ལི་ཁེ་ཆང་།སྔ་མའི་པར་གཞི་དེ ལོ་མི་ཆུང་།  ནས 2015-10-28 11:58ལ་འགྲུབ།

ལི་ཁེ་ཆང་།

ལི་ཁེ་ཆང་།
པེ་ཅིན་སློབ་ཆེན་ཁྲིམས་ལུགས་སྡེ་ཁག་དང་དཔལ་འབྱོར་སློབ་གླིང་གི་དཔལ་འབྱོར་རིག་པའི་ཆེད་ལས་སྦྱངས། ལས་ཐོག་རམ་འབྱམས་པའི་སློབ་གཉེར་བརྒྱུད་རིམ་ལྡན། ཁྲིམས་རིག་པའི་རབ་འབྱམས་པ་དང་དཔལ་འབྱོར་རིག་པའི་འབུམ་རམས་པའི་སློབ་གནས་ཐོབ། ད་ལྟ་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ཨུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཏང་ཙུའི་ཧྲུའུ་ཅི་བཅས་ཀྱི་འགན་བཞེས་ཀྱིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
李克强
སྐྱེས་ལོ།
སྤྱི་ལོ1955ལོའི་ཟླ7པ།
རྒྱལ་ཁབ།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ།
མི་རིགས།
རྒྱ་རིགས།
སྐྱེས་ཡུལ།
ཨན་ཧུའེ་ཧོ་ཧྥེ།
དད་མོས།
གུང་ཁྲན་རིང་ལུགས།
མཐར་ཕྱིན་སློབ་གྲྭ།
པེ་ཅིང་སློབ་ཆེན།
1 མི་སྣ་ངོ་སྤྲོད།

ཁོང་ནི་སྤྱི་ལོ1955ལོའི་ཟླ7པར་སྐྱེས། ཨན་ཧུའེ་ཏིང་ཡོན་ནས་ཡིན་པ། སྤྱི་ལོ1974ལོའི་ཟླ3པར་ལས་ཀར་ཞུགས། སྤྱི་ལོ1976ལོའི་ཟླ5པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། པེ་ཅིན་སློབ་ཆེན་ཁྲིམས་ལུགས་སྡེ་ཁག་དང་དཔལ་འབྱོར་སློབ་གླིང་གི་དཔལ་འབྱོར་རིག་པའི་ཆེད་ལས་སྦྱངས།  ལས་ཐོག་རམ་འབྱམས་པའི་སློབ་གཉེར་བརྒྱུད་རིམ་ལྡན། ཁྲིམས་རིག་པའི་རབ་འབྱམས་པ་དང་དཔལ་འབྱོར་རིག་པའི་འབུམ་རམས་པའི་སློབ་གནས་ཐོབ། ད་ལྟ་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ཨུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཏང་ཙུའི་ཧྲུའུ་ཅི་བཅས་ཀྱི་འགན་བཞེས་ཀྱིན་ཡོད།

2 བྱ་བའི་བརྒྱུད་རིམ་མདོར་བསྡུས།

སྤྱི་ལོ1974ལོ་ནས1976ལོའི་བར། ཨན་ཧུའེ་ཞིང་ཆེན་ཕུང་དབྱང་རྫོང་ཏཱ་མེའོ་ཀུང་ཧྲེ་ཏུང་ལིང་རུ་ཆེན་དུ་གཞོན་ནུ་ཤེས་ཡོན་ཅན་ཡིན།

སྤྱི་ལོ1976ལོ་ནས1978ལོའི་བར། ཨན་ཧུའེ་ཞིང་ཆེན་ཕུང་དབྱང་རྫོང་ཏཱ་མེའོ་ཀུང་ཧྲེ་ཏཱ་མེའོ་རུ་ཆེན་གྱི་ཏང་ཀྲི་པུའི་ཧྲུའུ་ཅི་ཡི་འགན་བཞེས།

སྤྱི་ལོ1978ལོ་ནས1982ལོའི་བར། པེ་ཅིན་སློབ་ཆེན་བཅའ་ཁྲིམས་སྡེ་ཁག་ཏུ་སློབ་སྦྱོང་གནང་ཞིང་། སློབ་གྲྭའི་སློབ་མའི་ཚོགས་པའི་འགན་འཁུར་བའི་འགན་བཞེས།

སྤྱི་ལོ1982ལོ་ནས1983ལོའི་བར། པེ་ཅིན་སློབ་ཆེན་གུང་གཞོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དང་གུང་གཞོན་ཚོགས་པའི་ཀྲུང་དབྱང་རྒྱུན་ཨུ་ཡི་འགན་བཞེས།

སྤྱི་ལོ1983ལོར། གུང་གཞོན་ཚོགས་པ་ཀྲུང་དབྱང་སློབ་གྲྭ་པུའུ་པུའུ་ཀྲང་དང་རྒྱལ་ཡོངས་སློབ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་འགན་གཅིག་ལྕོགས་སུ་བཞེས།

སྤྱི་ལོ1983ལོ་ནས1985ལོའི་བར། གུང་གཞོན་ཚོགས་པ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་རྗེས་སྣོན་ཧྲུའུ་ཅི་ཡི་འགན་བཞེས།

སྤྱི་ལོ1985ལོ་ནས1993ལོའི་བར། གུང་གཞོན་ཚོགས་པ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་དང་རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པའི་འགན་གཅིག་ལྕོགས་སུ་བཞེས།(1991ལོའི་ཟླ9བ་ནས་ཟླ11པའི་བར། ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞིང་ཆེན་དང་པུའུ་རིམ་པའི་ལས་བྱེད་པ་ཟབ་སྦྱོང་འཛིན་གྲྭར་སློབ་སྦྱོང་བྱས།)

སྤྱི་ལོ1993ལོ་ནས1998ལོའི་བར། གུང་གཞོན་ཚོགས་པ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་དང་པོ་དང་ཀྲུང་གོ་གཞོན་ནུ་ཆབ་སྲིད་སློབ་གླིང་གི་ཡོན་ཀྲང་གི་འགན་གཅིག་ལྕོགས་སུ་བཞེས།(1988ལོ་ནས1994ལོ་བར། པེ་ཅིན་སློབ་ཆེན་དཔལ་འབྱོར་སློབ་གླིང་གི་དཔལ་འབྱོར་རིག་པའི་ཆེད་ལས་སུ་ལས་ཐོག་ཞིབ་འཇུག་སློབ་མའི་སློབ་སྦྱོང་གནང་ཞིང་། དཔལ་འབྱོར་རིག་པའི་རབ་འབྱམས་པ་དང་འབུམ་རམས་པའི་སློབ་གནས་ཐོབ།)

སྤྱི་ལོ1998ལོ་ནས1999ལོའི་བར།  ཧོ་ནན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ལས་ཚབ་ཧྲིན་ཀྲང་། རྨ་ཆུ་འབྲུབ་འགོག་བཀོད་འདོམས་པུའུ་སྤྱི་ཁྱབ་བཀོད་འདོམས་པ་བཅས་ཀྱི་འགན་གཅིག་ལྕོགས་སུ་བཞེས།

སྤྱི་ལོ1999ལོ་ནས2002ལོའི་བར།  ཧོ་ནན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཧྲིན་ཀྲང་། རྨ་ཆུ་འབྲུབ་འགོག་བཀོད་འདོམས་པུའུ་སྤྱི་ཁྱབ་བཀོད་འདོམས་པ་བཅས་ཀྱི་འགན་གཅིག་ལྕོགས་སུ་བཞེས།

སྤྱི་ལོ2002ལོ་ནས2003ལོའི་བར། ཧོ་ནན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དང་ཧྲིན་ཀྲང་། རྨ་ཆུ་འབྲུབ་འགོག་བཀོད་འདོམས་པུའུ་སྤྱི་ཁྱབ་བཀོད་འདོམས་པ་བཅས་ཀྱི་འགན་གཅིག་ལྕོགས་སུ་བཞེས།

སྤྱི་ལོ2003ལོ་ནས2004ལོའི་བར། ཧོ་ནན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དང་ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རིན་གྱི་འགན་བཞེས།

སྤྱི་ལོ2004ལོ་ནས2005ལོའི་བར། ལེའོ་ཉིང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཡི་འགན་བཞེས།

སྤྱི་ལོ2005ལོ་ནས2007ལོའི་བར། ལེའོ་ཉིང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དང་ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རིན་གྱི་འགན་བཞེས།

སྤྱི་ལོ2007ལོ་ནས2008ལོའི་བར། ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་གྱི་འགན་བཞེས།

སྤྱི་ལོ2008ལོ་ནས2013ལོའི་བར། ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ཨུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཏང་ཙུའི་ཧྲུའུ་ཅི་གཞོན་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་འགག་གསུམ་ལས་གྲྭ་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན། རྒྱལ་སྲིད་སྤྱི་ཁྱབ་ཁང་ལྷོ་ཆུ་བྱང་འདྲེན་ལས་གྲྭ་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན། རྒྱལ་སྲིད་སྤྱི་ཁྱབ་ཁང་སྨན་རྫས་འཕྲོད་བསྟེན་སྒྲིག་གཞི་བཅོས་སྒྱུར་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཀྱི་འགན་བཞེས།

སྤྱི་ལོ2013ལོ་ནས་བཟུང་།  ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ཨུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཏང་ཙུའི་ཧྲུའུ་ཅི། རྒྱལ་སྲིད་སྤྱི་ཁྱབ་ཁང་འགག་གསུམ་ལས་གྲྭ་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན། རྒྱལ་སྲིད་སྤྱི་ཁྱབ་ཁང་ལྷོ་ཆུ་བྱང་འདྲེན་ལས་གྲྭ་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན། རྒྱལ་སྲིད་སྤྱི་ཁྱབ་ཁང་སྨན་རྫས་འཕྲོད་བསྟེན་སྒྲིག་གཞི་བཅོས་སྒྱུར་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཀྱི་འགན་བཞེས་ཀྱིན་ཡོད།

སྐབས་བཅོ་ལྔ་པ་དང་སྐབས་བཅུ་དྲུག་པ། སྐབས་བཅུ་བདུན་པ། སྐབས་བཅོ་བརྒྱད་པ་བཅས་ཀྱི་ཀྲུང་དབྱང་ཨུ་ཡོན།  སྐབས་བཅུ་བདུན་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཨུ་ཡོན་དང་རྒྱུན་ཨུ། སྐབས་བརྒྱད་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་ཀྱི་འགན་བཞེས།




བརྡ་འགྲེལ་གདོང་འཛར།

མི་སྣ། སྲིད་འཛིན། ལི་ཁེ་ཆང་།