ལའོ་སི་ལའེ་སི།སྔ་མའི་པར་གཞི་དེ གངསསྨྱུག་སྲས།  ནས 2015-12-09 11:13ལ་འགྲུབ།

ལའོ་སི་ལའེ་སི།

ལའོ་སི་ལའེ་སི།
ལའོ་སི་ལའེ་སི(Rolls-Royce)ནི་འཛམ་གླིང་གི་རྩེར་སོན་པའི་སྤུས་ལེགས་རླངས་འཁོར་གྱི་ཚོང་རྟགས་ཞིག་ཡིན། 1906ལོར་དབྱིན་ཇི་ནས་གསར་འཛུགས་བྱས་པ་ཡིན། ཀུང་ཟིའི་སྲོལ་གཏོད་མཁན་ནི་ཧིན་ལས་ལེ་ཟི(Frederick Henry Royce)དང་ཁྲ་ལས་ལོ་ཟི(Charles Stewart Rolls Rolls)གཉིས་ཡིན། (Rolls-Royce)ནི་རླངས་འཁོར་ཕུལ་བྱུང་ཐོན་སྐྱེད་བྱེད་མཁན་གྱི་འཐུས་མི་ཡིན། རྒྱས་སྤྲོས་བྱ་བར་མཁས་བས་འཛམ་གླིང་ཡོངས་ལ་གྲགས་ཡོད། རླངས་འཁོར་བཟོ་སྐྲུན་མ་གཏོགས། ད་དུང་དེས་གནམ་གྲུ་སྒུལ་བྱེད་འཕྲུལ་འཁོར་བཟོ་སྐྲུན་ཁྱབ་ཁོངས་བཟུང་ཡོད། དེ་ནི་འཛམ་གླིང་སྟེང་ཆེས་ཕུལ་དུ་བྱུང་བའི་སྒུལ་བྱེད་འཕྲུལ་འཁོར་བཟོ་མཁན་ཡིན་ནོ། མིང་དུ་གྲགས་པའི་རླབས་སྒྲ་འགྲུལ་སྐྱེལ་གནམ་གྲུ་སྤྱོད་པའི་སྒུལ་བྱེད་འཕྲུལ་འཁོར་བཟོ་མཁན་དེ་ཡང་ཁོ་རང་ཡིན། སྤྱི་ལོ2003ལོར་ལའོ་སི་ལའེ་སི་རླངས་འཁོར་ཀུང་སི་དེBMWཡིས་ཚབ་གཉེར་བྱས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
劳斯莱斯
ཕྱི་ཡིག་གི་མིང་།
Bentley Motors Limited Rolls-Royce
ལས་ཁུངས་ཀྱི་མིང་།
ལའོ་སི་ལའེ་སི་རླངས་འཁོར་ཀུང་སི།
སྤྱི་ཁྱབ་ས་ཁུལ།
དབྱིན་ཇི།
ལེགས་འགྲུབ་དུས་ཚོད།
སྤྱི་ལོ1906ལོར།
ཚོང་གཉེར་ཁྱབ་ཁོངས།
བརྗིད་ལྡན་རླངས་འཁོར་གྱི་ཐོན་སྐྱེད།
གསར་འབྱེད་མཁན།
ཁྲ་ལས་ལོ་ཟི་ཧིན་ལས་ལེ་ཟི།
ཁོངས་གཏོགས་ཁེ་ལས།
པོ་མ་ཁེ་ལས།
1 ཚོང་རྟགས་ངོ་སྤྲོད།

ལའོ་སི་ལའེ་སི(Rolls-Royce)ནི་ཁྱད་འཕགས་རླངས་འཁོར་རྒྱལ་བོའི་མཚོན་རྟགས་ཡིན་ལ། ལའོ་སི་ལའེ་སིའི་བཟོ་ལྟ་ཇི་ལྟར་རྙིང་བ་དང་། འགྲོ་གྲོན་ཇི་འདྲའི་སྤོབས་ཉམས་ཆེན་པོ་ལྡན་ན་ཡང་། དུས་ད་ལྟའི་སྐབས་ཀྱང་འགྲན་ཡ་ཞིག་སྔར་བཞིན་མེད་དོ།།

སྤྱི་ལོ1906ལོར། ལའོ་སི་ལའེ་སི(Rolls-Royce)དབྱིན་ཇི་ནས་དངོས་སུ་ལེགས་འགྲུབ་བྱུང་བ་ཁྱབ་བསྒྲགས་བྱས། ཕྱིར་ལོ་རླངས་འཁོར་ཆུང་བ(SilverGhost)ཕྱིར་བཏོན་བ་རེད། མི་འགྱངས་པར་འཛམ་གླིང་ཐོག་ཆེས་ལེགས་པའི་རླངས་འཁོར་ཞེས་བདམས་པར་བྱས།

2 དངོས་རྟགས་གཏམ་རྒྱུད།

ལའོ་སི་ལའེ་སིའི་མཚོན་རྟགས་རི་མོRངོ་གཉིས་བརྩེགས་ནས་མཉམ་དུ་བཞག་ན། གཅིག་ལ་གཅིག་བརྟེན། འགྲིག་མཐུན་དང་འཆམ་མཐུན་གྱི་འབྲེལ་བ་ཡག་པོ་ཞིག་ཆགས་ཡོད་པ་མཚོན་འདུག མིང་གྲགས་ཆེ་བའི་ལྷ་མོ་མཁའ་འགྲོ་མའི་མཚོན་རྟགས་ནི་འཆར་ཡན་བརྩེ་དུང་གི་གཏམ་རྒྱུད་ཅིག་ལས་ཐོན་པ་ཡིན།

3 Rolls-Royce

ལའོ་སི་ལའེ་སི་དང་ལོ་འར་ཟི་ལོ་ཡེ་ཟི་ཚང་མ་ནི་དབྱིན་ཡིགRolls-Royceལས་བསྒྱུར་ནས་ཡོང་བ་ཡིན། དེ་གཉིས་མི་འདྲ་ས་ནི། ཐོན་སྐྱེད་རླངས་འཁོར་གྱི་མིང་དང་ཐོན་སྐྱེད་སྒུལ་བྱེད་འཕྲུལ་འཁོར་གྱི་མིང་དེ་གཉིས་མི་འདྲ་བ་ཙམ་ཡིན། ལོ་འར་ཟི་ལོ་ཡེ་ཟི་ནི་འཛམ་གླིང་མཁའ་སྐྱོད་སྒུལ་འཁོར་ཆེན་པོ་གསུམ་ཐོན་སྐྱེད་བྱེད་སའི་གནས་ཀྱི་གྲས་ཤིག་རེད།

4 ཚོང་རྟགས་ཀྱི་ཁྱད་ཆོས།

སྔོན་ཆད་ལའོ་སི་ལའེ་སི་དེ་བཙན་རྒྱལ་གྱི་དབང་ཆ་དང་གུས་པ། འདུ་འཛི་ཆེ་བ་སོགས་དང་ཧ་ལམ་གཅིག་མཚུངས་ཡིན། ལོ་བརྒྱའི་འགྱུར་ལྡོག་དང་རྐྱེན་ངན་གོད་ཆག་བཅས་བརྒྱུད་ནས་དེ་སྔའི་འོད་ཟེར་རིམ་གྱིས་ཡལ་སོང་། ཡིན་ནའང་ཟླ3པར། ལའོ་སི་ལའེ་སི་ཡིས་ཐོན་ཚད་ཧ་ཅང་མཐོ་བའི་ལོ་བརྒྱའི100exལྷག་དོན་རླངས་འཁོར་ཁྱབ་སྤེལ་གནང་ཡོད། ཟླ5བར། ཚད་ཡོད་རླངས་འཁོར(phantom35)གསར་སྤེལ་བྱས། ཀུང་སའི་ལོ་བརྒྱའི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུས། རྒྱལ་བོའི་གཉེན་འཁོར་གྱིས་གུས་པ་དང་ཡིད་འོང་མཛེས་བཀོད། བཙན་གཤིས་བཅས་ཐམས་ཅད་སྔར་བཞིན་རྒྱུན་འཁྱོངས་བྱས་ཡོད།

5 རླངས་འཁོར་གྱི་བཟོ་དབྱིབས།

སྤྱི་ལོ1905 ལོར། ལའོ་སི་ལའེ་སིV-8

སྤྱི་ལོ1905 ལོར། ལའོ་སི་ལའེ་སི15hp

སྤྱི་ལོ1905-1906ལོར། ལའོ་སི་ལའེ་སི 20hp

སྤྱི་ལོ1905-1906 ལོར། ལའོ་སི་ལའེ་སི 30hp

སྤྱི་ལོ1906-1925 ལོར། ལའོ་སི་ལའེ་སི Silverghost

སྤྱི་ལོ1922-1929 ལོར། ལའོ་སི་ལའེ་སི Twenty

སྤྱི་ལོ1925-1931 ལོར། ལའོ་སི་ལའེ་སི 40/50phantom

སྤྱི་ལོ1929-1936 ལོར། ལའོ་སི་ལའེ་སི 20/25

སྤྱི་ལོ1929-1936 ལོར། ལའོ་སི་ལའེ་སི Phantom

སྤྱི་ལོ1936-1938 ལོར། ལའོ་སི་ལའེ་སི 25/30

སྤྱི་ལོ1936-1938 ལོར། ལའོ་སི་ལའེ་སི Wraith

སྤྱི་ལོ1936-1939 ལོར། ལའོ་སི་ལའེ་སི Phantom

སྤྱི་ལོ1946-1958 ལོར། ལའོ་སི་ལའེ་སི SilverWraith

སྤྱི་ལོ1949-1955 ལོར། ལའོ་སི་ལའེ་སི SilverDawn

སྤྱི་ལོ1950-1956ལོར། ལའོ་སི་ལའེ་སི Phantom

སྤྱི་ལོ1955-1966 ལོར། ལའོ་སི་ལའེ་སི Silvercloud

སྤྱི་ལོ1959-1968 ལོར། ལའོ་སི་ལའེ་སི Phantom

སྤྱི་ལོ1965-1980 ལོར། ལའོ་སི་ལའེ་སི Silvershadow

སྤྱི་ལོ1968-1991 ལོར། ལའོ་སི་ལའེ་སི Camargue

སྤྱི་ལོ1968-1991 ལོར། ལའོ་སི་ལའེ་སི Phantom

སྤྱི་ལོ1980-1998ལོར། ལའོ་སི་ལའེ་སི Silverspirit

པོ་མ་ཡིས་ཉོ་སྒྲུབ་བྱས་རྗེས།

སྤྱི་ལོ1998-2002 ལོར། ལའོ་སི་ལའེ་སི Silverseraph

སྤྱི་ལོ1999-2003 མི་རབས་གསར་པ། Corniche

སྤྱི་ལོ2003-2012ལོར། ལའོ་སི་ལའེ་སི Phantom

སྤྱི་ལོ2005-ད་ལྟའི་བར། ལའོ་སི་ལའེ་སི 100EX

སྤྱི་ལོ2007-ད་ལྟའི་བར། ལའོ་སི་ལའེ་སི Ghost

སྤྱི་ལོ2010ལོའི་ནང་གསེས་དོན་ཚན། ལའོ་སི་ལའེ་སི 200EX

སྤྱི་ལོ2012-ད་ལྟའི་བར། ལའོ་སི་ལའེ་སི PhantomSeries

སྤྱི་ལོ2013-ད་ལྟའི་བར། ལའོ་སི་ལའེ་སི། གྲིབ་མ། Wraith 


དཔྱད་གཞིའི་ཡིག་ཆ།