སངས་རྒྱས་སྐྱབས།སྔ་མའི་པར་གཞི་དེ ལོ་མི་ཆུང་།  ནས 2015-11-07 16:37ལ་འགྲུབ།

སངས་རྒྱས་སྐྱབས།

སངས་རྒྱས་སྐྱབས།
ཁོང་ནི་མཚོ་སྔོན་ཞིང་ཆེན་མཚོ་ཤར་གཞོང་ཐང་དུ་སྐྱེས། མཚོ་སྔོན་མི་རིགས་སློབ་གླིང་རྒྱ་ཡིག་སྡེ་ཁག་ཏུ་སློབ་སྦྱོང་བྱས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
桑结加
སྐྱེས་ལོ།
སྤྱི་ལོ1942ལོའི་ཟླ11པ།
ེརྒྱལ་ཁབ།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ།
མི་རིགས།
བོད་རིགས།
སྐྱེས་ཡུལ།
མཚོ་སྔོན་ཞིང་ཆེན་མཚོ་ཤར་ས་ཁུལ་གཞོང་ཐང་རྫོང་།
མཐར་ཕྱིན་སློབ་གྲྭ།
མཚོ་སྔོན་མི་རིགས་སློབ་གླིང་།
1 ངོ་སྤྲོད།

ཁོང་ནི་སྤྱི་ལོ1942ལོའི་ཟླ11པར་མཚོ་སྔོན་ཞིང་ཆེན་མཚོ་ཤར་གཞོང་ཐང་དུ་སྐྱེས།  སྤྱི་ལོ1972ལོའི་ཟླ2པར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས། སྤྱི་ལོ1959ལོའི་ཟླ9བ་ནས1963ལོའི་ཟླ9བའི་བར་མཚོ་སྔོན་མི་རིགས་སློབ་གླིང་རྒྱ་ཡིག་སྡེ་ཁག་ཏུ་སློབ་སྦྱོང་བྱས་ཤིང་། སྤྱི་ལོ1963ལོའི་ཟླ9བར་བྱ་བར་ཞུགས།

2 བྱ་བའི་བརྒྱུད་རིམ།

སྤྱི་ལོ1963ལོའི་ཟླ9བ་ནས1975ལོའི་ཟླ5བའི་བར།  མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་རྩོམ་སྒྲིག་ཁང་དུ་རྩོམ་སྒྲིག་དང་ལོ་ཙཱའི་ལས་ཀ་བསྒྲུབས་པ་དང་།  རྩོམ་སྒྲིག་པུའུ་ཏང་ཀྲུ་པུའུ་ཧྲུའུ་ཅི་དང་བོད་ཡིག་སྒྲིག་སྒྱུར་ཚན་ཁག་གི་ཚན་གཙོ་གཞོན་པའི་འགན་གཅིག་ལྕོགས་སུ་བཞེས།(སྤྱི་ལོ1965ལོའ་ཟླ6པ་ནས1966ལོའི་ཟླ8པ་དང་སྤྱི་ལོ1970ལོའི་ཟླ7པ་ནས་སྤྱི་ལོ1971ལོའི་ཟླ7པའི་བར་དུ། ཀྲུང་དབྱང་མི་རིགས་དཔེ་སྐྲུན་ཁང་གི་བོད་ཡིག་སྒྲིག་སྒྱུར་ཁང་དུ་གཡོར་སྤོར་བྱས་ཏེ་ལས་ཀ་བསྒྲུབས།)

སྤྱི་ལོ1975ལོའི་ཟླ5བ་ནས1981ལོའི་ཟླ4བའི་བར། མཚོ་སྔོན་ཞིང་ཆེན་རིག་གནས་ཅུའུ་དཔེ་སྐྲུན་ཁྲུའུ་ཁྲུའུ་ཀྲང་དང་ཞིང་ཆེན་དཔེ་སྐྲུན་ཅུའུ་དཔེ་སྐྲུན་འགྲེམ་སྤེལ་ཁྲུའུ་ཁྲུའུ་ཀྲང་གི་འགན་བཞེས།

སྤྱི་ལོ1981ལོའི་ཟླ4བ་ནས1983ལོའི་ཟླ12པའི་བར།  མཚོ་སྔོན་ཞིང་ཆེན་དཔེ་སྐྲུན་ཅུའུ་ཅུའུ་ཀྲང་གཞོན་པ་དང་ཞིང་ཆེན་རིག་གནས་ཐིན་གྱི་ཐིན་ཀྲང་གཞོན་པའི་འགན་བཞེས། 

སྤྱི་ལོ1983ལོའི་ཟླ12པ་ནས1987ལོའི་ཟླ7པའི་བར།  མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་འགོ་གཙོ་དང་ཏང་ཙུའུ་ཧྲུའུ་ཅིའི་འགན་བཞེས།(སྤྱི་ལོ1984ལོའ་ཟླ9བ་ནས1986ལོའི་ཟླ7པའི་བར་དུ་ཀྲུང་དབྱང་ཏང་གི་སློབ་གྲྭར་ཟབ་སྦྱོང་བྱས།)

སྤྱི་ལོ1987ལོའི་ཟླ10བ་ནས1988ལོའི་ཟླ5བའི་བར།  ཀྲུང་གུང་མཚོ་སྔོན་ཞིང་ཆེན་དྲིལ་སྒྲོག་པུའུ་པུའུ་ཀྲང་གཞོན་པ་དང་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་འགོ་གཙོ། ཏང་ཙུའུ་ཧྲུའུ་ཅིའི་འགན་གཅིག་ལྕོགས་སུ་བཞེས། 

སྤྱི་ལོ1988ལོའི་ཟླ5བ་ནས་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུ་ཧྲུའུ་ཅུ་གཞོན་པའི་འགན་བཞེས།

སྤྱི་ལོ1993ལོའི་ཟླ5བར་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བའི་གྲོས་ཚོགས་ཐེངས་དང་པོའི་སྟེང་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུ་ཧྲུའུ་ཅི་གཞོན་པར་བདམས།

སྤྱི་ལོ1998ལོའི་ཟླ4བར་ཀྲུང་གུང་མཚོ་སྔོན་ཞིང་ཆེན་སྐབས་བཅུ་བའི་ཏང་ཨུ་ཧྲུའུ་ཅི་གཞོན་པའི་འགན་བཞེས།

སྤྱི་ལོ2001ལོའི་ཟླ1པོར་སྲིད་གྲོས་མཚོ་སྔོན་ཞིང་ཆེན་སྐབས་བརྒྱད་པའི་གྲོས་ཚོགས་ཐེངས་བཞི་བའི་སྟེང་མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རུ་བདམས།

སྤྱི་ལོ2003ལོའི་ཟླ1པར་མཚོ་སྔོན་ཞིང་ཆེན་སྲིད་གྲོས་སྐབས་དགུ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་རུ་བདམས།

ཀྲུང་གུང་སྐབས་བཅུ་བཞི་བ་དང་བཙོ་ལྔ་བའི་ཀྲུང་དབྱང་གི་རྗེས་སྣོན་ཨུ་ཡོན་ཡིན།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

མི་སྣ། སྲིད་འཛིན། སངས་རྒྱས་རྒྱལ།