ཆ་འཕྲིན་བརྒྱུད་ལམ།སྔ་མའི་པར་གཞི་དེ བསོད་ནམས་ཚེ་རིང་།  ནས 2016-01-05 09:07ལ་འགྲུབ།

ཆ་འཕྲིན་བརྒྱུད་ལམ།

ཆ་འཕྲིན་བརྒྱུད་ལམ།
དངོས་ལུགས་ཀྱི་བརྡ་ཆད་ཅིག གཏམ་རྒྱུད་སྐར་མ5ལ་བསྟན་པ་གཉིས་ཀྱིས་བརྒྱུད་སྤྲོད་བྱས་པའི་ཆ་འཕྲིན་ཚད་མི་འདྲ་བ་དང་རླབས་ཕྲན་སྐུད་ལམ་གཅིག་གི་སྟེང་དུ་དུས་མཉམ་དུ་ཁ་པར་སྟོང་ཕྲག་འགའ་ནས་ཁྲི་ཕྲག་འགའ་མཐུད་ཆོག་པ། བརྡ་སྐྱེལ་འཁོར་སྐར་དེ་རླབས་ཕྲན་བརྡ་སྐྱེལ་གྱི་བར་མཐུད་ས་ཚིགས་བྱས་ནས། འཁོར་སྐར་བརྡ་སྐྱེལ་གྱི་རེ་བ་མངོན་གྱུར་ཡོང་བ་བྱས་བ་སོགས་བསྟན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
信息之路
1 ཆ་འཕྲིན་བརྒྱུད་ལམ།

哈哈哈.png

གཏམ་རྒྱུད་སྐར་མ5ལ་བསྟན་པ་གཉིས་ཀྱིས་བརྒྱུད་སྤྲོད་བྱས་པའི་ཆ་འཕྲིན་ཚད་མི་འདྲ་སྟེ། སྐར་མ5རིང་གི་སྐད་ཆས་མིའི་བཞིན་རས་དང་གྱོན་ཆས། ལས་དོན་ཀྱི་ནང་དོན་བཅས་མདོར་བསྡུས་ཙམ་མ་གཏོགས་ཞིབ་བརྗོད་བྱེད་མི་ཐུབ་ལ། སྐར་མ5རིང་གི་གློག་བརྙན་གྱིས་དེ་ལས་གཞན་ད་དུང་གཏམ་རྒྱུད་བྱུང་སའི་རི་ཀླུང་དང་གནམ་གཤིས། མིའི་གྱོན་ཆས་ཀྱི་རྒྱུ་སྤུས་དང་ཁ་དོག་བརྗོད་བྱའི་མི་སྣ་གཙོ་བོའི་བཞིན་རས་དང་སྐད་གདངས་ལ་སོགས་པའི་ཞིབ་ཆ་མང་པོ་སྟོན་ཐུབ། དེར་བརྟེན། དུས་ཚོད་འདྲ་མཚུངས་ཀྱི་ནང་དུ་བརྙན་འཕྲིན་རྒྱང་བསྒྲགས་དེ་སྐད་སྒྲའི་རྒྱང་བསྒྲགས་དང་བསྡུར་ན། བརྒྱུད་སྤྲོད་བྱས་པའི་ཆ་འཕྲིན་དེ་བས་ཀྱང་མང་།

ཆ་འཕྲིན་གྱི་གཞུང་ལུགས་ལས་གསལ་སྟོན་བྱས་པ་ལྟར་ན། ཐེག་གཟུགས་ཡིན་པའི་སྐུད་མེད་གློག་རླབས་ཀྱི་ཟློས་ཕྱོད་ཇི་ལྟར་མཐོ་ན། དུས་ཚོད་འདྲ་མཚུངས་ཀྱི་ནང་དུ་བརྒྱུད་སྤྲོད་བྱས་པའི་ཆ་འཕྲིན་དེ་ལྟར་མང་། དེར་བརྟེན། ལོ་བཅུ་ཕྲག་འགའི་རིང་ལ། སྐུད་མེད་གློག་བརྡ་སྐྱེལ་དང་བརྙན་འཕྲིན་རྒྱང་བསྒྲགས་སོགས་སུ་བཀོལ་བའི་ཟློས་ཕྱོད་རིམ་བཞིན་ཇེ་མཐོ་ནས་ཇེ་མཐོར་འགྲོ་བཞིན་འདུག་པས། ང་ཚོས་གཟུགས་སྣང་ལྡན་པའི་སྒོ་ནས་ཆ་འཕྲིན་བརྒྱུད་ལམ་རྒྱ་ཇེ་ཆེ་ནས་ཇེ་ཆེར་འགྲོ་བཞིན་ཡོད་ཅེས་བཤད་ཆོག

2 རླབས་ཕྲན་བརྡ་སྐྱེལ།

扭扭捏捏.png

རླབས་ཕྲན(microwave)གྱི་རླབས་ཐག་དེ་10m~1mmགི་བར་ན་ཡོད་ཅང་། ཟློས་ཕྱོད་དེ30MHz~3×102 MHzཡི་བར་ན་ཡོད། རླབས་ཕྲན་སྐུད་ལམ་གཅིག་གི་སྟེང་དུ་དུས་མཉམ་དུ་ཁ་པར་སྟོང་ཕྲག་འགའ་ནས་ཁྲི་ཕྲག་འགའ་མཐུད་ཆོག ཡིན་ཡང་རླབས་ཕྲན་གྱི་ངོ་བོ་འོད་རླབས་དང་ཉེ་སྟེ། ཕལ་ཆེར་དྲང་ཐིག་ལྟར་ཁྱབ་མཆེད་བྱེད་པ་ལས། སའི་གོ་ལའི་ཕྱི་ངོས་དེད་ནས་བསྐོར་འཕྲོ་ད་མི་ཐུབ་པས། 50kmཡས་མས་ཀྱི་མཚམས་རེར་རླབས་ཕྲན་བར་མཐུད་ས་ཚིགས་རེ་བཙུགས་ཏེ། ས་ཚིགས་གོང་མ་ལས་འཕྲོ་གཏོང་བྱས་པའི་བརྡ་རྟགས་དེ་ལས་སྣོན་བྱས་རྗེས་ས་ཚིགས་རྗེས་མར་བརྒྱུད་སྤྲོད་བྱེད་དགོས་པ་མ་ཟད། ད་དུང་བརྡ་རྟགས་བརྒྱུད་སྤྲོད་བྱེད་པའི་བར་ཐག་ཇི་ལྟར་རིང་ན། བར་མཐུད་ས་ཚིགས་དེ་ལྟར་མང་དགོས།

3 འཁོར་སྐར་བརྡ་སྐྱེལ།

看看123.png

ད་ལྟ། མིའི་རིགས་ཀྱིས་མིས་བཟོས་འཁོར་སྐར་འཕྲོ་མཏོང་བྱེད་ཐུབ་སྟེ།  བརྡ་སྐྱེལ་འཁོར་སྐར་དེ་རླབས་ཕྲན་བརྡ་སྐྱེལ་གྱི་བར་མཐུད་ས་ཚིགས་བྱས་ནས། འཁོར་སྐར་བརྡ་སྐྱེལ་གྱི་རེ་བ་མངོན་གྱུར་ཡོང་བ་བྱས། བརྡ་སྐྱེལ་འཁོར་སྐར་མང་ཤོས་ནི་སའི་གོ་ལ་དང་ལྟོས་བཅས་ཀྱིས“ཞི་འཇགས”ཡིན་པའི་གོམ་མཉམ་འཁོར་སྐར་ཡིན། སའི་གོ་ལའི་སྟེང་ནས་བལྟས་ན། དེ་བར་སྣང་དུ་དཔྱངས་པ་བཞིན་དུ་ཞི་འཇགས་སུ་གནས། སའི་གོ་ལའི་མཐའ་སྐོར་ཏུ་ཆ་སྙོམས་ཀྱིས་གོམ་མཉམ་བརྡ་སྐྱེལ་འཁོར་སྐར3བཀོད་སྒྲིག་བྱས་ན། ཧ་ལམ་སའི་གོ་ལའི་ཕྱི་ངོས་ཡོངས་སུ་ཁེབས་ནས། སའི་གོ་ལ་ཡོངས་སུ་བརྡ་སྐྱེལ་བྱེད་ཐུབ། དེ་དག་བར་སྣང་གི་རླབས་ཕྲན་བར་མཐུད་ས་ཚིགས་བཞིན་དུ། ས་ངོས་ས་ཚིགས་ཤིག་ནས་བསྡུས་པའི་གློག་གི་བརྡ་རྟགས་དེ་ལས་སྣོན་བྱས་རྗེས། ཡང་བསྐྱར་ས་ངོས་ས་ཚིགས་གཞན་ཞིག་གམ་ཡང་ན་དུ་མར་འཕྲོ་གཏོང་བྱེད་པ་ཡིན། ད་ལྟ་འཁོར་སྐར་བརྙན་འཕྲིན་ལ་བརྟེན་ནས། ས་གནས་ཤིག་ཏུ་བྱུང་བའི་ཐོལ་བྱུང་དོན་རྐྱེན་དེ། འཛམས་གླིང་ཡོངས་ཀྱི་མི་རྣམས་ཀྱིས་ཕལ་ཆེར་འཕྲལ་དུ་མཐོང་ཐུབ།

བརྡ་སྐྱེལ་འཁོར་སྐར། པང་ལེབ་དབྱིབས་ཀྱི་གཤོག་པ་དེ་གཉིས་ཀ་ནི་ཉི་ནུས་གློག་སྨན་པང་ལེབ་ཡིན། དེས་ཉི་ནུས་གློག་ནུས་སུ་བསྒྱུར་ཏེ་འཁོར་སྐར་ལ་འདོན་སྤྲོད་བྱེད་པ་ཡིན། སྡེར་དབྱིབས་ཀྱིས་འཁོར་སྐར་ནས་ཡོང་བའི་བརྡ་རྟགས་བསྡུ་ལེན་བྱེད།