ཧའེ་ནན་ཞིང་ཆེན།སྔ་མའི་པར་གཞི་དེ འབྲུག་རྩེ།  ནས 2015-11-09 08:37ལ་འགྲུབ།

ཧའེ་ནན་ཞིང་ཆེན།

ཧའེ་ནན་ཞིང་ཆེན།
ཧའེ་ནན་ཞིང་ཆེན་གྱི་མིང་བསྡུས་ན་ཆུང་ཞེས་འབོད་པ་དང་། མིང་གཞན་ལ་ཆུང་ཀྲོའུ་ཟེར་བ་ཡིན་ལ། ཀྲུང་གོའི་ལྷོ་ཕྱོགས་སུ་ཡོད་པ་ཡིན། དེ་ཧའེ་ནན་ཞིང་ཆེན་ནི་ཀྲུང་གོའི་གཞི་ཁྱོན་ཆེས་ཆེ་བའི་ཞིང་ཆེན་ཡིན་ཞིང་། ཧའེ་ནན་གྱི་དཔལ་འབྱོར་དམིགས་བསལ་ས་ཁུལ་ནི་ཀྲུང་གོའི་ཞིང་ཆེན་རིམ་པའི་དཔལ་འབྱོར་དམིགས་བསལ་ས་ཁུལ་ཆེས་ཆེན་པོའམ་གཅིག་པུ་དེ་ཡིན།ཡང་ཧའེ་ནན་གླིང་ཕྲན་ནི་ཀྲུང་གོའི་གླིང་ཕྲན་གཉིས་པར་བགྲངས་པ་ཡིན། ཧའེ་ནན་ཞིང་ཆེན་གྱི་བྱང་ཕྱོགས་ནི་ཆུང་ཀྲོའུ་མཚོ་འགག་དང་ཀོང་ཏུང་ཞིང་ཆེན་གཉིས་ལ་ཐུག་ཡོད་ཅིང་། ནུབ་ཕྱོགས་སུ་ཀོང་ཞི་ཀྲོང་རིགས་རང་སྐྱོང་ཁུལ་དང་ཡུའེ་ནན་གཉིས་ལ་ཐག་ཉེ་བ་དང་། ཤར་ཕྱོགས་ནི་ནན་ཧའེ་དང་ཐའེ་ཝན་གཉིས་དང་ཁ་གཏད་དུ་ཡོད་ལ། ཤར་ལྷོའམ་ལྷོ་ཕྱོགས་སུ་ནན་ཧའེ་ཀྲུང་དང་ཧྥི་ལེ་ཕིན། ཝུན་ལའེ། མ་ལའེ་ཞི་ཡ་བཅས་དང་ཐག་ཉེ་བ་ཡིན། སྤྱི་ལོ1988ལོའི་ཟླ4བར།ཧའེ་ནན་ཞིང་ཆེན་དུ་ཧའེ་ནན་དཔལ་འབྱོར་དམིགས་བསལ་ས་ཁུལ་བཙུགས་པ་ཡིན་ལ།ཧའེ་ནན་ཞིང་ཆེན་གྱི་སྲིད་འཛིན་ས་ཁུལ་ནི་ཧའེ་ནན་གླིང་ཕྲན་དང་ཞི་ཧྲ་གླིང་ཚོམ། ནན་ཧྲ་གླིང་ཚོམ། ཀྲུང་ཧྲ་གླིང་ཚོམ་བཅས་ཀྱི་གླིང་ཕྲན་གྱི་ཆུ་འོག་བྲག་རྡོ་དང་རྒྱ་མཚོ་སོགས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
海南省
ཕྱི་ཡིག་གི་མིང་།
Hainan Province
མིང་གཞན།
ཆུང་། ཆུང་ཀྲོའུ། ཆུང་ཐའེ། ཆུང་ཡ། ཧའེ་ནན།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
ཞིང་ཆེན་རིམ་པའི་སྲིད་འཛིན་སྡེ་ཁག
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ཧྭ་ལྷོ་ས་ཁུལ་དུ་གཏོགས།
མངའ་ཁོངས།
ས་ཁུལ་རིམ་པའི་གྲོང་ཁྱེར་བཞི་དང་རྫོང་རིམ་པའི་གྲོང་ཁྱེར་ལྔ། རྫོང་བཞི། རང་སྐྱོང་རྫོང་དྲུག་བཅས་ཡོད།
ས་ཁོངས་ཁ་པར་ཨང་རྟགས།
(+86)0898
སྦྲག་སྲིད་ཨང་རྟགས།
570000 -572900
གནས་ཡུལ།
ཀྲུང་གོའི་ལྷོ་ཕྱོགས།
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ་སུམ་ཁྲི་དང་གྲངས་ཆུང་ལྔ་བཞི་ཡོད།
མི་གྲངས།
ས་ཡ་དགུ་དང་འབུམ་མེད། སུམ་ཁྲི་དང་གྲངས་ཆུང་བཞི་བརྒྱད་ཡོད། (སྤྱི་ལོ2014ལོར། )
སྐད་རིགས།
ཧྭ་ལྷོའི་ཡུལ་སྐད།
གནམ་གཤིས།
ཚ་ཁུལ་དུས་རླུང་གི་ནམ་ཟླ།
མཛེས་ལྗོངས་གྲགས་ཅན།
བན་ལུའི་ཡོན། པོ་ཡུས། ཧེའེ་ནན་ཞུན་ལོང་།
གནམ་གྲུ་ཐང་།
ཧེའེ་ཁུག་མའེ་ལན་རྒྱལ་སྤྱིའི་གནམ་གྲུ་ཐང་། སན་ཡ་ཧྥུན་ཁོང་རྒྱལ་སྤྱིའི་གནམ་གྲུ་ཐང་།
རླངས་འཁོར་ཨང་རྟགས།
琼A至琼E
1 གནས་ཡུལ།

ཧའེ་ནན་ཞིང་ཆེན་ནི་ཀྲུང་གོའི་ལྷོ་ཕྱོགས་སུ་ཡོད་པ་ཡིན་ཏེ། བྱང་ཕྱོགས་ནི་ཆུང་ཀྲོའུ་མཚོ་འགག་དང་ཀོང་ཏུང་ཞིང་ཆེན་གཉིས་ལ་ཐུག་ཡོད་ཅིང་། ནུབ་ཕྱོགས་སུ་ཀོང་ཞི་ཀྲོང་རིགས་རང་སྐྱོང་ཁུལ་དང་ཡུའེ་ནན་གཉིས་ལ་ཐག་ཉེ་བ་དང་། ཤར་ཕྱོགས་ནི་ནན་ཧའེ་དང་ཐའེ་ཝན་གཉིས་དང་ཁ་གཏད་དུ་ཡོད་ལ། ཤར་ལྷོའམ་ལྷོ་ཕྱོགས་སུ་ནན་ཧའེ་ཀྲུང་དང་ཧྥི་ལེ་ཕིན། ཝུན་ལའེ། མ་ལའེ་ཞི་ཡ་བཅས་དང་ཐག་ཉེ་བ་ཡིན། ཧའེ་ནན་ཞིང་ཆེན་གྱི་སྲིད་འཛིན་ས་ཁུལ་ཁོངས་གཏོགས་ནི་ཧའེ་ནན་གླིང་ཕྲན་དང་ཞི་ཧྲ་གླིང་ཚོམ། ནན་ཧྲ་གླིང་ཚོམ། ཀྲུང་ཧྲ་གླིང་ཚོམ་བཅས་ཀྱི་གླིང་ཕྲན་གྱི་ཆུ་འོག་བྲག་རྡོ་དང་རྒྱ་མཚོ་སོགས་ཡིན་ལ། ཞིང་ཆེན་ཡོངས་ཀྱི་སྐམ་སའི་སྤྱིའི་གཞི་ཁྱོན་ནི་སྤྱི་ལེ་གྲུ་བཞི་མ30000.5ཡིན་པ་དང་། རྒྱ་མཚོའི་གཞི་ཁྱོན་ནི་ཧ་ལམ་སྤྱི་ལེ་གྲུ་བཞི་མ2000000གཉིས་ཙམ་ཡིན་ཞིང་། དེའི་ཁྲོད་ཀྱི་ཧའེ་ནན་གླིང་ཕྲན་ལ་སྤྱི་ལེ་གྲུ་བཞི་མ30000.39 ཡོད།

2 གནམ་གཤིས།

ཧའེ་ནན་གླིང་ཕྲན་ནི་ཚ་ཁུལ་གྱི་བྱང་མཐའ་རུ་གནས་པ་ཡིན་ལ། གནམ་གཤིས་ནི་ཚ་ཁུལ་དུས་རླུང་གི་ནམ་ཟླའི་ཁོངས་སུ་གཏོགས་པ་དང་། རང་བྱུང་གི་དྲོད་ཁང་ཆེན་མོ་ཞེས་པར་གྲགས་པ་ཡིན། དེ་རུ་ལོ་ཧྲིལ་བོར་དབྱར་ཁ་ལས་དགུན་ཁ་མེད་པ་ཡིན་ཞིང་། ལོ་ཧྲིལ་བོའི་ཆ་སྙོམས་ཀྱི་དྲོད་ཚད་ནི℃22-℃27 གྱི་བར་ཡིན་ཏེ། ཆེས་འཁྱག་པའི་ཟླ་བའི་ནང་གི་དྲོད་ཚད་ཀྱང℃17-℃24 བར་ཡིན། ཡང་གནས་དེ་རུ་དཔྱིད་ཀ་ཚེས་པ་སྔ་བ་དང་དྲོད་ཚད་འཕར་བ་མགྱོགས་པར་མ་ཟད། ཉིན་ཧྲིལ་བོའི་ནང་གི་དྲོད་ཚད་ཀྱི་བར་ཁྱད་ཧ་ཅང་ཆེ་བ་ཡིན།

ཧའེ་ནན་ཞིང་ཆེན་དུ་ཆར་ཆུའི་འབབ་ཚད་ཧ་ཅང་འཛོམས་པོ་ཡིན་ལ། ལོ་ཧྲིལ་བོའི་ནང་གི་ཆར་ཆུ་འབབ་ཚད་ནི་ཧོ་སྨི1000-2600 བར་ཡིན་པ་དང་། ལོ་ཧྲིལ་བོའི་ཆ་སྙོམས་ཀྱི་ཆར་ཆུ་འབབ་ཚད་ནི་ཧོ་སྨི1639ཡིན་ཞིང་། ལོ་རེའེ་ཟླ་བ5-10ནི་ཆར་ཆུ་མོད་པའི་དུས་ཚིགས་ཡིན་པ་དང་། སྤྱིའི་ཆར་ཆུ་འབབ་ཚད་ནི་ཧོ་སྨི1500 ཡས་མས་ཡིན་ཏེ། ལོ་ཧྲིལ་བོའི་ཆར་ཆུ་འབབ་ཚད་ཀྱི70-90% བར་ཟིན་ཡོད།

3 མི་རིགས།

ཧའེ་ནན་ཞིང་ཆེན་གྱི་གཞིས་ཆགས་མི་རིགས་ནི་རྒྱ་རིགས་དང་ལི་རིགས། མིའོ་རིགས། ཧུའེ་རིགས་བཅས་ཡིན་ལ།དེ་ལས་གཞན་པའི་མི་རིགས་ནི་བཅིངས་འགྲོལ་རྗེས་ས་དེར་གནས་སྤར་བའི་ལས་བྱེད་པ་དང་ལས་བཟོ་བ་སོགས་ཞིང་ཆེན་ཡོངས་ཀྱི་ས་ཆ་སོ་སོར་བགོས་པ་དེ་ཡིན། དེ་ཡང་ལི་རིགས་ནི་ཧའེ་ནན་གླིང་ཕྲན་སྟེང་དུ་འཚོ་སྡོད་ཀྱི་མི་རིགས་ཆེ་སྔ་ཤོས་དེ་ཡིན་ཞིང་། གཞིས་ཆགས་ཀྱི་མི་རིགས་མང་ཆེ་བ་ནི་དབུས་རྒྱུད་དང་ལྷོ་རྒྱུད་ཀྱི་ཆུང་ཀྲུང་། པའོ་ཐིང་། པའེ་ཧྲ། ལིང་ཧྲུའེ། ཁྲང་ཅང་སོགས་རྫོང་སོ་སོ་དང་། སན་ཡ་གྲོང་ཁྱེར་དང་ཝུའུ་ཀྲི་ཧྲན་གྲོང་ཁྱེར་བཅས་སུ་ཁྱབ་ཡོད། ཡང་རྒྱ་རིགས་ནི་གཙོ་བོ་བྱང་ཤར་ས་ཁུལ་དང་བྱང་རྒྱུད། མཚོ་འགྲམ་ས་ཁུལ་བཅས་སུ་ཁྱབ་ཡོད་པ་ཡིན།


བརྡ་འགྲེལ་གདོང་འཛར།

ས་ཁོངས། ཞིང་ཆེན། ཧའེ་ནན་།