མི་གྲངས་སྲིད་ཇུས།སྔ་མའི་པར་གཞི་དེ ཨ་རྡོ  ནས 2015-11-26 17:49ལ་འགྲུབ།

མི་གྲངས་སྲིད་ཇུས།

མི་གྲངས་སྲིད་ཇུས།
མི་གྲངས་སྲིད་ཇུས་ནི་རྒྱལ་ཁབ་ཅིག་གི་རང་རྒྱལ་གྱི་མི་གྲངས་འཕར་བའམ་མི་གྲངས་འཕར་བའི་མཚམས་ཆད་པའམ་ལོག་འཕར་ལ་དམིགས་ནས་འབྲེལ་ཡོད་སྲིད་ཇུས་ལག་བསྟར་བྱས་པའི་དོན། རྒྱལ་ཁབ་མི་འདྲ་བས་རང་རྒྱལ་གྱི་མི་གྲངས་འཕེལ་རྒྱས་ཀྱི་གནས་ཚུལ་ཡང་མི་འདྲ། དེ་བས་རིགས་མི་འདྲ་བའི་མི་གྲངས་སྲིད་ཇུས་ལག་བསྟར་བྱེད་པ་རེད། དེར་མ་ཟད། རྒྱལ་ཁབ་ཅིག་གི་མི་གྲངས་སྲིད་ཇུས་ཀྱང་རྒྱལ་ཁབ་ཀྱི་འཕེལ་རྒྱས་གནས་ཚུལ་དང་བསྟུན་ནས་འོས་འཚམ་གྱི་སྙོམས་སྒྲིག་བྱེད་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
人口政策
མཚན་ཉིད།
རྒྱལ་ཁབ་ཀྱིས་མི་གྲངས་སྐྱེས་འཕེལ་གྱི་མགྱོགས་ཚད་དང་དེའི་ཐབས་ཇུས།
ནང་དོན།
གནས་སྤོ། ཁྱབ་ཚུལ། གནས་སྤོ་ཡུལ་མི།
འབྱུང་རྩ།
དཔྱིད་དུས་དང་སྟོན་དུས་རྒྱལ་རབས།
1 ནང་དོན།
1_1 མི་གྲངས་སྲིད་ཇུས་ཀྱི་ནང་དོན་གཙོ་བོ་བཞི།

(1)མི་གྲངས་རང་བྱུང་སྐྱེ་འཕེལ་གྱི་སྲིད་ཇུས་སྙོམས་སྒྲིག་བྱེད་པ། དེའི་མི་གྲངས་གཞི་རྒྱའམ་རང་བྱུང་དུ་འཕར་བའི་དམིགས་ཚད་ལ་ཐད་ཀར་དུ་སྔོན་ལ་གཏན་ཁེལ་བྱེད་ཐུབ། ཡང་ན་ཆེས་ཆུང་བའི་གཉེན་སྒྲིག་ལོ་ཚད་ཀྱང་གཏན་ཁེལ་བྱེད་ཐུབ། དེ་ལ་བསྟེན་ནས་སྐྱེ་ཚད་འགྱུར་ལྡོག་བྱེད་ནུས་འདོན་པ། འོན་ཀྱང་། སྤྱིར་བཏང་གི་སྐྱེ་ཚད་གཏན་ཁེལ་བྱེད་སྐབས་ཤི་ཚད་ཇེ་ཉུང་འགྲོ་བའི་དམིགས་ཚད་ཀྱང་བཟོ་དགོས། རྒྱུ་མཚན་ནི་ཤི་ཚད་ཇེ་ཉུང་འགྲོ་བ་དེའི་སྐྱེ་ཚད་ཇེ་ཉུང་འགྲོ་བར་བྱེད་ནུས་ཆེན་པོ་ལྡན་པ་དང་། མི་གྲངས་གཞི་རྒྱའི་དམིགས་ཚད་ངེས་པར་དུ་མི་གྲངས་འཕེལ་རྒྱས་ཀྱི་ཉེས་དུས་དང་བར་དུས། དུས་རིང་བོར་སྔོན་དཔག་བྱེད་པ་དང་། མི་གྲངས་ལོ་ནའི་སྒྲིག་གཞིའི་འོས་འཚམ་གྱི་འགྱུར་ལྡོག་དང་བསྟུན་ནས་བཟོ་འགོད་བྱེད་དགོས།

(2)རྒྱལ་ནང་གི་མི་གྲངས་གནས་སྤོར་གྱི་སྲིད་ཇུས། སྲིད་ཇུས་འདི་ལ་དུས་རྒྱུན་མི་གྲངས་ས་ཁུལ་ཁྱབ་ཁོངས་ཀྱི་སྲིད་ཇུས་དང་མཉམ་བསྲེས་བྱས་ཏེ། དེ་གཉིས་ཀྱི་དམིགས་ཚད་ངེས་པར་དུ་གཅིག་གྱུར་ཡིན་དགོས། དེ་ལས་གཞན། མི་གྲངས་ས་ཁུལ་ཁྱབ་ཁོངས་ཀྱི་སྲིད་ཇུས་ཀྱང་ས་ཁུལ་མི་འདྲ་བའི་དབང་གིས། རིགས་མི་འདྲ་བའི་མི་གྲངས་སྐྱེ་འཕར་དམིགས་ཡུལ་གཏན་འབེབས་བྱས་ནས་བཟོ་འགོད་དེ་མངོན་འགྱུར་བྱེད་པ་རེད།  སྲིད་གཞུང་གིས་མི་གྲངས་ས་ཁུལ་གྱི་ཁྱབ་ཁོངས་བཅོས་བསྒྱུར་བྱེད་ཆེད། གནས་སྤོ་ལ་བཅའ་ཁྲིམས་ཀྱིས་གནས་སྤོ་ཚོད་འཛིན་བྱེད་པའི་ཐད་ཀར་གྱི་སྲིད་ཇུས་ཏེ། དཔེར་ན་དམིགས་བསལ་གྱི་གྲོང་ཁྱེར་དང་ས་ཁུལ་ནང་གནས་སྤོ་བ་ཚོད་འཛིན་བྱེད་པ།

(3)མི་གྲངས་ཁྱབ་ཁོངས་སྲིད་ཇུས། དེ་ལ་དུས་རྒྱུན་དམིགས་ཡུལ་མང་ལྡན་ཡིན། དཔེར་ན་དམིགས་བསལ་གྱི་འཕེལ་རྒྱས་ས་ཁུལ་གྱི་ཞིང་ལས། བཟོ་གཏེར་ལས། རྒྱལ་མཚམས་སྲ་བརྟན་བྱེད་པ་དང་། ཡང་ན་མི་གྲངས་འདུས་ཚད་མང་དྲག་པའི་ས་ཁུལ་གྱི་མི་གྲངས་ཁ་བཀྲམ་བྱེད་པ་སོགས།

(4)རྒྱལ་སྤྱིའི་གནས་སྤོར་ཡུལ་མའི་སྲིད་ཇུས། དེ་ལ་རྒྱལ་ཁབ་ལས་ཕྱིར་སྤོ་བ་དང་རྒྱལ་ཁབ་ནང་སྤོ་བ་སྟེ་རིགས་གཉིས་ཡོད་པ་རེད། དེ་མ་ཟད་དུས་རྒྱུན་བཅའ་ཁྲིམས་ཀྱི་རྣམ་པ་ནས་ལག་བསྟར་བྱེད་པ་ཡིན།

2 དོ་མཉམ་གྱིས་ཕྲུ་གུ་བཙའ་བ།

དོ་མཉམ་གྱིས་ཕྲུ་གུ་བཙའ་བ་ཞེས་པ་ནི་ཡུན་རིང་བོར་མི་གྲངས་དོ་མཉམ་གྱིས་འཕེལ་རྒྱས་ཡོང་རྒྱུ་དེ་ཆེས་འདྲ་མཉམ་ཡིན་པའི་གདམ་ག་ཡིན་པར་ལེགས་འགྲུབ་བྱུང་ཆེད་དུ་ཡིན། ཀྲུང་གོ་ནི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཡིན་པ་དང་ཆེས་བཟང་བའི་མངལ་སྐྱེས་ཕྲུ་གུའི་ཚད་ནི2.3ཡིན།


དཔྱད་གཞིའི་ཡིག་ཆ།