ཨ་ཁ་ལིག་སི།སྔ་མའི་པར་གཞི་དེ གཡང་སྒྲོལ་མ།  ནས 2015-09-23 15:20ལ་འགྲུབ།

ཨ་ཁ་ལིག་སི།

ཨ་ཁ་ལིག་སི།
ཨ་ཁ་ལིག་སི་ནི་ཧོ་མའི་ལོ་རྒྱུས་སྙན་ངག《ཡེ་ལི་ཡ་ཐིག》ནང་ཐའེ་ལོ་ཡེ་འཐབ་འཁྲུག་ཁྲོད་ཞུགས་པའི་ལྷ་མ་ཡིན་གྱི་དཔའ་བོ་ཞིག་ཡིན་ཞིང་། ཀེ་རི་སེ་དམག་དཔུང་གི་དཔའ་རྟུལ་ཨང་དང་པོ་ཡིན་ལ། རྒྱ་མཚོའི་ལྷ་མོ་ཐའེ་ཐི་སི་དང་དཔའ་བོ་ཕོ་ལིག་སི་གཉིས་ཀྱི་བུ་ཡིན། ཨ་ཁ་ལིག་སི་སྐྱེས་མ་ཐག་ཁོའི་ཡུམ་གྱིས་ཁོ་རང་གཤིན་རྗེའི་གཙང་བོའི་ནང་དུ་སྦངས་བ་དང་། ཨ་ཁ་ལིག་སི་གཤིན་རྗེའི་གཙང་བོའི་ནང་དུ་ནུབ་པར་དོགས་ནས་ཁོའི་རྐང་རྟིང་ནས་བཟུང་དེ་སྦངས་བས་ཁོའི་རྐང་རྟིང་ལ་གཤིན་རྗེའི་གཙང་བོའི་ཆུ་མ་འགོས་པ་ཡིན། རྒྱུ་མཚན་དེའི་ཕྱིར་ཨ་ཁ་ལིག་སིའི་རྐང་རྟིང་མ་གཏོགས་ལུས་ཡོངས་རྫོགས་གསེར་གྱིས་གྲུབ་པ་དང་འདྲ་བར་མཚོན་ཆས་བསྣུན་མི་ཐུབ་པ་ཡིན། ཐའེ་ལོ་ཡེ་དམག་འཁྲུག་ཁྲོད་ཨ་ཁ་ལིག་སིས་ཐའེ་ལོ་ཡེ་ཡི་དཔའ་རྟུལ་ཨང་དང་པོ་ཧོ་ཁི་ཐའོ་ཨེར་བསད་དེ་ཀེ་རི་སེ་ཡིས་ཕམ་པ་ནས་རྒྱལ་ཁ་བླངས། རྗེས་སུ་ཐའེ་ལོ་ཡེ་ཡི་ཕ་ལི་སི་ལ་ཉི་མའི་ལྷ་ཨ་པོ་ལའོ་ཡི་མཛུབ་སྟོན་ནམ་ཡང་ན་སྲུང་སྐྱོབ་ཐོབ་ནས་ལྐོག་མདའ་འཕངས་པ་སྟེ་ཨ་ཁ་ལིག་སིའི་རྐང་རྟིང་ལ་ཕོག་ནས་ཨ་ཁ་ལིག་སི་སྐུ་གཤེགས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
阿喀琉斯
ཕྱི་ཡིག་གི་མིང་།
Achilles
མིང་གཞན།
ཨ་ཆི་ལི་སི། ཨ་ཅི་ལི་སི། ཨ་ཅི་ལིག་སི་བཅས་ཡོད།
སྡོད་གནས།
སྨི་ཨེར་སྨི་ཏུང་།
མཚོན་བྱེད།
དཔའ་མཛངས་རྟུལ་ཕོད།
རྩོམ་ཁུངས།
《ཡེ་ལི་ཡ་ཐིག》
རྩོམ་པ་པོ།
ཧོ་མ།
1 འབྲེལ་ཡོད་གཏམ་རྒྱུད།

ཧོ་མའི་ལོ་རྒྱུས་སྙན་ངག《ཡེ་ལི་ཡ་ཐིག》ནང་ཀེ་རི་སེའི་དམག་དཔུང་གི་དཔའ་རྟུལ་ཨང་དང་པོ་ཨ་ཁ་ལིག་སི་ལ་ཐེངས་གཉིས་སུ་ཁོང་ཁྲོ་ལངས་པའི་སྣང་ཚུལ་ཡོད་ཅིང་།   ལོ་རྒྱུས་སྙན་ཁག་ཁྲོད་འདི་ལྟར་བྲིས་ཡོད་དེ།   ཀེ་རི་སེ་དང་ཐའེ་ལོ་ཡེ་གྲོང་ཁྱེར་གཉིས་ཀྱིས་ལོ་དགུ་དང་ཟླ་བཅུའི་རིང་ལ་འཐབ་འཁྲུག་བྱས་ཀྱང་རྒྱལ་ཕམ་ཐག་མ་ཆོད་ལ།   སྐབས་དེར་ཀེ་རི་སེའི་དམག་དཔུང་ལ་རིམས་ནད་ཅིག་ཕོག་པས་ནང་འཁྲུག་བྱུང་།   རིམས་ནད་དེ་ཀེ་རི་སེའི་དམག་དཔོན་ཨ་ཅ་མེན་ནུང་གིས་གཡོག་མོ་ཞིག་ཕྱིར་མ་སྤྲོད་པས་བྱུང་བ་ཡིན་ཞིང་།   གཡོག་མོ་དེ་ནི་ཉི་མའི་ལྷ་ཨ་པོ་ལོའི་མཆོད་གཉེར་གྱི་བུ་མོ་ཡིན་ལ།  ཨ་པོ་ལོའི་མཆོད་གཉེར་གྱིས་ཨ་ཅ་མེན་ནུང་ལ་བུ་མོ་ཕྱིར་སྤྲོད་པའི་རེ་བ་ཞུས་ཀྱང་ཨ་ཅ་མེན་ནུང་གིས་ཁས་མ་བླངས་པས།   མཆོད་གཉེར་གྱིས་ཨ་པོ་ལོ་ལ་ཞུ་བ་ཞུས་ནས་ཀེ་རི་སེའི་དམག་དཔུང་ལ་ཆད་པ་གཅོད་ཕྱིར་རིམས་ནད་ཕོག་ཏུ་བཅུག   རིམས་ནད་དེས་ཀེ་རི་སེའི་དམག་དཔུང་ལ་གནོད་སྐྱོན་ཚབས་ཆེན་ཐེབས་སུ་བཅུག་པས་ཨ་ཁ་ལིག་སིས་ཨ་ཅ་མེན་ནུང་ལ་གཡོག་མོ་དེ་ཕྱིར་སྤྲོད་དགོས་པས་རེ་བ་ཞུས།   ཨ་ཅ་མེན་ནུང་གིས་ཧ་ཅང་མི་འཐད་པའི་རྣམ་འགྱུར་འོག་གཡོག་མོ་དེ་ཕྱིར་མཆོད་གཉེར་ལ་སྤྲད་མོད།   འོན་ཀྱང་བདེན་པ་མིན་པའི་འོག་སྔོན་ཨ་ཁ་ལིག་སི་ལ་གནང་བའི་གཡོག་མོ་དེ་ཕྱིར་འཕྲོག་ནས་རང་ཉིད་ཀྱི་གྱོང་གུན་ལ་ཁ་གསབ་བྱས།   དོན་དག་དེའི་རྐྱེན་ཨ་ཁ་ལིག་སི་ཁོང་ཁྲོ་ལངས་ནས་འཐབ་འཁྲུག་ལ་ཞུགས་པར་དང་ལེན་མ་བྱས།

ཀེ་རི་སེའི་དམག་དཔུང་ཁྲོད།   ཨ་ཁ་ལིག་སི་མ་གཏོགས་ཐའེ་ལོ་ཡེ་ཡི་ཧའོ་ཁི་ཐའོ་ཨེར་གྱི་དོ་ཟླ་མི་ཡོང་།   ཨ་ཁ་ལིག་སི་འཐབ་འཁྲུག་ལ་མ་ཞུགས་པའི་སྟབས་ཀྱིས་ཀེ་རི་སེ་ཡིས་ཕམ་ཁ་ཆེན་པོ་བླངས་བ་དང་།    སྐབས་དེར་ཨ་ཅ་མེན་ནུང་གིས་སྔོན་ཨ་ཁ་ལིག་སི་ལ་ཁོང་ཁྲོ་བསླངས་པ་ལ་འགྱོད་པ་སྐྱེས་ནས།   ཨའོ་ཏི་ཞིའུ་སི་དང་ཀེ་རི་སེའི་དམག་དཔོན་གཞན་ཞིག་མངགས་ནས་ཨ་ཁ་ལིག་སི་ལ་འགྲིག་མཐུན་བྱེད་དུ་བཅུག་མོད།   འོན་ཀྱང་ཨ་ཁ་ལིག་སིའི་ཁོང་ཁྲོ་ད་དུང་ཞུ་མེད་ལ།   འཐབ་འཁྲུག་ལ་ཞུགས་པར་ཁས་མ་བླངས།   ཀེ་རི་སེ་ཡིས་མུ་མཐུད་དུ་ཕམ་ཁ་བླངས་བ་དང་།   ཐའེ་ལོ་ཡེ་ཡིས་ཀེ་རི་སེའི་དམག་དཔུང་གི་འཐབ་གྲུ་མེར་བསྲེགས་པའི་གནས་ཚུལ་ཧ་ཅང་ཛ་དྲག་གི་འོག    ཨ་ཁ་ལིག་སིས་ཁོའི་ཁྲབ་རྨོག་དང་དམག་རྟ་ཁོའི་གྲོགས་བཟང་ཕ་ཐེ་ལའོ་ཁོ་ལའོ་སི་ལ་གཡར་ནས།   ཕ་ཐེ་ལའོ་ཁོ་ལའོ་སི་དགྲ་བོར་འཐབ་ཏུ་འགྲོ་རུ་མངགས།   ཕ་ཐེ་ལའོ་ཁོ་ལའོ་སིས་ཐའེ་ལོ་ཡེ་ཡི་དམག་དཔུང་གི་དཔུང་འཇུག་ཕྱིར་ཟློག་མོད།   འོན་ཀྱང་མཐར་འཇུག་ཧོ་ཁི་ཐའོ་ཨེར་གྱིས་བསད།   དེའི་རྐྱེན་ཨ་ཁ་ལིག་སིའི་མ་ཡུམ་གྱིས་གནང་བའི་ཁྲབ་རྨོག་བོར་བརླག་དང་གྲོགས་བཟང་བསད་པའི་དོན་དེས་ཨ་ཁ་ལིག་སི་ལ་ཐེངས་གཉིས་པར་ཁོང་ཁྲོ་ལངས་སུ་བཅུག་པ་དང་།   དེར་བརྟེན་ཨ་ཁ་ལིག་སི་དང་ཨ་ཅ་མེན་ནུང་གཉིས་ཕྱིར་འགྲིག་མཐུན་བྱུང་བ་མ་ཟད།   ཨ་ཁ་ལིག་སིས་མ་ཡུམ་ལ་ཡང་བསྐྱར་ཁྲབ་རྨོག་ཅིག་བསླངས་ནས་དམག་འཁྲུག་ཏུ་ཞུགས་ལ།   མཐར་འཇུག་ཧོ་ཁི་ཐའོ་ཨེར་བསད་ནས་ཐག་གཅོད་རང་བཞིན་གྱི་རྒྱལ་ཁ་བླངས།  ཨ་ཁ་ལིག་སིས་འཁོན་ལན་སློག་ཕྱིར་ཧོ་ཁི་ཐའོ་ཨེར་གྱི་བེམ་པོ་ལ་རང་སྣང་གང་ཤར་གྱིས་མནར་གཅོད་བཏང་བས།   ཐའེ་ལོ་ཡེ་ཡི་རྒྱལ་པོའམ་ཧོ་ཁི་ཐའོ་ཨེར་གྱི་ཡབ་ཨ་ཁ་ལིག་སིའི་མདུན་དུ་པུས་མོ་ས་བཙུགས་ནས་ཞུ་བ་བྱས་ནས་རང་གི་བུ་ཡི་བེམ་པོ་ཕྱིར་བླངས་བ་དང་།   ཐའེ་ལོ་ཡེ་ཡི་མི་ཡོངས་ཀྱིས་ཧོ་ཁི་ཐའོ་ཨེར་ལ་འདས་མཆོད་བསྒྲུབས།  ལོ་རྒྱུས་སྙན་ངག《ཡེ་ལི་ཡ་ཐིག》འདི་ནས་མཇུག་རྫོགས་པ་ཡིན།