བཅུ་དཔོན་ནི་དེང་རབས་དམག་དཔུང་ཁྲོད་ཆེས་གཞི་རིམ་རྩ་འཛུགས༼བཅུ་ཤོག༽གི་འགན་ཁུར་མི་སྣར་གོ་ལ། བཅུ་དཔོན་ནི་དམག་དཔོན་གྱི་ཁོངས་སུ་མི་གཏོགས་ཤིང་། ཧྲི་ཀོན་ནམ་ཡང་ན་ཕུལ་བྱུང་གི་འོས་འགན་དམག་མིས་འགན་འཁུར་བ་ཡིན། ལག་བསྟར་བྱ་བའི་འོས་འགན་དམག་སྐུལ་ལམ་ལུགས་དང་དང་བླངས་དམག་སྐུལ་ལམ་ལུགས་གཉིས་ཕན་ཚུན་ཟུང་དུ་འབྲེལ་བའི་དམག་དཔུང་ཁྲོད། བཅུ་དཔོན་ནི་སྤྱིར་བཏང་དུ་དང་བླངས་དམག་མིས་འགན་འཁུར་བ་ཡིན་ཞིང་། ཕུལ་བྱུང་གི་འོས་འགན་དམག་མིས་བཅུ་དཔོན་གྱི་འགན་འཁུར་བ་ཡང་ཁ་ཤས་ཡོད། ཡོངས་སུ་ལག་བསྟར་བྱ་བའི་དང་བླངས་དམག་སྐུལ་ལམ་ལུགས་ཀྱི་དམག་དཔུང་ཁྲོད། བཅུ་དཔོན་ནི་དང་བླངས་དམག་མིའམ་ཧྲི་ཀོན་གྱིས་འགན་འཁུར་བ་ཡིན། བཅུ་ཤོག་གཅིག་ལ་ཧ་ལམ་མི་བརྒྱད་ནས་བཅུ་བར་ཡོད་ལ། སྤྱིར་བཏང་དུ་མི་བརྒྱད་ཡོད་པ་ཡིན།
《ནང་སྲིད་ཀྱི་སྲོལ་ཡིག》གི་གཏན་འབེབས་གཞིར་བཟུང་ན། བཅུ་དཔོན་གྱི་འགན་འཁྲི་ནི་གཤམ་གསར་ལྟར།
1.བཅུ་ཤོག་ཡོངས་ལ་སྣེ་ཁྲིད་དེ་དམག་འཐབ་ཀྱི་གྲ་སྒྲིག་ལེགས་པོ་བསྒྲུབ་པ་དང་། བཅུ་ཤོག་ལ་བཀོད་འདོམས་བྱས་ནས་དམག་འཐབ་ཀྱི་ལས་འགན་ལེགས་འགྲུབ་བྱ་བ།
2.བཅུ་ཤོག་ཡོངས་ཀྱི་དམག་སྲིད་སྦྱོང་བརྡར་གྱི་ལས་འགན་ལེགས་འགྲུབ་བྱ་བར་སྣེ་ཁྲིད་དེ། བཅུ་ཤོག་གི་མི་སྣ་ཡོངས་ཀྱི་དམག་སྲིད་སྦྱོང་བརྡར་ཐེབས་ཚད་ཇེ་མཐོར་གཏོང་བ།
3.བཅུ་ཤོག་ཡོངས་ཀྱི་སྒྲིག་ཁྲིམས་བརྩི་སྲུང་ལ་སྣེ་ཁྲིད་དེ། གཟབ་ནན་གྱིས་རྩ་འཛུགས་ཀྱི་སྒྲིག་ཁྲིམས་ལག་བསྟར་བྱས་ནས། སྤྱོད་པ་བཟང་པོ་གསོ་བ།
4.བཅུ་ཤོག་ཡོངས་ལ་སྣེ་ཁྲིད་དེ་གོ་མཚོན་སྒྲིག་ཆས་ལ་གཅེས་སྐྱོང་དང་། གཟབ་ནན་གྱིས་བཀོལ་སྤྱོད་ཐད་ཀྱི་གཏན་འབེབས་བརྩི་སྲུང་བྱ་བ། གོ་མཚོན་སྒྲིག་ཆས་ལ་བྱང་ཆ་ལྡན་པའི་སྒོ་ནས་ཁོང་དུ་ཆུད་པར་བྱ་བ།
5.བཅུ་ཤོག་གི་མི་སྣ་ཡོངས་ཀྱི་བསམ་བློའི་གནས་ཚུལ་དང་སེམས་ཁམས་གནས་ཚུལ་ཁོང་དུ་ཆུད་པ་བྱས་ཏེ། དུས་ཐོག་ཏུ་བསམ་བློ་ཆབ་སྲིད་ཀྱི་བྱ་བ་དང་སེམས་ཁམས་ལམ་སྟོན་སློབ་ཁྲིད་ཀྱི་བྱ་བ་ལེགས་པོ་བསྒྲུབ་པ། བཅུ་ཤོག་གི་མཐུན་སྒྲིལ་ལ་ཤུགས་སྣོན་དང་། ལས་འགན་སོ་སོའི་ལེགས་འགྲུབ་ལ་ཁག་ཐེག་བྱ་བ།
6.བཅུ་ཤོག་ཡོངས་ཀྱི་གསང་དོན་དམ་སྲུང་ལ་སློབ་གསོ་དང་ལྟ་སྐུལ་བྱས་ཏེ། བདེ་འཇགས་ཐབས་ཤེས་དོན་ཐོག་ཏུ་འཁྱོལ་བར་བྱ་བ་དང་། ལས་འཛོལ་དང་གྱོད་དོན་སྣ་ཚོགས་ལ་སྔོན་འགོག་བྱ་བ།
7.གོང་རིམ་གྱིས་གནང་བའི་ལས་འགན་གཞན་དག་ལེགས་འགྲུབ་བྱ་བ།
ཐབ་ལས་བཅུ་དཔོན་གྱི་འགན་འཁྲི་ནི་གཤམ་གསལ་ལྟར།
1.བཅུ་ཤོག་ཡོངས་ལ་རང་འཁྲིའི་ལས་ཀ་ལ་དགའ་ཞེན་ཡོད་པར་སློབ་གསོ་གཏོང་བ་དང་། ཧུར་ཐག་འབད་ཐག་གིས་ལྟོ་ཆས་ཇེ་ལེགས་སུ་གཏོང་བ།
2.བཅུ་ཤོག་ཡོངས་ཀྱི་ཆེད་ལས་ལག་རྩལ་སྦྱོང་བརྡར་ལ་རྩ་འཛུགས་བྱས་ཏེ། ཐབ་ལས་ཀྱི་ལག་རྩལ་ཇེ་མཐོར་གཏོང་བ།
3.བཅུ་ཤོག་ཡོངས་ཀྱི་སྒྲིག་ཁྲིམས་བརྩི་སྲུང་ལ་སྣེ་ཁྲིད་དེ། གཟབ་ནན་གྱིས་རྩ་འཛུགས་ཀྱི་སྒྲིག་ཁྲིམས་ལག་བསྟར་བྱས་ནས། སྤྱོད་པ་བཟང་པོ་གསོ་བ།
4.བཅུ་ཤོག་གི་མི་སྣ་ཡོངས་ཀྱི་བསམ་བློའི་གནས་ཚུལ་ཁོང་དུ་ཆུད་པ་བྱས་ཏེ། བསམ་བློ་ཆབ་སྲིད་ཀྱི་བྱ་བ་ལེགས་པོ་བསྒྲུབ་པ། བཅུ་ཤོག་གི་མཐུན་སྒྲིལ་ལ་ཤུགས་སྣོན་དང་། ལས་འགན་སོ་སོའི་ལེགས་འགྲུབ་ལ་ཁག་ཐེག་བྱ་བ།
5.བཅུ་ཤོག་ཡོངས་ལ་སྣེ་ཁྲིད་དེ་ཟ་ཁང་གི་གཙང་སྦྲ་ཇེ་ལེགས་སུ་བཏང་ནས། ལྟོ་ཆས་ཏེ་གཙང་སྦྲའི་རེ་བ་དང་མཐུན་པར་ཁག་ཐེག་བྱ་བ།
6.བཅུ་ཤོག་ཡོངས་ལ་གྲོན་ཆུང་ནན་ཏན་ཐད་ཀྱི་སློབ་གསོ་གཏོང་བ་དང་། ཁྱིམ་བྱ་དང་ཁྱིམ་ཕྱུགས་གསོ་བ་ཇེ་ལེགས་སུ་གཏོང་བ། ཚོད་མ་སྙོལ་བ་སོགས་ཞོར་ཟས་ལས་སྣོན་དང་སྔོ་ཚོད་སོས་པ་གསོག་གཉེར་ཐད་ཀྱི་བྱ་བ་ཇེ་བཟང་དུ་གཏོང་བ།
7.བཅུ་ཤོག་ཡོངས་ཀྱི་གསང་དོན་དམ་སྲུང་ལ་སློབ་གསོ་དང་ལྟ་སྐུལ་བྱས་ཏེ། བདེ་འཇགས་ཐབས་ཤེས་དོན་ཐོག་ཏུ་འཁྱོལ་བར་བྱ་བ་དང་། ལས་འཛོལ་དང་གྱོད་དོན་སྣ་ཚོགས་ལ་སྔོན་འགོག་བྱ་བ།