ཀུན་དགའ་ཚེ་བརྟན།སྔ་མའི་པར་གཞི་དེ ཨ་སངས།  ནས 2015-11-03 09:07ལ་འགྲུབ།

ཀུན་དགའ་ཚེ་བརྟན།

ཀུན་དགའ་ཚེ་བརྟན།
ཀུན་དགའ་ཚེ་བརྟན་ནི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་དུ་སྐྱེས་པའི་བོད་ཀྱི་སྙན་གྲགས་ཅན་གྱི་གཞས་གདངས་དང་གཞས་ཚིག་རྩོམ་པ་པོ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
更嘎才旦
སྐྱེས་ལོ།
སྤྱི་ལོ1955ལོའི་ཟླ9བའི་ཚེས15ཉིན།
རྒྱལ་ཁབ།
ཀྲུང་གོ།
མི་རིགས།
བོད་རིགས།
སྐྱེས་ཡུལ།
མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ།
ལས་རིགས།
གཞས་གདངས་རྩོམ་པ་པོ།
མཐར་ཕྱིན་སློབ་གྲྭ།
ཧྲང་ཧའེ་རོལ་དབྱངས་སློབ་གླིང་།
འཐུས་ཚབ་བརྩམས་ཆོས།
《མཚོ་སྔོན་གྱི་མི》《རྨ་འབྲིའི་འགྱུར་ཁུགས》
1 ངོ་སྤྲོད།

ཀུན་དགའ་ཚེ་བརྟན་ནི་མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་དུ་སྐྱེས་པའི་བོད་ཀྱི་མིང་གྲགས་ཆེ་བའི་གཞས་གདངས་དང་གཞས་ཚིག་རྩོམ་པ་པོ་ཡིན་ལ། ད་ལྟ་མཚོ་སྔོན་བརྙན་འཕྲིན་ཁང་རིག་གནས་ལུས་རྩལ་ལྟེ་གནས་ཀྱི་རོལ་དབྱངས་གསར་རྩོམ་ཁང་དུ་ལས་ཀ་གཉེར་བཞིན་ཡོད། དེ་མིན་མཚོ་སྔོན་ཞིང་ཆེན་རོལ་དབྱངས་མཁས་ཅན་མཐུན་ཚོགས་ཀྱི་ཀྲོའུ་ཞི་གཞོན་པ་དང་མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་རྒྱུན་ཨུ་ཡིན།

2 བྱ་བའི་བརྒྱུད་རིམ།

སྤྱི་ལོ1975ལོ་ནས1984ལོའི་བར། ཡུས་ཧྲུས་ཁུལ་གླུ་གར་ཚོགས་པའི་རོལ་ཚོགས་ཀྱི་ རོལ་ཆ་པའི་འགན་ཁུར།

སྤྱི་ལོ1984ལོ་ནས1987ལོའི་བར། ཧྲང་ཧེའེ་རོལ་དབྱངས་སློབ་གླིང་ནས་རོལ་དབྱངས་གསར་རྩོམ་གྱི་གཞུང་ལུགས་ལ་སློབ་སྦྱོང་བྱས།

སྤྱི་ལོ1988ལོ་ནས་ད་ལྟའི་བར། མཚོ་སྔོན་བརྙན་འཕྲིན་ཁང་རིག་གནས་ལུས་རྩལ་ལྟེ་གནས་ཀྱི་རོལ་དབྱངས་གསར་རྩོམ་ཁང་དུ་ལས་ཀ་གཉེར་བཞིན་ཡོད།

སྤྱི་ལོ1998ལོར། ཀྲུང་གོའི་བརྙན་འཕྲིན་སྒྱུ་རྩལ་གྱི་ལས་བཟོ་པའི་མཚན་སྙན་གནང་།

སྤྱི་ལོ2000ལོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་ཕོགས་སྣོན་གྱི་ཆེད་མཁས་པ་རུ་བདམས།

སྤྱི་ལོ2003ལོར། མཚོ་སྔོན་ཞིང་ཆེན་གྱི་ཤེས་ལྡན་མི་སྣ་རྩེ་གྲས་ཀྱི་མཚན་སྙན་ཐོབ།

3 བྱ་བའི་གྲུབ་འབྲས།

《མཚོ་སྔོན་གྱི་མི》ལ་རྒྱལ་ཡོངས་དང་ཞིང་ཆེན་རིམ་པའི་བྱ་དགའ་དང་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཆེས་མཐོའི་བྱ་དགའ་ཐོབ། གཞན་རིག་གནས་སྡེ་ཁག་གི་བྱ་དགའ་ཡང་ཐོབ།

《ང་ཚོའི་མཚོ་སྔོན》ལ་རྒྱལ་ཡོངས་དང་ཞིང་ཆེན་རིམ་པའི་བྱ་དགའ་དང་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཆེས་མཐོའི་བྱ་དགའ་ཐོབ།

《རྨ་འབྲིའི་འགྱུར་ཁུགས》ལ་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཆེས་མཐོའི་བྱ་དགའ་དང་རིག་གནས་སྡེ་ཁག་གི་བྱ་དགའ་ཐོབ།

《སྦྲ་ནག》མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཆེས་མཐོའི་བྱ་དགའ་ཐོབ།

《རྨ་ཡུལ་རྩྭ་ཐང》ཕུལ་བྱུང་བརྩམས་ཆོས་ཀྱི་བྱ་དགའ་ཐོབ།

《ཁུ་ནུའི་ཐང་ཤིང་རྐང་གཅིག》ལ་རླུང་འཕྲིན་གཞས་གསར་གྱི་བྱ་དགའ་ཨང་དང་པོ་ཐོབ།

《མཐོ་སྒང་ལ་རྟེན་འབྲེལ་ཞུ》ལ་བཅིངས་འགྲོལ་དམག་གི་རིག་རྩལ་སྤྲོ་ཚོགས་སྟེང་བྱ་དགའ་ཨང་གཉིས་བ་ཐོབ།

4 བརྩམས་ཆོས།

གཞས་གདངས།

《མཚོ་སྔོན་གྱི་མི》《ང་ཚོའི་མཚོ་སྔོན》《རྨ་འབྲིའི་འགྱུར་ཁུགས》《སྦྲ་ནག》《རྨ་ཡུལ་རྩྭ་ཐང》《ཁུ་ནུའི་ཐང་ཤིང་རྐང་གཅིག》《མཐོ་སྒང་ལ་རྟེན་འབྲེལ་ཞུ》