བསོད་ནམས་ཚེ་རིང་།  ནས 2015-12-31 18:04ལ་འགྲུབ།

ནུས་ཚད་འཕོ་འགྱུར།

ནུས་ཚད་འཕོ་འགྱུར།
རང་བྱུང་ཁམས་ཀྱི་སྣང་ཚུལ་སྣ་ཚོགས་ཚང་མ་ཕན་ཚུན་འབྲེལ་བ་ཡོད། ཆ་རྐྱེན་ངེས་ཅན་ཞིག་གི་འོག་ཏུ། རྣམ་པ་སྣ་ཚོགས་ཀྱི་ནུས་པ་ཚང་མ་ཕན་ཚུན་འཕོ་འགྱུར་བྱེད་ཐུབ་པ། དོན་དངོས་མང་བོས་ར་སྤྲོད་བྱས་པ་ལྟར་ན། རྣམ་པ་གང་རུང་ཞིག་གི་ནུས་པ་དེ་རྣམ་པ་གཞན་པའི་ནུས་པར་འགྱུར་བ་སོགས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
能量变化
1 ནུས་པའི་འཕོ་འགྱུར།

རང་བྱུང་ཁམས་ཀྱི་སྣང་ཚུལ་སྣ་ཚོགས་ཚང་མ་ཕན་ཚུན་འབྲེལ་བ་ཡོད། ཆ་རྐྱེན་ངེས་ཅན་ཞིག་གི་འོག་ཏུ། རྣམ་པ་སྣ་ཚོགས་ཀྱི་ནུས་པ་ཚང་མ་ཕན་ཚུན་འཕོ་འགྱུར་བྱེད་ཐུབ་པ་སྟེ། གཙུབ་བརྡར་ཚ་འབྱུང་ནི་འཕྲུལ་ཆས་ནུས་པ་ནང་ནུས་སུ་བསྒྱུར་བ་དང་། ཆུ་གློག་ས་ཚིགས་ཀྱི་ཆུས་སྐོར་འཕྲུལ་འཁོར་གྱིས་གློག་འདོན་འཕྲུལ་འཁོར་བསྐོར་ནས་གློག་འདོན་པ་ནི་འཕྲུལ་ཆས་ནུས་པ་གློག་ནུད་སུ་བསྒྱུར་བ་རེད། གློག་སྒུལ་འཕྲུལ་འཁོར་གྱིས་ཆུ་ཕུམ་བསྐོར་ནས་ཆུ་མཐོ་སར་སྐྱེལ་བ་ནི་གློག་ནུས་དེ་འཕྲུལ་ཆས་ནུས་པར་བསྒྱུར་བ་རེད། རྩི་ཤིང་གིས་ཉི་འོད་ནས་འོད་སྦྱོར་བྱེད་ནུས་བྱེད་པ་ནི་འོད་ནུས་དེ་རྫས་འགྱུར་ནུས་པར་བསྒྱུར་བ་རེད། འབར་རྫས་འབར་སྐབས་ཚ་བ་གཏོང་བ་ནི་རྫས་འགྱུར་ནུས་པ་དེ་ནང་ནུས་སུ་བསྒྱུར་བ་རེད།

2 ནུས་ཚད་བརྟན་སྲུང་གཏན་སྲོལ།

ཚན་རིག་པས་དུས་ཡིན་རིང་བོར་འཚོལ་ཞིབ་བྱས་རྗེས། རང་བྱུང་ཁམས་ཀྱི་སྣང་ཚུལ་སྣ་ཚོགས་ཁེར་རྐྱང་ཏུ་གནས་པ་ཞིག་མིན་པར། ཕན་ཚུན་བར་ལ་འབྲེལ་བ་ཡོད་པ་ཤེས།

3 གཙོ་གནད།

དོན་དངོས་མང་བོས་ར་སྤྲོད་བྱས་པ་ལྟར་ན། རྣམ་པ་གང་རུང་ཞིག་གི་ནུས་པ་དེ་རྣམ་པ་གཞན་པའི་ནུས་པར་འགྱུར་རིམ་དུ། ནུས་པའི་སྤྱི་ཚད་ལ་འགྱུར་ལྡོག་མེད། ཡང་གཅིག་བཤད་ན། ནུས་པ་རྣམ་པ་ཞིག་ནས་རྣམ་པ་གཞན་ཞིག་ཏུ་འགྱུར་བའམ་ཡང་ན་དངོས་གཟུགས་ཤིག་ནས་དངོས་གཟུགས་གཞན་ཞིག་ཏུ་འཕོ་འགུལ་བྱེད་པ་མ་གཏོགས། ནུས་ཚད་རྒྱུ་རྐྱེན་མེད་པར་ཡལ་མི་སྲིད་ལ་འབྱུང་ཡང་མི་སྲིད། འཕོ་འགྱུར་རམ་འཕོ་འགུལ་གྱི་གོ་རིམ་ཁྲོད་དུ། ནུས་ཚད་ཀྱི་སྤྱི་ཚད་ལ་འགྱུར་ལྡོག་མེད། དེ་ན་ནུས་ཚད་བརྟན་སྲུང་གཏན་སྲོལ(law of energy conservation)ཡིན། ནུས་ཚད་བརྟན་སྲུང་གཏན་སྲོལ་ནི་རང་བྱུང་ཁམས་སུ་ཆེས་ཁྱབ་ཆེ་བ་དང་ཆེས་གལ་ཆེ་བའི་གཞི་རྩའི་གཏན་སྲོལ་གྱི་ནང་གསེས་ཤིག་རེད། ཆེ་བ་སྐར་མའི་གོ་ལ་ནས་ཆུང་བ་མ་རྡུལ་ཉིང་གི་བར་དང་། དངོས་ལུགས་རིག་པའི་གནད་དོན་ནམ་ཡང་ན་རྫས་འགྱུར་རིག་པ་དང་། སྐྱེ་དངོས་རིག་པ། ས་རྒྱུས་རིག་པ། གནམ་དཔྱད་རིག་པ་བཅས་ཀྱི་གནད་དོན་གང་ཡིན་རུང་། ནུས་ཚད་འཕོ་འགྱུར་གྱི་གོ་རིམ་ཡོད་དགུས་ནུས་ཚད་བརྟན་སྲུང་གཏན་སྲོལ་བརྩི་སྲུང་བྱེད་པ་རེད། ནུས་ཚད་བརྟན་སྲུང་གཏན་སྲོལ་ནི་འགྲོ་བ་མིས་རང་བྱུང་ཁམས་ངོས་འཛིན་དང་རང་བྱུང་ཁམས་བཀོལ་སྤྱོད་བྱེད་པ། རང་བྱུང་ཁམས་སྲུང་སྐྱོང་བྱེད་པའི་སྟོབས་ལྡན་མཚོན་ཆ་ཡིན།