ཨན་ཧུའེ་ཞིང་ཆེན།སྔ་མའི་པར་གཞི་དེ ལྕགས་མོ་རྒྱལ།  ནས 2015-11-07 17:50ལ་འགྲུབ།

ཨན་ཧུའེ་ཞིང་ཆེན།

ཨན་ཧུའེ་ཞིང་ཆེན།
ཨན་ཧུའེ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཤར་ཕྱོགས་སྐམ་ས་ཆེན་མོའི་ཞིང་ཆེན་ཞིག་ཡིན་ཞིང་། བསྡུས་མིང་ལ་ཝན་ཟེར། ཆིང་གི་གོང་མ་ཁང་ཞི་ཁྲི་ལོ་དྲུག་པ་སྟེ་སྤྱི་ལོ1667ལོ་བཙུགས་པ་དང་། ཞིང་ཆེན་གྱི་མིང་ལ་སྐབས་དེར་ཨན་ཆིང་ཧྥུ་དང་ཧུའེ་ཀྲོའུ་ཧྥུ་ཞེས་པའི་ཧྥུ་གཉིས་ཀྱི་ཐོག་མའི་ཡི་གེ་གཉིས་བླངས་ཏེ་སྦྱར་བས་ཨན་ཧུའེ་སུ་གྲུབ། སྤྱི་ལོ2012ལོའི་བར། ཨན་ཧུའེ་ཞིང་ཆེན་དུ་ས་གནས་རིམ་པའི་གྲོང་ཁྱེར16 དང་རྫོང 62 རྫོང་རིམ་པའི་ས་ཁུལ43ཡུལ་ཚོ་དང་གྲོང་རྡལ། སྲང་ལམ་ལས་དོན་ཁང་བཅས1522 ཡོད། གཞན་སྐྱེ་དངོས་ཀྱི་ཐོན་ཁུངས་དང་། སྲོག་ཆགས་ཀྱི་ཐོན་ཁུངས། གཏེར་ཁའི་ཐོན་ཁུངས། ཆུའི་ཐོན་ཁུངས། སའི་ཐོན་ཁུངས་སོགས་ཡོད་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
安徽省
ཕྱི་ཡིག་གི་མིང་།
Anhui Province
མིང་གཞན།
ཝན། ཨན་ཧུའེ།
སྲིད་འཛིན་ས་ཁུལ་གྱི་རིགས་དབྱེ།
ཞིང་ཆེན།
ཁོང་གཏོགས་ས་ཁུལ།
ཀྲུང་གོའི་ཧྭ་ཤར་ས་ཁུལ།
མངའ་ཁོངས།
ས་གནས་རིམ་པའི་གྲོང་ཁྱེར་བཅུ་དྲུག་དང་། རྫོང་རིམ་པའི་གྲོང་ཁྱེར་དྲུག རྫོང་ཁག་ལྔ་བཅུ་ང་དྲུག་ཡོད།
ས་ཁོངས་ཁ་པར་ཨང་རྟགས།
0550-0566
སྦྲག་སྲིད་ཨང་གྲངས།
230000-247000
གནས་ཡུལ།
ཀྲུང་གོའི་ཤར་རྒྱུད་དང་། འབྲི་ཆུའི་སྨད་རྒྱུད། ཆུ་བོ་ཧོའེ་ཧོ་དབུས་རྒྱུད།
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ་ཆིག་འབུམ་བཞི་ཁྲི་ཡོད།
མི་གྲངས།
བྱེ་བ་དྲུག་དང་ས་ཡ་དགུ་དང་ཆིག་འབུམ་ཉིས་ཁྲི་ཡོད།
གནམ་གཤིས།
ཚ་དྲོད་ཁུལ་ནས་ཚ་ཁུལ་ཕལ་བའི་བར་བརྒལ་གྱི་ནམ་ཟླ།
མཛེས་ལྗོངས་གྲགས་ཅན།
ཧོང་ཧྲན།
རླངས་འཁོར་ཨང་རྟགས།
皖A-皖S
1 ལོ་རྒྱུས།

སྤྱི་ལོ1667ལོའི་ཟླ8པའི་ཚེས30ཉིན་ཨན་ཧུའེ་ཞིང་ཆེན་འཛུགས་འགོ་བརྩམས། ཨན་ཆིང་ཧྥུ་དང་ཧུའེ་ཀྲོའུ་ཧྥུ་ཞེས་པའི་ཧྥུ་གཉིས་ཀྱི་ཐོག་མའི་ཡི་གེ་གཉིས་བླངས་ཏེ་སྦྱར་བས་ཨན་ཧུའེ་ཞེས་སུ་གྲུབ།

གདོད་མའི་སྤྱི་ཚོགས་ཀྱི་དུས་མཇུག་ཏུ། ཨན་ཧུའེ་ས་ཁོངས་ཀྱི་ཧོའེ་བྱང་དང་འབྲི་ཆུ་དང་ཆུ་བོ་ཧོའེ་ཧོ་ས་ཁུལ་ནི་ཧོའེ་རྒྱུད་རྒྱལ་ཁག་དང་ལྷོ་ཕྱོགས་ཚོ་བས་རྒྱལ་ཁག་འཛུགས་པའི་ས་ཁོངས་ཡིན། ཅང་ནན་ས་ཁུལ་ནི་ཡའོ་རིགས་སོགས་ཕྱོགས་བཞིའི་གྲངས་ཉུང་མི་རིགས་ཀྱི་ས་ཁོངས་ཡིན།

ཁྲུན་ཆིའུ་ཀྲན་གོའི་དུས་སྐབས་སུ་ཕྱོགས་གཏོགས་རྒྱལ་ཁབ་དང་ས་གནས་ཀྱི་རྒྱལ་ཁག་ལ་བྱང་ཕྱོགས་ཀྱི་རྒྱལ་ཁག་ཆེན་པོ་དང་ལྷོ་ཕྱོགས་ཀྱི་ཝུའུ་དང་ཡེའུ། ཁྲུའུ་སོགས་བྱང་གི་རྒྱལ་ཁག་ཆེན་པོས་སྡེབ་སྒྲིག་བྱས་ཡོད། ཁ་ཤས་ནི་ཆེས་སྔ་བའི་ཅུན་དང་རྫོང་དུ་གྱུར་ལ། ཏུའུ་ཡེ་ཡང་ས་སྐྱོང་ཁུལ་དུ་གྱུར།

ཆིན་གྱིས་ཅུན་རྫོང་ལམ་ལུགས་སྤེལ་ཞིང་། ཨན་ཧུའེ་ས་ཁོངས་སུ་དབྱི་རྫོང་སྔོན་དང་། དེ་ནས་ཅིའུ་ཅང་དང་། སི་ཧྲུའེ། ཏང་ཅུན། ཁྲིན་ཅུན། ཁོའེ་ཅི་ཅུན་སོགས་ནི་རིམ་པ་དང་པོའི་ས་གནས་སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས་ཡིན། ཆིན་རྒྱལ་རབས་ཀྱི་དུས་མཇུག་དང་ཁྲུའུ་ཧན་འཁྲུག་རྩོད་ཀྱི་དུས་སྐབས་སུ། ཡང་ཀྲང་ཅུན་དང་། ཧིང་ཧྲན། ལུའུ་ཅང་ཅུན་བཅས་གསར་སྣོན་བྱས་པར་མ་ཟད། ཅིའུ་ཅང་དང་། ཁྲུའུ་ནུབ་མ། ཧིང་ཧྲན་སོགས་རྒྱལ་ཕྲན་རྒྱལ་ཁབ་ཀྱི་དབྱེ་མཚམས་སུ་བྱས།

ཧན་རྒྱལ་རབས་ཀྱི་ཐོག་མའི་དུས་སྐབས་སུ། ཨན་ཧུའེ་ཡི་ས་ཁོངས་སུ་སྔར་བཞིན་ཁྲུའུ་དང་ཧོའེ་ལྷོ་སོགས་རུས་གཅིག་པའི་རྒྱལ་བོས་ས་བསྲུངས་ཤིང་། རྗེས་སུ་རུས་མི་གཅིག་པའི་རྒྱལ་བོ་ལིའུ་པང་ལ་གནང་བའི་ཧོའེ་ལྷོ་དང་། ཅིང་། ཧོའེ་དབྱང་། ལིང་གོ་སོགས་དབྱེ་མཚམས་སུ་བྱས། རྗེས་སུ་མང་ཆེ་བ་ཅུན་དང་རྫོང་དུ་སླར་གསོ་བྱུང་བར་མ་ཟད་སྔར་བཞིན་ཅུན་ནི་རིམ་པ་དང་པོའི་སྲིད་འཛིན་ས་ཁུལ་དུ་བགོས་ལ། རྫོང་ནི་རིམ་པ་གཉིས་པའི་སྲིད་འཛིན་ས་ཁུལ་དུ་བགོས།

ཧན་རྒྱལ་རབས་ཤར་མའི་དུས་སྐབས་སུ་ཁུལ་དང་ཅུན། རྫོང་བཅས་རིམ་པ་གསུམ་གྱི་དོ་དམ་སྒྲིག་གཞི་བཙུགས་ཤིང་། ད་ལྟ་ཞིང་ཆེན་ས་ཁོངས་སུ་སྔར་བཞིན་དབྱང་དང་། ཡུས། ཞུས་བཅས་ཁུལ་གསུམ་གྱིས་དབྱེ་མཚམས་ཕྱེས།

རྒྱལ་ཁབ་གསུམ་གྱི་དུས་སྐབས་སུ། ཨན་ཧུའེ་ས་ཁོངས་སུ་ཝེ་དང་ཝུའུ་རྒྱལ་ཁབ་སོ་སོར་བཙུགས་པའི་དབྱང་ཀྲོའུ་དང་ཝེ་ཞུས། ཡུས་བཅས་ཁུལ་བཞིའི་དབྱེ་མཚམས་སུ་གནས། ཝུའུ་རྒྱལ་ཁབ་ཀྱི་དབྱང་ཀྲོའུ་ལ་འབྲེལ་བའི་ཞིན་ཏུའུ་དང་། ལུའུ་ཅང་། ཏན་དབྱང་བཅས་ཅུན་གསུམ་ནི་འབྲི་ཆུ་དང་ཆུ་བོ་ཧོའེ་ཧོའི་ལྷོ་ཕྱོགས་དང་ཅང་ནན་ས་ཁུལ་དུ་རྫོང་དགུ་བཙུགས།

ཐང་རྒྱལ་རབས་ཀྱི་དུས་འགོར། ཅུན་མེད་པར་བཟོས་ཏེ་ཁུལ་དུ་བསྒྱུར་ཅིང་། ཁུལ་དང་རྫོང་བཅས་རིམ་པ་གཉིས་པའི་དོ་དམ་མ་ལག་ལག་བསྟར་བྱས། ཀྲེན་ཀོན་ཁྲི་ལོ་དང་པོའི་སྐབས་སུ། ད་ལྟའི་ཨན་ཧོའུ་ས་ཁོངས་སུ་རྫོང85དང་ཁུལ33བཙུགས།

རྒྱལ་རབས་ལྔ་དང་རྒྱལ་ཁབ་བཅུའི་སྐབས་སུ། ཧོའེ་བྱང་ས་ཁུལ་སྔ་གཞུག་ཏུ་ལིང་རྗེས་མ་དང་ཐང་སྔོན་མ། ཅིན་རྗེས་མ། ཧན་རྗེས་མ། ཀྲོའུ་རྗེས་མ་བཅས་རྒྱལ་རབས་ཆུང་བ་ལྔས་དབྱེ་མཚམས་བགོས། ལྷོ་ཕྱོགས་ནི་སྔ་གཞུག་ཏུ་ཝུའུ་རྒྱལ་ཁབ་དང་ནན་ཐང་རྒྱལ་ཁབ་ཀྱིས་བཟུང་ཞིང་། རྒྱལ་རབས་ལྔའི་དུས་དཀྱིལ་ནས་ཀྲོའུ་རྗེས་མའི་དུས་འགོའི་བར། ཧོའེ་བྱང་ས་ཁུལ་དུ་རྫོང13བཙུགས་པ་དང་། ཀྲོའུ་རྗེས་མས་འབྲི་ཆུ་དང་ཆུ་བོ་ཧོའེ་ཧོའི་ས་ཁུལ་བཟུང་རྗེས་རྫོང25དང་ཅུན1བཙུགས། ཝུའུ་རྒྱལ་ཁབ་ཀྱིས་འབྲི་ཆུ་དང་ཆུ་བོ་ཧོའེ་ཧོ། ཅང་ནན་ས་ཁུལ་བཟུང་སྟེ་རྫོང41བཙུགས།

སུང་བྱང་མའི་དུས་སྐབས་སུ། ལུའུ་དང་ཧྥུ།  རྫོང་བཅས་རིམ་པ་གསུམ་གྱི་དོ་དམ་མ་ལག་ལག་བསྟར་བྱས་ཤིང་། ད་ལྟའི་ཨན་ཧོའུ་ས་ཁོངས་སུ་སྔ་གཞུག་ཏུ་རིམ་པ་གསུམ་གྱི་སྲིད་འཛིན་ས་ཁུལ64བཙུགས་པ་དང་།  སྔ་གཞུག་ཏུ་ཧྥུ4དང་ཁུལ13 ཅུན8འདུ་ལ། རིམ་པ་གཉིས་ཀྱི་སྲིད་འཛིན་ས་ཁུལ25རུ་བགོས་ཏེ་ལུའུ5རུ་གཏོགས་པར་བྱས།

སུང་རྒྱལ་རབས་དང་ཅིན་རྒྱལ་རབས་ཕན་ཚུན་འགལ་རྩོད་ཀྱི་དུས་སྐབས་སུ། སུང་ལྷོ་མའི་དུས་འགོར་ཞིང་ཆེན་ཡོངས་ཀྱི་སྣེ་ཁྲིད་ཅིང་། རྗེས་སུ་ཆུ་བོ་ཧོའེ་ཧོ་ནི་དབྱེ་མཚམས་སུ་བྱས་ཏེ་ཅིན་རྒྱལ་ཁབ་དང་འགལ་ཟླར་ལངས། འབྲི་ཆུ་དང་ཆུ་བོ་ཧོའེ་ཧོའི་ས་ཁུལ་རྒྱུན་དུས་གཡུལ་སར་གྱུར། བྱང་ཕྱོགས་ནི་སྔ་གཞུག་ཏུ་ཅིན་རྒྱལ་ཁབ་དང་། ཧན་རྒྱལ་ཁབ། ཡོན་རྒྱལ་རབས་བཅས་ཀྱིས་བཟུང་། སུང་ལྷོ་མས་སྔ་གཞུག་ཏུ་ཞིང་ཆེན་ས་ཁོངས་སུ་རྫོང51དང་ཅུན2བཙུགས་ཤིང་། དེར་ཧྥུ3དང་ཁུལ8 ཅུན7འདུ་ལ། རིམ་པ་གཉིས་ཀྱི་སྲིད་འཛིན་ས་ཁུལ18དུ་རྩིས། ཧོའེ་ཤར་ལྷོ་དང་། ཧོའེ་ལྷོ་ནུབ། འབྲི་ཆུའི་ལྷོ་ནུབ་བཅས་ལུའུ3བགོས།

ཡོན་རྒྱལ་རབས་ཀྱི་དུས་སྐབས་སུ། ཞིང་ཆེན་དང་། ལུའུ། སན་ཧྥུ། ཁུལ་བཅས་རིམ་པ་བཞིའི་དོ་དམ་མ་ལག་ལག་བསྟར་བྱས་ཤིང་། ད་ལྟའི་ཨན་ཧོའུ་ཞིང་ཆེན་ས་ཁོངས་སུ་རྫོང60བཙུགས་པ་དང་། དེར་ལོའུ11དང་ཧྥུ2 ཁུལ10བཅས་འདུ་ལ། ཞིང་ཆེན3དུ་གཏོགས་པར་བྱས།

ཆིང་རྒྱལ་རབས་ཀྱི་དུས་འགོར། ཐད་གཏོགས་ནན་ཅིན་ནི་ཅང་ནན་ཞིང་ཆེན་དུ་བསྒྱུར་བ་དང་། ད་ལྟའི་ཨན་ཧུའེ་ས་ཁོངས་སུ་ཅང་ནན་ཞིང་ཆེན་གྱི་ནུབ་རྒྱུད་ས་ཁུལ་ཡིན་ལ། སན་ཀྲོའུ་དང་རྫོང56བཙུགས་པ་དང་། ཧྥུ7དང་། ཐད་གཏོགས་ཁུལ4བཙུགས་ལ། རིམ་པ་གཉིས་ཀྱི་ས་གནས་སྲིད་འཛིན་ས་ཁུལ11ཏུ་བརྩིས།

ཆིང་རྒྱལ་རབས་ཀྱི་དུས་སྐབས་སུ། ཏའོ་དང་ཧྥུ། རྫོང་བཅས་རིམ་པ་གསུམ་གྱི་དོ་དམ་མ་ལག་ལག་ཏུ་བསྟར་བ་དང་། ཀྲུང་ཧྭ་མི་སེར་རྒྱལ་ཁབ་བཙུགས་རྗེས། ཧྥུ་དང་ཁུལ། ཏའོ་བཅས་མེད་པར་བཟོས་ཤིང་། པེ་ཅིང་སྲིད་གཞུང་དུས་འགོའི་སྐབས་སུ་ཞིང་ཆེན་དང་རྫོང་བཅས་རིམ་པ་གཉིས་ཀྱི་དོ་དམ་མ་ལག་བསྟར་བ་དང་། མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་གསུམ་པ་སྟེ་སྤྱི་ལོ1914ལོའི་ཟླ6པའི་ཚེས2ཉིན་རྒྱལ་ཡོངས་སུ་ཞིང་ཆེན་དང་རྫོང་། ཏའོ་བཅས་རིམ་པ་གསུམ་གྱི་དོ་དམ་མ་ལག་ལག་བསྟར་བྱས།

ནན་ཅིན་སྲིད་གཞུང་གི་དུས་འགོར་ཞིང་ཆེན་དང་རྫོང་བཅས་རིམ་པ་གཉིས་ཀྱི་དོ་དམ་མ་ལག་ལག་བསྟར་བྱས་པ་དང་། མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་ཉེར་གཅིག་པ་སྟེ་སྤྱི་ལོ1932ལོའི་ཟླ4བའི་ཚེས2ཉིན་ཧྲོའུ་ཞན་ལམ་ལུགས་ལག་བསྟར་བྱས། སྤྱི་ལོ1952ལོའི་ཟླ8པའི་ཚེས7ཉིན། ཝན་ནན་དང་ཝན་བྱང་མི་དམངས་སྲིད་འཛིན་ཁང་དེ་མཉམ་སྡེབ་ཀྱིས་ཨན་ཧུའེ་ཞིང་ཆེན་བཙུགས་ལ། ཟླ8པའི་ཚེས25ཉིན། ཨན་ཧུའེ་ཞིང་ཆེན་མི་དམངས་སྲིད་གཞུང་དངོས་སུ་བཙུགས་པ་དང་སྔར་བཞིན་ཞིང་ཆེན་དང་ཞིང་ཆེན་དུ་གཏོགས་པའི་གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱི་དོ་དམ་མ་ལག་ལག་བསྟར་བྱས།

2 གནས་ཡུལ།

ཨན་ཧུའེ་གནས་པའི་ས་ཁོངས་ནི་ཀྲུང་གོའི་དཔལ་འབྱོར་ཆེས་འཕེལ་རྒྱས་སུ་ཕྱིན་པའི་ས་ཁོངས་ཏེ་ཧྭ་ཤར་ས་ཁུལ་ཡིན་པ་དང་། དཔལ་འབྱོར་གྱི་ཐད་ནས་ཀྲུང་གོའི་ཤར་དབུས་ཁག་གི་དཔལ་འབྱོར་ས་ཁུལ་དུ་གཏོགས། ཞིང་ཆེན་དེ་ཤར་གྱི་གཞུང་ཐིག114°54′-119°37′དང་། བྱང་གི་འཕྲེད་ཐིག29°41′-34°38′བར་དུ་གནས་ཤིང་། ཞིང་ཆེན་ཡོངས་ཀྱི་ཤར་ནུབ་ཀྱི་ཞེང་ཚད་ལ་ཧ་ལམ་སྤྱི་ལེ450དང་། ལྷོ་བྱང་གི་རིང་ཚད་ཧ་ལམ་སྤྱི་ལེ570འདུག དེར་ཆུ་བོ་ཧོའེ་ཧོའི་ཐང་གཞོང་ས་ཁུལ་དང་། འབྲི་ཆུ་དང་ཧོའེ་ཧོའི་ས་སྒང་དེའུ་འབུར་ས་ཁུལ། ཝན་ཞི་དེའུ་འབུར་རི་ཐང་ས་ཁུལ། འབྲི་ཆུའི་འབབ་རྒྱུད་ཀྱི་ཐང་གཞོང་ས་ཁུལ། ཝན་ནན་དེའུ་འབུར་རི་ཐང་བཅས་ས་ངོས་ཆགས་ཚུལ་ཀྱི་ས་ཁུལ་ལྔ་ཡོད་ལ། གནམ་གཤིས་ཀྱི་ཐད་ནས་དྲོད་འཇམ་ས་ཁུལ་དང་ཚ་ཁུལ་གྱི་གནམ་གཤིས་སུ་གཏོགས། ཨན་ཧུའེ་ནི་ཀྲུང་གོའི་ལོ་རྒྱུས་སྔོན་གྱི་དཔལ་ཡོན་གྱི་འབྱུང་ཁུངས་ཡིན་པ་དང་། འབྲི་ཆུ་དང་ཆུ་བོ་ཧོའེ་ཧོའི་ལྷོ་བྱང་བརྒལ་ལ། ཧུའེ་རིག་གནས་དང་ཆུ་བོ་ཧོའེ་ཧོའི་རིག་གནས། ཝན་ཅང་རིག་གནས། ཀྲུང་ཡོན་རིག་གནས། ཝུའུ་ཡའོ་རིག་གནས་སོགས་རིག་གནས་སྣ་མང་དང་ས་ཁོངས་ཀྱི་ཁྱད་ཆོས་ལྡན། ཡའོ་ཧྲང་དང་། ཧུའེ་ཧྲང་། ཅིན་ཧྲང་། ཀྲོའུ་ཧྲང་། སུའུ་ཧྲང་བཅས་ལ་ལོ་རྒྱུས་སུ་ཧྲང་ཚོགས་ཆེན་པོ་ལྔ་ཞེས་བརྗོད།

3 ས་དབྱིབས།

ཨན་ཧུའེ་ཞིང་ཆེན་ལ་ཐང་གཞོང་དང་། འབུར་ཐང་། དེའུ་འབུར། རི་སྒང་སོགས་རྣམ་པ་མང་ཞིང་། ཞིང་ཆེན་ཡོངས་སུ་སའི་ཆགས་ཚུལ་སྣ་ལྔ་རུ་བགོས་ཆོག་སྟེ། ཧོའེ་ཧོའི་ཐང་གཞོང་ཁུལ་དང་། འབྲི་ཆུ་དང་ཧོའེ་ཧོའི་འབུར་ཐང་དེའུ་འབུར་ཁུལ། ཝན་ནུབ་དེའུ་འབུར་རི་སྒང་ཁུལ། འབྲི་ཆུའི་རྒྱུད་ཀྱི་ཐང་གཞོང་ཁུལ། ཝན་ལྷོ་དེའུ་འབུར་རི་སྒང་ཁུལ་བཅས་ཡིན།

4 གནམ་གཤིས།

ཨན་ཧུའེ་ཞིང་ཆེན་དེ་གནམ་གཤིས་ཀྱི་ཐད་ནས་དྲོ་འཇམ་ས་ཁུལ་དང་ཚ་ཁུལ་གྱི་གནམ་གཤིས་སུ་གཏོགས། ཁྱད་ཆོས་གཙོ་བོ་ནི་དུས་ཚིགས་མངོན་གསལ་ལྡན་ཞིང་། དཔྱིད་དུས་དྲོ་འཇམ་དང་འགྱུར་བ་མང་ལ། དབྱར་དུས་ཆར་ཆུ་མོད། སྟོན་དུས་མཁའ་དབུགས་བསིལ་འཇམ་ལྡན་པ་དང་དགུན་དུས་གྲང་ངར་ཆེ་བ་ཞིག་ཡིན།

5 མི་རིགས།

སྤྱི་ལོ1953ལོར། ཞིང་ཆེན་ཡོངས་ལ་གྲངས་ཉུང་མི་རིགས་མི་གྲངས136287ཡོད་པ་དང་། བསྡོམས་པས་གྲངས་ཉུང་མི་རིགས12ཀྱིས་གྲུབ་ཡོད། ཧུའེ་རིགས་དང་མན་ཇུའི་རིགས་གཉིས་ལས་གཞན་ད་དུང་བོད་རིགས་མི9དང་། ཡུ་གར་རིགས་མི1 མོའོ་རིགས་མི27 དབྱི་རིགས་མི2 ཀྲོང་རིགས་མི3 ཁྲའོ་ཞན་རིགས་མི9 ཡའོ་རིགས་མི2 ཀའོ་ཧྲན་རིགས་མི3 པུའུ་དབྱི་རིགས་མི1བཅས་འདུག་ལ། སྤྱི་ལོ1964ལོར་ཞིང་ཆེན་ཡོངས་སུ་གྲངས་ཉུང་མི་རིགས་ཀྱི་མི་གྲངས155344འདུག་ཅིང་། གྲངས་ཉུང་མི་རིགས26གིས་གྲུབ་ཡོད། སྤྱི་ལོ1982ལོར་ཞིང་ཆེན་ཡོངས་སུ་གྲངས་ཉུང་མི་རིགས36དང་བསྡོམས་པསམི261811ཡོད།

6 མི་གྲངས།

སྤྱི་ལོ 2014ལོར། ཨན་ཧུའེ་ཞིང་ཆེན་དུ་མི་གྲངས60829000རྒྱུན་སྡོད་བྱེད་ཀྱི་ཡོད་པ་དང་། ལོ་སྔོན་མ་ལས་མི་གྲངས531000འཕར་སྣོན་བྱུང་ཡོད། གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད་ནི49.2%ཡིན་ཞིང་། ལོ་སྔོན་མ་ལས་བརྒྱ་ཆའི1.3 ཇེ་མང་དུ་སོང་ཡོད། ལོ་ཧྲིལ་བོའི་བྱིས་པ་སྐྱེས་ཚད་ནི12.86% ཡིན་ལ། ལོ་སྔོན་མ་ལས་སྟོང་ཆའི0.02ཀྱིས་ཇེ་ཉུང་དུ་ཕྱིན་ཡོད་ཅིང་། ཤི་ཚད་ནི5.89% ཡིན་ཞིང་། སྟོང་ཆའི 0.17གྱིས་ཇེ་ཉུང་དུ་ཕྱིན་ཡོད། ལོ་རེར་མི་གྲངས་རང་ཤུགས་ཀྱིས་འཕེལ་ཚད་ནི6.97% ཡིན་ལ། སྟོང་ཆའི0.15ཡིས་འཕར་སྣོན་བྱུང་ཡོད།


དཔྱད་གཞིའི་ཡིག་ཆ།