ས་པཎ་ཚེ་རིང་།སྔ་མའི་པར་གཞི་དེ གཡང་སྒྲོལ་མ།  ནས 2015-09-22 16:28ལ་འགྲུབ།

ས་པཎ་ཚེ་རིང་།

ས་པཎ་ཚེ་རིང་།
ས་པཎ་ཚེ་རིང་། ཕོ། བོད་རིགས། ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་ཐེ་བོ་ས་ཆར་སྐྱེས། ད་ལྟ་ཀན་སུའུ་ཞིང་ཆེན་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྱི་འགན་བཞེས་ཀྱིན་ཡོད།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ས་པཎ་ཚེ་རིང་།
རྒྱ་ཡིག་གི་མིང་།
沙拜次力
མི་རིགས།
བོད་རིགས།
སྐྱེས་ལོ་སྐྱེས་ཚེས།
སྤྱི་ལོ1956ལོའི་ཟླ12པ།
1 མི་སྣ་ངོ་སྤྲོད།

ས་པཎ་ཚེ་རིང་།  ཕོ། བོད་རིགས།  སྤྱི་ལོ1956ལོའི་ཟླ12པར་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་ཐེ་བོ་ས་ཆར་སྐྱེས།  སྤྱི་ལོ1977ལོའི་ཟླ1པར་བྱ་བར་ཞུགས་ཤིང་། སྤྱི་ལོ1976ལོའི་ཟླ7པར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས། ད་ལྟ་ཀན་སུའུ་ཞིང་ཆེན་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྱི་འགན་བཞེས་ཀྱིན་ཡོད།

2 བྱ་བའི་བརྒྱུད་རིམ་མདོར་བསྡུས།

སྤྱི་ལོ1977ལོའི་ཟླ3པ་ནས1978ལོའི་ཟླ6པའི་བར།  ནུབ་བྱང་མི་རིགས་སློབ་གླིང་གྲངས་ཉུང་མི་རིགས་སྐད་ཡིག་སྡེ་ཁག་ཏུ་དགེ་རྒན་གྱི་ལས་ཀ་བསྒྲུབས།

སྤྱི་ལོ1978ལོའི་ཟླ6པ་ནས1981ལོའི་ཟླ7པའི་བར།  ཐེ་བོ་རྫོང་དྲིལ་སྒྲོག་པུའུ་རུ་ལས་ཀ་བསྒྲུབས། (སྤྱི་ལོ1980ལོའི་ཟླ8པ་ནས1980ལོའི་ཟླ12པའི་བར་དུ། ཀན་སུའུ་ཞིང་ཆེན་ཏང་གི་སློབ་གྲྭའི་གཞུང་ལུགས་འཛིན་གྲྭར་སློབ་སྦྱོང་བྱས།)

སྤྱི་ལོ1981ལོའི་ཟླ7པ་ནས1983ལོའི་ཟླ10བའི་བར།  ཐེ་བོ་རྫོང་ཏང་ཨུའི་གཞུང་སྒྲུབ་ཁང་གི་དྲུང་ཡིག་དང་ཀྲུའུ་རིན་གཞོན་པའི་འགན་བཞེས།

སྤྱི་ལོ1983ལོའི་ཟླ10བ་ནས1990ལོའི་ཟླ3པའི་བར།  ཐེ་བོ་རྫོང་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཐེ་བོ་རྫོང་ཏང་གི་སློབ་གྲྭའི་འགོ་གཙོའི་འགན་གཅིག་ལྕོགས་སུ་བཞེས།

སྤྱི་ལོ1990ལོའི་ཟླ3པ་ནས1994ལོའི་ཟླ11པའི་བར།  ཐེ་བོ་རྫོང་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་རྫོང་དཔོན་གྱི་འགན་བཞེས།

སྤྱི་ལོ1994ལོའི་ཟླ11པ་ནས1998ལོའི་ཟླ5བའི་བར།  ཀན་སུའུ་ཞིང་ཆེན་འབྲུག་དཀར་གཙང་བོ་ནགས་ལས་དོ་དམ་ཅུའུ་ཏང་ཨུའི་རྒྱུན་ཨུ་དང་ཅུའུ་ཀྲང་གཞོན་པའི་འགན་བཞེས།(སྤྱི་ལོ1995ལོའི་ཟླ9བ་ནས1997ལོའི་ཟླ12པའི་བར་དུ། ཀྲུང་དབྱང་ཏང་གི་སློབ་གྲྭའི་འཕྲིན་བརྒྱུད་སློབ་གླིང་དངོས་གཞི་འཛིན་གྲྭར་བདག་གཉེར་ཆེད་ལས་སྦྱངས། སྤྱི་ལོ1997ལོའི་ཟླ5བ་ནས1997ལོའི་ཟླ11པའི་བར་དུ། རྒྱལ་ཁབ་ནགས་ལས་པུའུ་ནགས་འཛུགས་དང་ནགས་ཚལ་བདག་གཉེར་སུའོ་སུའོ་ཀྲང་གཞོན་པའི་འགན་བཞེས།)

སྤྱི་ལོ1998ལོའི་ཟླ5བ་ནས2003ལོའི་ཟླ6པའི་བར།  ཀན་ལྷོ་ཁུལ་ཏང་ཨུའི་ཧྲུའུ་ཅི་གཞོན་པའི་འགན་བཞེས། (སྤྱི་ལོ1999ལོའི་ཟླ9བ་ནས2001ལོའི་ཟླ7པའི་བར་དུ། ཀྲུང་གོ་མི་དམངས་སློབ་ཆེན་ཞིབ་འཇུག་སློབ་གླིང་དུ་རྒྱལ་དམངས་དཔལ་འབྱོར་དོ་དམ་ཆེད་ལས་སྦྱངས།)

སྤྱི་ལོ2003ལོའི་ཟླ6པ་ནས2008ལོའི་ཟླ2པའི་བར།  ཀན་ལྷོ་ཁུལ་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཁུལ་དཔོན་ཚབ་མ།  ཁུལ་དཔོན་བཅས་ཀྱི་འགན་བཞེས།

སྤྱི་ལོ2008ལོའི་ཟླ2པ་ནས2013ལོའི་ཟླ4བའི་བར།  ཀན་སུའུ་ཞིང་ཆེན་དབུལ་སྐྱོར་གསར་འབྱེད་གཞུང་སྒྲུབ་ཁང(ཀན་སུའུ་ཞིང་ཆེན་ནུབ་གཉིས་ཞིང་ལས་འཛུགས་སྐྲུན་བཀོད་འདོམས་པུའུ)གི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་དང་ཀྲུའུ་རིན(བཀོད་འདོམས་པ)གྱི་འགན་བཞེས།

སྤྱི་ལོ2013ལོའི་ཟླ4བ་ནས་ད་ལྟའི་བར།   ཀན་སུའུ་ཞིང་ཆེན་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྱི་འགན་བཞེས་ཀྱིན་ཡོད།



དཔྱད་གཞིའི་ཡིག་ཆ།