བུ་བཞི་བསམ་པའི་དོན་གྲུབ།སྔ་མའི་པར་གཞི་དེ ཨ་སངས།  ནས 2015-10-31 13:53ལ་འགྲུབ།

བུ་བཞི་བསམ་པའི་དོན་གྲུབ།

བུ་བཞི་བསམ་པའི་དོན་གྲུབ།
ཁོང་ནི་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་སློབ་གླིང་གི་དགེ་རྒན་ཆེན་མོ་དང་། བོད་རིག་པའི་སློབ་གླིང་གི་རིག་ཚན་དབུ་ཁྲིད་གཞོན་པ། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བའི་འཐུས་མི་བཅས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
སྐྱེས་ལོ།
སྤྱི་ལོ1954ལོ།
རྒྱལ་ཁབ།
ཀྲུང་གོ།
མི་རིགས།
བོད་རིགས།
སྐྱེས་ཡུལ།
མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མང་རྫོང་།
ལས་རིགས།
དགེ་རྒན།
ལས་ཐོབ།
དགེ་རྒན་ཆེན་མོ།
ཆེད་ལས།
བོད་གནའ་རབས་རྩོམ་རིག
བསླབ་གནས།
རབ་འབྱམས་པ།
མཐར་ཕྱིན་སློབ་གྲྭ།
མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ།
འཐུས་ཚབ་བརྩམས་ཆོས།
《རྩོམ་རིག་རྣམ་བཤད》《བོད་ཀྱི་རྩོམ་རིག་གི་དྲང་དོན་བརྗོད་པ》
1 ངོ་སྤྲོད།

ཁོང་ནི་སྤྱི་ལོ1954ལོར་མདོ་སྨད་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་མང་རྫོང་བྱ་མདོ་ཞང་དུ་སྐྱེས། སྤྱི་ལོ1981ལོར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཀྱི་སྐད་ཡིག་སྡེ་ཁག་བོད་གནའ་རབས་རྩོམ་རིག་རབ་འབྱམས་པའི་འཛིན་གྲྭ་ནས་སློབ་མཐར་ཕྱིན། ད་ལྟ་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་སློབ་གླིང་གི་དགེ་རྒན་ཆེན་མོ་དང་། བོད་རིག་པའི་སློབ་གླིང་གི་རིག་ཚན་དབུ་ཁྲིད་གཞོན་པ། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བའི་འཐུས་མི་བཅས་ཡིན།

2 བྱ་བའི་གྲུབ་འབྲས།

ཁོང་སྤྱི་ལོ2000ལོར་ཧོ་ལན་རྒྱལ་ཁབ་ལད་ཏུན་གྲོང་ཁྱེར་དུ་འཚོགས་པའི་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་ཆེན་ཐེངས་དགུ་བར་ཞུགས་ནས་དཔྱད་རྩོམ་སྒྲོག་འདོན་བྱས་པ་དང་། སྤྱི་ལོ2002ལོར་མཚོ་སྔོན་ཞིང་ཆེན་དུ་འཚོགས་པའི་རྒྱལ་སྤྱིའི་གེ་སར་རིག་གཞུང་ཞིབ་འཇུག་གྲོས་ཚོགས་སྐབས་ལྔ་པར་ཞུགས་ནས་དཔྱད་རྩོམ་སྒྲོག་འདོན་བྱས།《རྩོམ་རིག་རྣམ་བཤད》ལ་སྤྱི་ལོ2000ལོའི་མཚོ་སྔོན་ཞིང་ཆེན་ཐེངས་ལྔ་བའི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་སྐོར་གྱི་ཕུལ་བྱུང་ཞིབ་འཇུག་བྱ་དགའ་ཨང་གཉིས་པ་ཐོབ་པ་དང་།《བོད་ཀྱི་གཏེར་ཡིག་རིག་གནས་ཀྱི་རིན་ཐང་ལ་དཔྱད་པ》དང《བོད་ཀྱི་རྩོམ་གཞུང་གི་བྱུང་འཕེལ་དང་དེའི་ལག་ལེན་གྱི་ཁྱད་ཆོས》གཉིས་ལ་སྤྱི་ལོ2002ལོ་དང་སྤྱི་ལོ2003 ལོའི་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་ཚན་རིག་ཞིབ་འཇུག་གི་ཕུལ་བྱུང་འབྲས་བུའི་བྱ་དགའ་ཐོབ།

3 བརྩམས་ཆོས།

ཁོང་གིས་སྔ་གཞུག་ཏུ་དངོས་གཞི་དང་ཞིབ་འཇུག་སློབ་མར《རྩོམ་རིག་རྣམ་བཤད》དང《བོད་ཀྱི་དམངས་ཁྲོད་རྩོམ་རིག》《རྒྱ་བོད་ལོ་ཙཱའི་གཞུང་ལུགས》སོགས་ཀྱི་སློབ་ཁྲིད་གནང་བའི་ཞོར་དུ་རིག་གཞུང་ཞིབ་འཇུག་གི་བྱ་བར་གཞོལ་ཏེ《རྩོམ་རིག་རྣམ་བཤད》དང 《བོད་ཀྱི་རྩོམ་རིག་གི་དྲང་དོན་བརྗོད་པ》བཅས་དཔེ་དེབ་གཉིས་དང་།《ཀྲུང་གོའི་བོད་ཀྱི་ཤེས་རིག》དང《བོད་ལྗོངས་ཞིབ་འཇུག》སོགས་དུས་དེབ་ཏུ《མཁས་དབང་དགེ་འདུན་ཆོས་འཕེལ་གྱི་ལོ་རྒྱུས་ལྟ་བའི་ཐོག་མའི་དཔྱད་པ》《བོད་ཀྱི་རྩོམ་རིག་གི་བྱུང་འཕེལ་དང་དེའི་ལག་ལེན་གྱི་ཁྱད་ཆོས》《གེ་སར་འཁྲུངས་རབས་དང་བོད་གདོད་མའི་ལྷ་སྒྲུང་བར་གྱི་འབྲེལ་བ》《བདུད་འདུལ་དང་རཱ་མ་ཎའི་རིག་གནས་བསྡུར་ཏེ་དཔྱད་པ》《གླིང་སྒྲུང་ལས་རིན་ཐང་གཞལ་བའི་ཚིག་གི་རྒྱན་ལ་དཔྱད་པ》སོགས་དཔྱད་རྩོམ་སུམ་ཅུ་ལྷག་སྤེལ།


དཔྱད་གཞིའི་ཡིག་ཆ།