སྤྱི་ཚོགས་ས་ཁམས་རིག་པ་ནི་གཙོ་བོ་འཛམ་གླིང་འཁྲུག་ཆེན་གཉིས་པའི་རྗེས་ནས་འཕེལ་རྒྱས་ཕྱིན་པ་ཡིན་མོད། འོན་ཀྱང་ཐོག་མ་ནི་དུས་རབས20པའི་དུས་འགོར་བྱུང་བ་རེད། ཧྥ་རན་སེའི་མི་ཆོས་ས་ཁམས་རིག་པ་བ་ཝེ་ཏ་ཨེར་པའེ་ལན་ཧྲི་ཡིས་སྔོན་མའི་ཡོད་སྲིད་སྨྲ་བའི་ལྟ་བ་ཡིས་སྤྱི་ཚོགས་ས་ཁམས་རིག་པ་ལ་གཞུང་ལུགས་ཀྱི་རྨང་བཏིངས་པ་རེད།
ཞིབ་འཇུག་གི་ནང་དོན་ནི་མི་ཆོས་ས་ཁམས་རིག་པའི་གྲུབ་ཆ་ཡིན། ས་ཁམས་རིག་པའི་ཐད་ནས་མིའི་རིགས་ཀྱི་རིགས་སོ་སོའི་སྤྱི་ཚོགས་སྣང་ཚུལ་དང་སྤྱི་ཚོགས་ཁྱད་ཆོས། སྤྱི་ཚོགས་ཚོགས་ཁག་གི་ས་ཁོངས་ཁྱབ་ཚུལ་དང་ཁྱད་པར་ལ་ཞིབ་འཇུག་བྱེད་པ་ཡིན་པར་མ་ཟད། རིགས་སོ་སོའི་སྤྱི་ཚོགས་ཚོགས་ཁག་གི་རྣམ་པ་གྲུབ་པའི་བརྒྱུད་རིམ་དང་བར་སྟོང་གི་སྒྲིག་གཞི་ལའང་ཞིབ་འཇུག་བྱེད་པའི་རིག་ཚན་ཞིག་ཡིན། སྲོལ་རྒྱུན་གྱི་སྤྱི་ཚོགས་ས་ཁམས་རིག་པ་དེ་སྤྱི་ཚོགས་འཚོ་བའི་ཁྲོད་ཀྱི་མི་གྲངས་དང་ཚོ་བ། དཔལ་འབྱོར། འགྲིམ་འགྲུལ། ཆབ་སྲིད་རིག་གནས་གནད་དོན་སོགས་དང་འབྲེལ་ཆེ་བས། ཞིབ་འཇུག་གི་ནང་དོན་རྒྱ་ཆེན་པོ་འདུག་ཅིང་། དཔེར་ན་ཞིབ་འཇུག་པ་ཅི་ཨེར་པོ་ཐེ་སོགས་ཀྱི་ལྟ་ཚུལ་ལྟར་སྤྱི་ཚོགས་ས་ཁམས་རིག་པའི་ཁྲོད་གཤམ་གསལ་གྱི་ནང་དོན་ཁག་བཞི་འདུས་པ་སྟེ།
གཅིག ས་ངོས་མི་གྲངས་ཀྱི་ཁྱབ་སྟངས།
གཉིས། སྡེ་བའི་ཁྱབ་སྟངས་དང་དེའི་རྣམ་པ།
གསུམ། གྲོང་ཁྱེར་གྱི་ས་ཁམས།
བཞི། སྤྱི་ཚོགས་ཚོགས་སྤྱིའི་ཁྱབ་སྟངས་དང་ཁོར་ཡུག་མི་གཅིག་པའི་འོག་གི་འཚོ་སྟངས་ཀྱི་ས་ཁམས་དབྱེ་ཞིབ།
གཅིག སྤྱི་ཚོགས་ཅན་རིམ་བཞིན་མི་ཆོས་ས་ཁམས་ཁྱབ་ཁོངས་སོ་སོར་འཐིམ་པ་ནས་བྱུང་བའི་སྤྱི་ཚོགས་ས་ཁམས་རིག་ཚན་གྱི་ཕྱོགས་ཐོར།
གཉིས། རིག་ཚན་གྱི་འཕེལ་རྒྱས་ཀྱིས་དངོས་ཡོད་གནད་དོན་ཐག་གཅོད་བྱེད་པའི་ཕྱོགས་གཙོར་འཛིན་པ།
གསུམ། ཞིབ་འཇུག་ཐབས་ལམ་དང་བྱེད་ཕྱོགས་ཐད་ཀྱི་གསར་བརྗེ།