རྡོ་བ་ཚེ་སྐྱིད།སྔ་མའི་པར་གཞི་དེ ཨ་སངས།  ནས 2015-11-03 09:07ལ་འགྲུབ།

རྡོ་བ་ཚེ་སྐྱིད།

རྡོ་བ་ཚེ་སྐྱིད།
རྡོ་བ་ཚེ་སྐྱིད་ནི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དུ་སྐྱེས་བའི་བོད་ཀྱི་གཞས་མ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
多哇•才吉
སྐྱེས་ལོ།
སྤྱི་ལི1987ལོའི་ཟླ12བའི་ཚེས30ཉིན།
རྒྱལ་ཁབ།
ཀྲུང་གོ།
མི་རིགས།
བོད་རིགས།
སྐྱེས་ཡུལ།
མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ།
ལས་རིགས།
གཞས་མ།
མཐར་ཕྱིན་སློབ་གྲྭ།
མཚོ་སྔོན་མི་རིགས་སློབ་ཆེན།
འཐུས་ཚབ་བརྩམས་ཆོས།
《ཨ་ཇོ་ལགས།》
1 ངོ་སྤྲོད།

རྡོ་བ་ཚེ་སྐྱིད་ནི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དུ་སྐྱེས་ལ། ལོ་ན་ཆུང་དུས་ནས་གླུ་གཞས་སྒྱུ་རྩལ་ལ་དགའ་ཞེན་ཆེན་པོ་འདུག  རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་རྒྱལ་ཁབ་དང་ཞིང་ཆེན་ཕྱི་ནང་གི་གར་སྟེགས་མང་བོར་ཞུགས།  དེ་མིན་བྱ་དགའ་ཡང་རབ་དང་རིམ་པ་བླངས།

2 བྱ་བའི་བརྒྱུད་རིམ།

སྤྱི་ལོ2002ལོར། ཀྲུང་གོ་བརྙན་འཕྲིན་གྱི་རེ་བའི་སྐར་ཆེན་ཞེས་པའི་འགྲན་སྡུར་སྟེང་གློག་བརྙན་འཕྲིན་ཁག་གི་མཚོ་སྔོན་འགྲན་ཁུལ་གྱི་བྱ་དགའ་ཨང་དང་པོ་བླངས་ནས་འཁྲབ་སྟོན་རྩེ་གྲས་ཀྱི་གཟེངས་རྟགས་ཐོབ།  

སྤྱི་ལོ2004ལོར། རྒྱལ་ཡོངས་ན་གཞོན་གླུ་ལེན་འགྲན་ཚོགས་སྟེང་དུ་ཞུགས་པ་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་ཞེས་པའི་སྨན་ལས་ཀུང་ཟིའི་གཟུགས་བརྙན་སྨྲ་ཚབ་པ་བྱས།

སྤྱི་ལོ2005ལོར། བོད་ལྗོངས་བརྙན་འཕྲིན་ཁང་གི་ལོ་སར་དགོང་ཚོགས་ལ་ཞུགས།

སྤྱི་ལོ2007ལོར།《གནམ་མཐའི་མཛའ་གཞས》ཞེས་པའི་གློག་བརྙན་འཁྲབ་སྟོན་བྱས།

སྤྱི་ལོ2008ལོར།《གཉན་ཆེན་གདང་ལ》ཞེས་པའི་གློག་བརྙན་འཁྲབ་སྟོན་བྱས།

སྔ་ཕྱིར་རྒྱལ་ཡོངས་ཀྱི་གླུ་གཞས་འགྲན་སྡུར་དང་མཚོ་སྐོར་ལྕགས་རྟ་འགྲན་སྡུར། མཚོ་སྔོན་བརྙན་འཕྲིན་ཁང་དང་བོད་ལྗོངས་བརྙན་འཕྲིན་ཁང་། དེ་མིན་བོད་ཁུལ་གྱི་དགོང་ཚོགས་དང་གླུ་ལེན་ཆེད་ཚོགས་མང་བོར་ཞུགས།

3 བྱ་བའི་གྲུབ་འབྲས།

སྤྱི་ལོ2002ལོར། ཀྲུང་གོ་བརྙན་འཕྲིན་གྱི་རེ་བའི་སྐར་ཆེན་ཞེས་པའི་འགྲན་སྡུར་སྟེང་གློག་བརྙན་འཕྲིན་ཁག་གི་མཚོ་སྔོན་འགྲན་ཁུལ་གྱི་བྱ་དགའ་ཨང་དང་པོ་བླངས་ནས་འཁྲབ་སྟོན་རྩེ་གྲས་ཀྱི་གཟེངས་རྟགས་ཐོབ།  

སྤྱི་ལོ2004ལོར། རྒྱལ་ཡོངས་ན་གཞོན་གླུ་ལེན་འགྲན་ཚོགས་སྟེང་དུ་ཞུགས་པ་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་ཞེས་པའི་སྨན་ལས་ཀུང་ཟིའི་གཟུགས་བརྙན་སྨྲ་ཚབ་པ་བྱས།

སྤྱི་ལོ2005ལོར། བོད་ལྗོངས་བརྙན་འཕྲིན་ཁང་གི་ལོ་སར་དགོང་ཚོགས་ལ་ཞུགས།

སྤྱི་ལོ2007ལོར།《གནམ་མཐའི་མཛའ་གཞས》ཞེས་པའི་གློག་བརྙན་འཁྲབ་སྟོན་བྱས།

སྤྱི་ལོ2008ལོར།《གཉན་ཆེན་གདང་ལ》ཞེས་པའི་གློག་བརྙན་འཁྲབ་སྟོན་བྱས།

4 བརྩམས་ཆོས།

གླུ་གཞས་ཆེད་སྒྲིག

《ཟླ་འོད་འོག་གི་སྨོན་འདུན》《འབའ་ལྷག་དཀར་རྫོང་གི་ལྷན་འཛོམས》《བསོད་ནམས》

རྐྱང་གཞས།

《ཨ་ཇོ་ལགས》《ང་ཡི་ཕ་ཡུལ་རྩ་ཐང་》《མེ་ཏོག་མཚོ》《མཐོ་སྒང་གི་ཕྱུགས་རྫི》《ཨ་མའི་འཛུམ་མདངས》《རླུང་རྟ》