དངོས་པོ་ཆགས་གཞི།སྔ་མའི་པར་གཞི་དེ བསོད་ནམས་ཚེ་རིང་།  ནས 2015-12-01 15:23ལ་འགྲུབ།

དངོས་པོ་ཆགས་གཞི།

དངོས་པོ་ཆགས་གཞི།
སྤུས་རྡུལ་དང་མ་ནིང་རྡུལ་གྱིས་མ་རྡུལ་ཉིང་གྲུབ་པ་དང་མ་རྡུལ་ཉིང་དང་གློག་རྡུལ་གྱིས་མ་རྡུལ་གྲུབ། གློག་རྡུལ་དང་། སྤུས་རྡུལ། མ་ནིང་རྡུལ་བཅས་ནི་དངོས་པོ་འགྲུབ་བྱེད་ཀྱི་ཆེས་གཞི་རྩའི་རིལ་རྡུལ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
物质的构成
1 སྨྱན་བར་རྡུལ།

方法.png

སྨྱན་བར་རྡུལ་ནི་ཕན་ཚུན་བར་དུ་བྱེད་ནུས་སྣ་ཚོགས་བརྒྱུད་སྤྲོད་བྱེད་པའི་རིལ་རྡུལ་ཏེ། དཔེར་ན། འོད་རྡུལ་དང་སྤྱིན་རྡུལ་ལྟ་བུ། འོད་རྡུལ་ནི་གློག་ཁབ་ལེན་གྱི་ཕན་ཚུན་བྱེད་ནུས་བརྒྱུད་སྤྲོད་བྱེད་པའི་རིལ་རྡུལ་ཡིན་པ་དང་། སྦྱིན་རྡུལ་ནི་ཕན་ཚུན་བྱེད་ནུས་དྲག་པོ་བརྒྱུད་སྤྲོད་བྱེད་པའི་རིལ་རྡུལ་ཡིན། ཕན་ཚུན་བྱེད་ནུས་དྲག་པོ་འདོན་པ་དེ་གློག་ཁབ་ལེན་གྱིས་ཕན་ཚུན་བྱེད་ནུས་འདོན་པ་ལས་ཧ་ཅང་དྲག་པོ་ཡིན། ཉིང་རྡུལ་བར་གྱི་ཉིང་ཤུགས་ནི་ཕན་ཚུན་བྱེད་ནུས་དྲག་པོ་འདོན་པའི་ཁོངས་སུ་གཏོགས་པ་ཡིན།

2 ཡང་རྡུལ། 

亲自.png

ཡང་རྡུལ་ནི་ཕན་ཚུན་བྱེད་ནུས་དྲག་པོ་འདོན་པར་མི་ཞུགས་པའི་རིལ་རྡུལ་ཡིན། ཆེས་སྔ་མོར་གསར་དུ་རྙེད་པའི་ཡང་རྡུལ་ནི་གློག་རྡུལ་ཡིན། ཕྱིས་སུ་རྙེད་པའི་ཡང་རྡུལ་ལ་གློག་རྡུལ་གྱི་ཕྲན་རྡུལ་འབྲིང་མ་དང་། རྡུལ་དངརྡུལ་གྱི་ཕྲན་རྡུལ་འབྲིང་མ།  རྡུལ་དངརྡུལ་གྱི་ཕྲན་རྡུལ་འབྲིང་མ་བཅས་ཡོད། མིག་སྔར་གསར་དུ་རྙེད་པའི་ཡང་རྡུལ་ལ་རིགས6མ་གཏོགས་མེད། དེའི་ནང་དུརྡུལ་གྱི་སྤུས་ཚད་ཉིང་རྡུལ་གྱི་སྤུས་ཚད་ལས་ཆེ། ཡིན་ནའང་ཕན་ཚུན་བྱེད་ནུས་འདོན་པའི་ངོ་བོའི་ཐད་ནས་བཤད་ན་དེ་ནི་སྔར་བཞིན་ཡང་རྡུལ་གྱི་ཁོངས་སུ་གཏོགས། དེང་རབས་དངོས་བཤེར་ལས་ད་དུང་ཡང་རྡུལ་གྱི་ནང་ཁུལ་ཆགས་ཚུལ་རྙེད་མེད།

3 དྲག་རྡུལ།

vvvvvvvv.png

དྲག་རྡུལ་ནི་ཕན་ཚུན་བྱེད་ནུས་དྲག་པོ་འདོན་པར་ཞུགས་པའི་རིལ་རྡུལ་ཡིན། སྤུས་རྡུལ་ནི་ཆེས་སྔ་མོར་རྙེད་པའི་དྲག་རྡུལ་ཡིན། མ་ནིང་རྡུལ་དང་། བར་རྡུལ། བརྒལ་རྡུལ་བཅས་ཀྱང་དྲག་རྡུལ་ཡིན། 1