ཞི་ཅིན་ཕིང་།སྔ་མའི་པར་གཞི་དེ ལོ་མི་ཆུང་།  ནས 2015-09-09 15:06ལ་འགྲུབ།

ཞི་ཅིན་ཕིང་།

ཞི་ཅིན་ཕིང་།
ཆིན་ཧྭ་སློབ་ཆེན་མི་ཚུལ་སྤྱི་ཚོགས་སློབ་གླིང་མར་ཁེ་སི་རིང་ལུགས་གཞུང་ལུགས་དང་བསམ་བློའི་ཆབ་སྲིད་སློབ་གསོའི་ཆེད་ལས་སྦྱངས་ནས་མཐར་ཕྱིན། ལས་ཐོག་རམ་འབྱམས་པའི་སློབ་གཉེར་བརྒྱུད་རིམ་ལྡན། ཁྲིམས་ལུགས་རིག་པའི་འབུམ་རམས་པའི་སློབ་གནས་ཡིན། ད་ལྟ་ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཡིན།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ཞི་ཅིན་ཕིན།
རྒྱ་ཡིག་གི་མིང་།
习近平
མི་རིགས།
རྒྱ་རིགས།
སྐྱེས་ལོ་སྐྱེས་ཚེས།
སྤྱི་ལོ1953ལོའི་ཟླ6པ།
དད་མོས།
གུང་ཁྲན་རིང་ལུགས།
ཏང་ཞུགས་དུས་ཚོད།
སྤྱི་ལོ1974ལོ།
1 མི་སྣ་ངོ་སྤྲོད།

ཞི་ཅིན་ཕིན།  ཕོ། རྒྱ་རིགས།  སྤྱི་ལོ1953ལོའི་ཟླ6པར་ཧྲན་ཞི་ཧྥུ་ཕིན་དུ་སྐྱེས།  སྤྱི་ལོ1969ལོའི་ཟླ1པར་བྱ་བར་ཞུགས་ཤིང་།  སྤྱི་ལོ1974ལོའི་ཟླ1པར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས། ཆིན་ཧྭ་སློབ་ཆེན་མི་ཚུལ་སྤྱི་ཚོགས་སློབ་གླིང་མར་ཁེ་སི་རིང་ལུགས་གཞུང་ལུགས་དང་བསམ་བློའི་ཆབ་སྲིད་སློབ་གསོའི་ཆེད་ལས་སྦྱངས་ནས་མཐར་ཕྱིན། ལས་ཐོག་རམ་འབྱམས་པའི་སློབ་གཉེར་བརྒྱུད་རིམ་ལྡན།  ཁྲིམས་ལུགས་རིག་པའི་འབུམ་རམས་པའི་སློབ་གནས་ཡིན། ད་ལྟ་ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི།  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཡིན།

2 བྱ་བའི་བརྒྱུད་རིམ་མདོར་བསྡུས།

སྤྱི་ལོ1969ལོ་ནས1975ལོའི་བར།  ཧྲན་ཞི་ཞིང་ཆེན་ཡན་ཁྲོན་རྫོང་བིན་ཨན་ཡེ་ཀུང་ཧྲེ་ལང་ཅཱ་ཧི་རུ་ཁག་གི་ན་གཞོན་ཤེས་ཡོན་ཅན་དང་ཏང་ཀྲུ་པུའུ་ཧྲུའུ་ཅི་ཡི་འགན་བཞེས།

སྤྱི་ལོ1975ལོ་ནས1979ལོའི་བར།  ཆིན་ཧྭ་སློབ་ཆེན་རྫས་འགྱུར་བཟོ་ལས་སྡེ་ཁག་སྐྱེ་ལྡན་འདྲེས་སྦྱོར་ཆེད་ལས་སྦྱངས།

སྤྱི་ལོ1979ལོ་ནས1982ལོའི་བར།  རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་དང་།  ཀྲུང་དབྱང་དམག་ཨུའི་གཞུང་སྒྲུབ་ཐིན་གྱི་དྲུང་ཡིག་ཡིན། 

སྤྱི་ལོ1982ལོ་ནས1983ལོའི་བར།  ཧི་པེ་ཞིང་ཆེན་ཀྲིན་ཏིན་རྫོང་ཏང་ཨུ་ཧྲུའུ་ཅི་ཡི་འགན་བཞེས།

སྤྱི་ལོ1983ལོ་ནས1985ལོའི་བར།  ཧི་པེ་ཞིང་ཆེན་ཀྲིན་ཏིན་རྫོང་ཏང་ཨུ་ཧྲུའུ་ཅི་དང་།  ཀྲིན་ཏིན་རྫོང་དྲག་དཔུང་པུའུ་སྲིད་ཨུའི་དང་པོ་དང་ཏང་ཨུའི་ཧྲུའུ་ཅི་དང་པོ་བཅས་ཀྱི་འགན་བཞེས

སྤྱི་ལོ1985ལོ་ནས1988ལོའི་བར།  ཧྥུ་ཅན་ཞིང་ཆེན་ཞཱ་མིན་གྲོང་ཁྱེར་ཏང་ཨུའི་རྒྱུན་ཨུ་དང་།  ཧྲི་ཀྲང་གཞོན་པའི་འགན་བཞེས།

སྤྱི་ལོ1988ལོ་ནས1990ལོའི་བར།  ཧྥུ་ཅན་ཞིང་ཆེན་ཉིན་ཏི་ས་ཁུལ་ཏང་ཨུའི་ཧྲུའུ་ཅི་དང་ཉིན་ཏི་ཡན་ལག་དམག་ཁུལ་ཏང་ཨུའི་ཧྲུའུ་ཅི་དང་པོའི་འགན་བཞེས།

སྤྱི་ལོ1990ལོ་ནས1993ལོའི་བར།  ཧྥི་ཅན་ཞིང་ཆེན་ཧྥུ་ཀྲིག་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་དང་།  གྲོང་ཁྱེར་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རིན། ཧྥི་ཀྲིག་ཡན་ལག་དམག་ཁུལ་གྱི་ཏང་ཨུ་ཧྲུའུ་ཅི་དང་པོ་བཅས་ཀྱི་འགན་བཞེས།

སྤྱི་ལོ1993ལོ་ནས1995ལོའི་བར།  ཧྥི་ཅན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་ཧྥི་ཀྲིག་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི།  གྲོང་ཁྱེར་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རིན།  ཧྥི་ཀྲིག་ཡན་ལག་དམག་ཁུལ་གྱི་ཏང་ཨུ་ཧྲུའུ་ཅི་དང་པོ་བཅས་ཀྱི་འགན་བཞེས།

སྤྱི་ལོ1995ལོ་ནས1996ལོའི་བར།  ཧྥི་ཅན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཧྥི་ཀྲིག་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི།  གྲོང་ཁྱེར་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རིན། ཧྥི་ཀྲིག་ཡན་ལག་དམག་ཁུལ་གྱི་ཏང་ཨུ་ཧྲུའུ་ཅི་དང་པོ་བཅས་ཀྱི་འགན་བཞེས།

སྤྱི་ལོ1996ལོ་ནས1999ལོའི་བར།  ཧྥི་ཅན་ཞིང་ཆེན་ཏང་ཨུ་ཧྲུའུ་ཅི་གཞོན་པ་དང་། ཧྥི་ཅན་ཞིང་ཆེན་མེ་སྒྱོགས་གྲ་སྒྲིག་དམག་ཞབས་ཤོག་གི་སྲིད་ཨུའི་དང་པོ་བཅས་ཀྱི་འགན་བཞེས།

སྤྱི་ལོ1999ལོ་ནས2000ལོའི་བར།  ཧྥི་ཅན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཧྲིན་ཀྲང་ཚབ་མ།  ནན་ཅིན་དམག་ཁུལ་རྒྱལ་སྲུང་སྐུལ་འདེད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ།  ཧྥི་ཅན་ཞིང་ཆེན་རྒྱལ་སྲུང་སྐུལ་འདེད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན།  ཧྥི་ཅན་ཞིང་ཆེན་མེ་སྒྱོགས་གྲ་སྒྲིག་དམག་ཞབས་ཤོག་གི་སྲིད་ཨུའི་དང་པོ་བཅས་ཀྱི་འགན་བཞེས།

སྤྱི་ལོ2000ལོ་ནས2002ལོའི་བར།  ཧྥི་ཅན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཧྲིན་ཀྲང་།  ནན་ཅིན་དམག་ཁུལ་རྒྱལ་སྲུང་སྐུལ་འདེད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། ཧྥི་ཅན་ཞིང་ཆེན་རྒྱལ་སྲུང་དམག་སྐུལ་འདེད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན།  ཧྥི་ཅན་ཞིང་ཆེན་མེ་སྒྱོགས་གྲ་སྒྲིག་དམག་ཞབས་ཤོག་གི་སྲིད་ཨུའི་དང་པོ་བཅས་ཀྱི་འགན་བཞེས།(སྤྱི་ལོ1998ལོ་ནས2002ལོའི་བར།  ཆིན་ཧྭ་སློབ་ཆེན་མི་ཚུལ་སྤྱི་ཚོགས་སློབ་གླིང་མར་ཁེ་སི་རིང་ལུགས་གཞུང་ལུགས་དང་བསམ་བློ་ཆབ་སྲིད་སློབ་གསོ་ཆེད་ལས་ཀྱི་ལས་ཐོག་ཞིབ་འཇུག་སློབ་མའི་འཛིན་གྲྭར་སློབ་སྦྱོང་བྱས།  ཁྲིམས་ལུགས་རིག་པའི་འབུམ་རམས་པའི་སློབ་གནས་བླངས།)

སྤྱི་ལོ2002ལོར།  ཀྲི་ཅང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཧྲིན་ཀྲང་ཚབ་མ།  ནན་ཅིན་དམག་ཁུལ་རྒྱལ་སྲུང་སྐུལ་འདེད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ།  ཀྲི་ཅང་དམག་ཁུལ་རྒྱལ་སྲུང་སྐུལ་འདེད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ།  ཀྲི་ཅང་ཞིང་ཆེན་རྒྱལ་སྲུང་སྐུལ་འདེད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་བཅས་ཀྱི་འགན་བཞེས།

སྤྱི་ལོ2002ལོ་ནས2003ལོའི་བར།  ཀྲི་ཅང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དང་། ཧྲིན་ཀྲང་ཚབ་མ།  ཀྲི་ཅང་ཞིང་ཆེན་དམག་ཁུལ་ཏང་ཨུའི་ཧྲུའུ་ཅི་གཞོན་པ།  ནན་ཅིན་དམག་ཁུལ་རྒྱལ་སྲུང་སྐུལ་འདེད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ།  ཀྲི་ཅང་ཞིང་ཆེན་རྒྱལ་སྲུང་སྐུལ་འདེད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་བཅས་ཀྱི་འགན་བཞེས།

སྤྱི་ལོ2003ལོ་ནས2007ལོའི་བར།  ཀྲི་ཅང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དང་ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རིན། ཀྲི་ཅང་ཞིང་ཆེན་དམག་ཁུལ་ཏང་ཨུའི་ཧྲུའུ་ཅི་དང་པོ་བཅས་ཀྱི་འགན་བཞེས།

སྤྱི་ལོ2007ལོར། ཧྲང་ཧེ་གྲོང་ཁྱེར་ཏང་ཨུ་ཧྲུའུ་ཅི་དང་ཧྲང་ཧེ་ཉེན་སྲུང་དམག་ཁུལ་ཏང་ཨུའི་ཧྲུའུ་ཅི་དང་པོའི་འགན་བཞེས།

སྤྱི་ལོ2007ལོ་ནས2008ལོའི་བར།  ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ཨུ་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཧྲུའུ་ཅི། ཀྲུང་དབྱང་ཏང་གི་སློབ་གྲྭའི་སློབ་གཙོ་བཅས་ཀྱི་འགན་བཞེས།

སྤྱི་ལོ2008ལོ་ནས2010ལོའི་བར། ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ཨུ་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཧྲུའུ་ཅི། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ།  ཀྲུང་དབྱང་ཏང་གི་སློབ་གྲྭའི་སློབ་གཙོ་བཅས་ཀྱི་འགན་བཞེས།

སྤྱི་ལོ2010ལོ་ནས2012ལོའི་བར། ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ཨུ་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཧྲུའུ་ཅི། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ། ཀྲུང་དབྱང་ཏང་གི་སློབ་གྲྭའི་སློབ་གཙོ་བཅས་ཀྱི་འགན་བཞེས།

སྤྱི་ལོ2012ལོ་ནས2013ལོའི་བར།  ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ།  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་བཅས་ཀྱི་འགན་བཞེས།

སྤྱི་ལོ2013ལོ་ནས་བཟུང་། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི།  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་བཅས་ཀྱི་འགན་བཞེས་ཀྱིན་ཡོད།

སྐབས་བཅོ་ལྔ་པའི་ཀྲུང་དབྱང་རྗེས་སྣོན་ཨུ་ཡོན་དང་སྐབས་བཅུ་དྲུག་པ། སྐབས་བཅུ་བདུན་པ། སྐབས་བཅོ་བརྒྱད་པ་བཅས་ཀྱི་ཀྲུང་དབྱང་ཨུ་ཡོན།  སྐབས་བཅུ་བདུན་པའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཨུ་ཡོན་དང་རྒྱུན་ཨུ། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་བཅས་གནང་། སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཨུ་ཡོན་དང་རྒྱུན་ཨུ། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་བཅས་གནང་། སྐབས་བཅུ་གཅིག་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཚོགས་འདུ་ཐེངས་དང་པོའི་ཐོག་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པར་བདམས། སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པར་གསབ་སྣོན་བྱས།  སྐབས་བཅུ་གཅིག་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་བདུན་པའི་ཐོག་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པར་བསྐོ་བཞག་གནང་།  སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་བསྐོ་བཞག་གནང་།  རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་བདམས།