ཐན་ཧྥང་མཚན་གླེང་ངམ་ཞག་མ་སྟོང་རྩ་གཅིགསྔ་མའི་པར་གཞི་དེ གཡང་སྒྲོལ་མ།  ནས 2015-09-08 08:58ལ་འགྲུབ།

ཐན་ཧྥང་མཚན་གླེང་ངམ་ཞག་མ་སྟོང་རྩ་གཅིག

ཐན་ཧྥང་མཚན་གླེང་ངམ་ཞག་མ་སྟོང་རྩ་གཅིག
《ཐན་ཧྥང་མཚན་གླེང》ངམ《ཞག་མ་སྟོང་རྩ་གཅིག》ནི་གནའ་བོའི་ཨ་རབ་དམངས་ཁྲོད་ཀྱི་གཏམ་རྒྱུད་ཕྱོགས་བསྒྲིགས་དེབ་ཅིག་ཡིན། དེབ་འདིའི་ཁྲོད་ཀྱི་གཏམ་རྒྱུད་ལ་ལ་ཞིག་གནའ་སྔ་མོ་ནས་ཨ་རབ་ཀྱི་དམངས་ཁྲོད་ངག་རྒྱུན་དུ་ཁྱབ་འདུག ཆུ་ཁུངས་ཡར་འདེད་ཀྱི་ཚུལ་དུ་བྱས་ན་མ་མཐའ་ཡང་སྤྱི་ལོ་དུས་རབས་དྲུག་པའི་སྔ་གཞུག་བར་དུ་དེད་ཆོག
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
《一千零一夜》《天方夜谭》
ཕྱི་ཡིག་གི་མིང་།
《Tales from the thousand and one nights》《The Arabian Nights》


1 འབྲེལ་ཡོད་མཚམས་སྦྱོར།

《ཐན་ཧྥང་མཚན་གླེང》ངམ《ཞག་མ་སྟོང་རྩ་གཅིག》ནི་གནའ་བོའི་ཨ་རབ་དམངས་ཁྲོད་ཀྱི་གཏམ་རྒྱུད་ཕྱོགས་བསྒྲིགས་དེབ་ཅིག་ཡིན།        དེབ་འདིའི་ཁྲོད་ཀྱི་གཏམ་རྒྱུད་ལ་ལ་ཞིག་གནའ་སྔ་མོ་ནས་ཨ་རབ་ཀྱི་དམངས་ཁྲོད་ངག་རྒྱུན་དུ་ཁྱབ་འདུག     ཆུ་ཁུངས་ཡར་འདེད་ཀྱི་ཚུལ་དུ་བྱས་ན་མ་མཐའ་ཡང་སྤྱི་ལོ་དུས་རབས་དྲུག་པའི་སྔ་གཞུག་བར་དུ་དེད་ཆོག

《ཐན་ཧྥང་མཚན་གླེང》ནི་ཕལ་ཆེར་སྤྱི་ལོ་དུས་རབས་བརྒྱད་པ་དང་དུས་རབས་དགུ་བའི་བར་མཚམས་སུ་ལག་བྲིས་མ་རེ་ཐོག་མར་བྱུང་ཞིང་།        དེ་ནས་དུས་རབས་བཅུ་གཉིས་པར་ཨེ་ཅིབ་པས་ཐོག་མར《ཞག་མ་སྟོང་རྩ་གཅིག》ཅེས་མཚན་བྱང་འདི་བཏགས་མོད།         དུས་རབས་བཅོ་ལྔའི་མཇུག་དང་དུས་རབས་བཅུ་དྲུག་གི་མགོར་ད་གཟོད་གཏན་ལ་ཕབ།        འདིའི་བརྗོད་བྱ་ཁྱབ་ཆེ་ཞིང་གཏིང་ཟབ་པས་འཛམ་གླིང་ཡོངས་ལ་ཤན་ཤུགས་ཆེན་པོ་ཐེབས་ཡོད།

2 རྒྱབ་ལྗོངས་ངོ་སྤྲོད།

རང་རྒྱལ་དུ《ཞག་མ་སྟོང་རྩ་གཅིག》ལ《ཐན་ཧྥང་མཚན་གླེང》ཟེར་ལ།      གནའ་བོའི་དུས་སུ་རང་རྒྱལ་གྱིས་ཨ་རབ་ས་ཁུལ་ལ་ཐན་ཧྥང་ཟེར་ཞིང་།        དཔེ་དེབ་འདིའི་ཁྲོད་ཀྱི་གཏམ་རྒྱུད་རྣམས་མཚན་མོར་གླེང་ཕྱིར་འབྲེལ་བ་རྒྱུ་མཚན་དུ་བྱས་ནས་མཚན་གླེང་ཞེས་བརྗོད་པ་ཡིན།        དཔེ་དེབ་འདི་ནི་ཨ་རབ་ཀྱི་མིང་དུ་གྲགས་པའི་དམངས་ཁྲོད་གཏམ་རྒྱུད་བསྡུས་དེབ་ཅིག་ཡིན།         དེབ་ཏུ་གྲུབ་པ་ལ་དུས་ཡུན་ཤིན་ཏུ་རིང་བོ་ཞིག་བརྒྱུད་ཅིང་།        གཏམ་རྒྱུད་ལ་ལ་ཞིག་དུས་རབས་དྲུག་པའི་བར་དུ་ཁུངས་དེད་ཆོག་ལ།         ཇི་ལྟར་གྲུབ་པ་ལ་ཆ་གསུམ་དུ་བཀར་ཆོག       གཅིག་ནི་ཏ་ཟིག་གཏམ་རྒྱུད་བསྡུས་དེབ་སྟེ《ཧུ་ཙའོ་ཨར·འད་ཧྥི་ས་ན》(གཏམ་རྒྱུད་སྟོང་གཅིག་ཅེས་པའི་དོན)ནི་དཔེ་དེབ་ཧྲིལ་བོའི་རྨང་གཞི་དང་།         ཐོག་མའི་འབྱུང་ཁུངས་ནི་རྒྱ་གར་ཡིན།          དུས་རབས་གསུམ་པའི་སྐབས་སུ་གནའ་བོའི་ཏ་ཟིག་ནས་ཨ་རབ་ཀྱི་སྐད་དུ་བསྒྱུར།       གཉིས་པ་ནི་དེང་གི་དབྱི་རག་རྒྱལ་ཁབ་ཀྱི་པ་ཀ་ཏ་དཀྱིལ་སྙིང་ཡིན་པའི་ཨ་པ་སི་རྒྱལ་རབས་སུ་དར་ཁྱབ་ཆེ་བའི་གཏམ་རྒྱུད་ཡིན།          དེ་ལ་པ་ཀ་ཏའི་གཏམ་རྒྱུད་ཀྱང་ཟེར།        གསུམ་པ་ནི་ཨེ་ཅིབ་ཀྱི་མེ་མ་ལི་ཁུ་རྒྱལ་རབས་སུ་དར་ཁྱབ་ཆེ་བའི་གཏམ་རྒྱུད་ཡིན།        དུས་རབས་བཅུ་དྲུག་ལ་བསླེབས་དུས་དཔེ་དེབ་འདི་ད་གཟོད་ཐོག་མར་གྲུབ་མགོ་བརྩམས་མ་ཐག་ཙམ་ཡིན།

《ཐན་ཧྥང་མཚན་གླེང》ཞེས་པའི་དཔེ་དེབ་འདི་གཏམ་རྒྱུད་བརྒྱ་དང་བརྒྱད་ཅུ་ཙམ་གྱིས་གྲུབ་ལ་བརྗོད་བྱའི་ཆ་ནས་ཉེན་མཆོང་གི་གཏམ་རྒྱུད་དང་ཕོ་མོ་བར་གྱི་བརྩེ་དུངས་ཀྱི་ཆ་བརྗོད་པའི་གཏམ་རྒྱུད།       བསྡུས་བརྗོད་གཏམ་རྒྱུད་དེ་རིགས་གསུམ་དུ་བཀར་ཆོག

དཔེ་དེབ་འདིའི་ཁྲོད་ཤིན་ཏུ་ཁྱབ་ཆེ་བ་ནི《ཞིན་པ་ཏ་ཉེན་ཁ་བརྒྱུད་པའི་གཏམ་རྒྱུད》ཅེས་པ་དེ་ཡིན་ངེས།         དེ་ནི་ཉེན་མཆོང་གི་གཏམ་རྒྱུད་ཀྱི་རིགས་སུ་གཏོགས།         འདི་ལས་གཞན《ལྷའི་སྒྲོན་མེ》དང《ཨ་ལེ་པ་པ་དང་ཇག་རྐུན་བཞི་བཅུ》ཞེས་པའང་རིགས་འདིར་གཏོགས།        ཁྲུང་ཁྲུང་བརྗོད་བྱ་བྱས་པའི་གཏམ་རྒྱུད་་དེ《པ་སི་ལའི་ཁྲུང་ཁྲུང》ཞེས་པ་ཉེན་མཆོང་དང་བརྩེ་དུངས་བརྗོད་པ་གཉིས་གཞི་གཅིག་ཏུ་གྲུབ་པའི་རིགས་ཡིན།        ད་དུང《ཁུར་པོ་འཁུར་མཁན་དང་ན་ཆུང་མ་གསུམ》དང《སྨེ་ནག་ཨ་ལ་ཏེན》ཞེས་པ་གཉིས་གོང་དང་མཚུངས་ཀྱང་སྤྱི་ཚོགས་དངོས་ཡོད་ཀྱི་ཤན་ཆེ་བར་སྣང་།      ཕོ་མོ་བར་གྱི་བརྩེ་དུངས་བརྗོད་པའི་གཏམ་རྒྱུད་ཁྲོད་ཏ་ཟིག་གི་ཁྱད་ཆོས་མངོན་པའི《པ་སི་ལའི་ཁྲུང་ཁྲུང》ཞེས་པ་ལས་གཞན་དབྱི་རན་གྱི་ཁྱད་ཆོས་ལྡན་པའི་བརྩེ་དུངས་བརྗོད་པའི་གཏམ་རྒྱུད་ཀྱང་ཡོད།       འཐུས་ཚབ་བརྩམས་ཆོས《ཡ་ལི་ཞ་ཨར་དང་སི་ཉི་ཏིག》དང《ཁ་མེ་ཨར་ཧྲ་མན》སོགས་ཡོད།         དེ་དག་གི་བརྗོད་བྱ་ནི་དངོས་ཡོད་དང་རྟོག་བཏགས་གཉིས་ཟུང་དུ་སྦྲེལ་ཅིང་ཟུར་ཟའི་བྱུང་རིམ་ནི་ཁྱད་ཆོས་གཙོ་བོ་ཞིག་ཏུ་གྱུར་འདུག      བསྡུས་བརྗོད་གཏམ་རྒྱུད་ལ་རྒྱ་གར་ལུགས་དང་ཏ་ཟིག་གི་ལུགས།          ཨེ་ཅིབ་ལུགས་ལས་གཞན་པ་ཀ་ཏ་ཤིན་ཏུ་དར་དུས་ཀྱི་ཁ་ཆེའི་ཆོས་དཔོན་ཧ་ཨར་སི་ལ་ཞི་ལས་མི་སྣ་གྲགས་ཅན་གཞན་འགའ་བརྗོད་གཞིར་གྱུར་འདུག་པའི་ངག་རྒྱུན་ཡིན།

3 ནང་དོན་གནད་བསྡུས།

ངག་རྒྱུན་ལྟར་ན་གནའ་སྔ་མོར་ས་སིང་ཞེས་པའི་རྒྱལ་ཁབ་ཅིག་ཡོད།       རྒྱལ་ཁབ་དེའི་རྒྱལ་པོ་ལི་ཡ་འར་ནི་རང་གཤིས་གདུག་རྩུབ་ཅན་ཞིག་ཡིན།         རྒྱལ་པོས་རང་གི་བཙུན་མོས་རང་ལ་ཁྲེལ་མེད་བྱས་པ་ཤེས་རྗེས་བཙུན་མོ་དང་འབྲེལ་བའི་མི་ཚང་མ་གསོད་ཡག་བྱས།        དུས་དེ་ནས་བཟུང་བུད་མེད་རྣམས་ལ་སྙིང་ནད་རྩོད་སླད་ཁོས་ཉིན་གཅིག་ལ་བཙུན་མོ་གཅིག་རེ་བསུས་ཏེ་ཕྱི་ཉིན་སྔ་མོར་སྲོག་ཆད་བཅད།         ཁོའི་རྩུབ་སྤྱོད་དེ་མངའ་འབངས་རྣམས་ལ་གླེང་ན་སྙིང་འདར་བའི་གནས་སུ་བསྐྱལ་ཞིང་ན་ཆུང་མ་རྣམས་ཡང་མིན་ན་དེ་ལྟར་རང་སྲོག་ཤོར།         ཡང་མིན་ན་གནས་གཞན་དུ་བྲོས་བྱོལ་བྱས་ཏེ་གྲོང་ཁྱེར་ཧྲིལ་བོ་ཁང་སྟོང་དུ་བསྒྱུར།        རྒྱལ་པོ་ལ་བཙུན་མོ་འཚོལ་བའི་འགན་ཁུར་མཁན་གྱི་བློན་ཆེན་དུས་རྒྱུན་རྒྱལ་པོར་དབུལ་རྒྱུའི་ན་ཆུང་མ་རེ་ལག་ཏུ་མ་སོན་པར་ཅི་བྱ་གཏོལ་མེད་དུ་གྱུར་འདུག        ཉིན་ཞིག་ལ་ན་ཆུང་མ་ཞིག་ཕར་ཞོག       ཐ་ན་གྲིབ་མ་ཙམ་ཡང་མ་མཐོང་བས་རྒྱལ་པོར་འགན་སྤྲོད་ཐབས་བྲལ་བས་བློན་པོ་སེམས་འཚབ་སྟེ་ལྕགས་དྲ་ནང་གི་གཅན་གཟན་ལྟར་གྱུར་དུས།        ཁོའི་བུ་མོ་ཧྲན་ལའོ་ཙོ་ཏིག་ཅེས་པས་བུད་མེད་གཞན་རྣམས་སྐྱོབ་ཆེད་རང་ཉིད་རྒྱལ་པོར་བློས་གཏོང་རྒྱུར་སེམས་ཐག་བཅད།        བློན་པོ་ལ་ཡང་ཐབས་ཟད་དེ་བུ་མོ་ཕོ་བྲང་དུ་མི་སྐྱེལ་ཀ་མེད་བྱུང་།         བུ་མོ་ཧྲན་ལའོ་ཙོ་ཏིག་གིས་མཚན་མོ་རེ་རེར་ཡིད་དབང་འགུག་པའི་གཏམ་རྒྱུད་བཤད་ནས་རྒྱལ་པོའི་བློ་ཁ་བཀུགས།         དུས་རྒྱུན་གཏམ་རྒྱུད་བཤད་ནས་ཆེས་ཉན་ན་འདོད་དུས་ནམ་ཡང་ལངས་པས་རྒྱལ་པོས་གཏམ་རྒྱུད་དེའི་མཇུག་ལ་ཉན་ཆེད་གནས་སྐབས་ཙམ་ལ་མོ་ཉིད་སྲོག་ཐར་དུ་བཏང་།         རྒྱལ་པོས་ཉིན་དཀར་རྒྱལ་ཁབ་ཀྱི་བྱ་བ་གང་མང་ཞིག་ལ་ལག་བརྒྱུད་དགོས་ཤིང་དགོང་མོར་མུ་མཐུད་དུ་ཧྲན་ལའོ་ཙོ་ཏིག་གིས་བཤད་པའི་གཏམ་རྒྱུད་ལ་ཉན།         མོས་དེ་ལྟར་མཚན་མོ་ནས་མཚན་མོ་མཐུད་དེ་ཞག་མ་སྟོང་རྩ་གཅིག་ལ་བཤད།        མཐར་རྒྱལ་པོ་ལའང་སེམས་འགུལ་ཐེབས་ཏེ་མོ་རང་སྲོག་ཐར་དུ་བཏང་བར་མ་ཟད་ཚེ་གང་གི་བཟའ་ཟླར་བསུས།        ས་སིང་རྒྱལ་ཁབ་ཀྱང་དུས་དེ་ནས་བཟུང་བྱ་བ་ལམ་འགྲོ་ཡོང་སྟེ་མངའ་འབངས་ཐམས་ཅད་བདེ་སྐྱིད་ཀྱི་འཚོ་བར་རོལ།

ཧྲན་ལའོ་ཙོ་ཏིག་གིས་བཤད་པའི་གཏམ་རྒྱུད་དེ་རྣམས་རྣར་སྙན་ཞིང་ཡིད་དབང་འགུག་པ་ཞིག་ཡིན།         དཔེར་ན《པ་སོ་ལའི་དངུལ་མགར་ཧ་སང་གི་གཏམ་རྒྱུད》ལྟ་བུར་མཚོན་ན་བྱུང་རིམ་ཁྱད་དུ་མཚར་བའི་མི་ལྷ་མཛའ་འབྲེལ་གྱི་གཏམ་རྒྱུད་ཅིག་ཡིན།      དངུལ་མགར་ཧ་སང་གིས་གསེར་བཙོ་སྦྱང་བྱེད་ཐབས་བསླབ་བསམ་ཡང་གཞན་གྱིས་རི་རྒོད་ཅིག་གི་སྟེང་མགོ་གཡོག་སྟེ་ཁྲིད།         དེ་རུ་སྡུག་ལ་གཏད་དྲགས་ཏེ་གཡང་དུ་མཆོངས་མོད་མ་བསམ་ས་ནས་གཞིས་ཀ་ཆེན་པོ་ཞིག་གི་ནང་དུ་རླུང་ལྟར་ལྷུང་ནས་དེ་རུ་སྲས་མོ་བདུན་དང་ཕྲད།      མཚར་སྣང་གིས་ཡིད་སེམས་གཅུན་འདུག་པའི་ཧ་སང་གིས་སྒོ་དང་པོ་ཕྱེ་བ་ན་བྱའི་སྤྲུལ་བ་ཞིག་འདུག་པའི་ལྷ་མོ་བཅུ་དང་ཕྲད།       ཧ་སང་ལྷ་མོ་དེ་དག་གི་ཁྲོད་ཀྱི་མིང་ལ་མེ་ལོང·སིག་ནོ་ཡུ་ཞེས་པ་དེར་ཆགས།         ཁོས་མོའི་བྱ་སྒྲོའི་ལྭ་བ་བརྐུས་ཏེ་རང་གི་ཆུང་མར་བླངས་ཏེ་བུ་གཉིས་སྔ་གཞུག་ལྟར་སྐྱེས།      ཉིན་ཞིག་ལ་ཧ་སང་སྒོ་ཕྱི་རུ་བུད་པ་ན་སིག་ནོ་ཡུས་རང་ཡུལ་དྲན་དྲགས་ཏེ་སྒྱུག་མོ་བསླུས་ཏེ་བྱ་སྒྲོའི་ལྭ་བ་ཕྱིར་བླངས་ནས་བུ་གཉིས་ཀ་རྒྱབ་ལ་ཁུར་ནས་བ་ཀི་གླིང་ཕྲན་དུ་འཕུར།          ཧ་སང་ཕྱིར་ལོག་པ་ན་རང་གི་བུ་དང་ཆུང་མ་མེད་པ་མཐོང་ནས་ཡིད་སེམས་སྡུག་གི་རྒྱ་མཚོར་བྱིང་ཞིང་།        ཁོ་ཚོ་འཚོལ་སླད་ཧ་སང་གིས་རང་སྲོག་ལ་མ་འཛེམ་པར་གླིང་ཕྲན་དེའི་སྟེང་སོང་།         ཕྱིས་སུ་ལྷས་བསྡོངས་གྲོགས་མཛད་པ་ལ་བརྟེན་ནས་རང་གི་བུ་དང་ཆུང་མ་རྙེད་དེ་ཕྱིར་རང་ཡུལ་པ་ཀ་ཏ་རུ་ཡོང་ནས་སྔར་ལྟར་བདེ་ཞིང་སྐྱིད་པའི་འཚོ་བ་རོལ་བ་བརྗོད་ཡོད།

《ཨ་ལེ་པ་པ་དང་ཇག་རྐུན་བཞི་བཅུ》ཞེས་པའི་གཏམ་རྒྱུད་དེ་ལྷག་པར་དུ་མི་སེམས་འགུག་པ་ཞིག་རེད།        དབུལ་ཞིང་འཕོངས་པའི་ཨ་ལེ་པ་པས་བུད་ཤིང་རེ་བཏུས་ནས་འཚོ་བ་རོལ་ཐབས་ཙམ་བྱེད་བཞིན་ཡོད།      ཉིན་ཞིག་ལ་ཁོས་རི་གསེང་དུ་བུད་ཤིང་འཐུ་སྐབས་ཇག་ནས་ཕྱིར་ལོག་པའི་ཇག་པས་བྲག་ཕུག་ཅིག་ཏུ་གསེར་དངུལ་སོགས་སྦ་བཞིན་ཡོད་པ་དང་ཕྲད།        དེ་དག་ཕྱིར་སོང་རྗེས་ཁོས་གསེར་སྒོར་ཁུག་མ་འགའ་ཕྱིར་ཁྱེར་ནས་ཡོང་།        གནས་ཚུལ་དེ་ཁོའི་ཕུ་བོ་ཁ་ཞི་མུས་ཐོས་རྗེས་ཁོར་བཙན་ཚུགས་ཀྱིས་གསེར་སྒོར་གྱི་ཡོང་ཁུངས་དང་བྲག་ཕུག་གི་ཁ་ཇི་ལྟར་འབྱེད་པའི་མན་ངག་བཤད་དུ་བཅུག       དེ་ནས་ཧམ་སེམས་ཀྱི་རྐྱལ་ཁ་བཟེད་འདུག་པའི་ཁ་ཞི་མུས་བྲག་ཕུག་དེའི་ནང་སོང་ནས་གསེར་དངུལ་གང་མང་ཞིག་བླངས་ནས་ཕྱིར་དོང་ཁར་འབུད་སྐབས་དོང་ཁ་འབྱེད་བྱེད་ཀྱི་མན་ངག་བརྗེད་དེ་ནང་དུ་ལུས།        ཇག་པ་རྣམས་ཕྱིར་འོངས་ཏེ་ཁོ་རང་དམར་གསོད་བྱས།       ཨ་ལེ་པ་པས་ཕུ་བོའི་བེམ་པོ་ཕྱིར་རང་ཡུལ་དུ་བསྐྱལ་པ་ཇག་པ་རྣམས་ཀྱིས་ཤེས་ཏེ་མི་མངགས་ཏེ་ཨ་ལེ་པ་པའི་འདུག་གནས་བཙལ།        གཡོག་མོ་རིག་ཡག་མ་མེ་ཨར་ཅི་ནས་ཤེས་རྗེས་ས་དེའི་སྒོ་བྱང་ཡོད་ཚད་གཅིག་ཏུ་བསྒྱུར་པས་ཇག་པ་རྣམས་ཀྱིས་ཨ་ལེ་པ་པ་གསོད་འདོད་པའི་ངན་ཇུས་དེ་ལག་ཏུ་བསྟར་མ་ཐུབ།        ཕྱིས་སུ་ཇག་དཔོན་གྱིས་རང་ཉིད་ཚོང་པ་ཞིག་ཏུ་བརྫུས་ནས་ཇག་རོགས་སོ་བདུན་ཡོད་པ་རྣམས་གཡིས་རྫ་ཆེན་པོ་ཞིག་གི་ནང་སྐུང་དུ་བཅུག་ནས་ཨ་ལེ་པ་པ་ཚང་ལ་བསྐྱལ་ཏེ།        སྐབས་བསྟུན་དུ་ཨ་ལེ་པ་པ་གསོད་པའི་ངན་ཇུས་དེ་ཡང་གཡོག་མོ་མེ་ཨར་ཅི་ནས་ཤེས་ཏེ་གཡིས་གདུ་མ་རྫ་ཆེན་དེའི་ནང་ལ་བླུགས་ནས་ཇག་པ་རྣམས་གསོན་སྲེག་བྱས།          ཇག་དཔོན་ཁོ་ན་གསང་སྟབས་ཀྱིས་ཤོར།        རབ་དང་རིམ་པར་ཕམ་ཁ་མྱངས་ཀྱང་ཇག་དཔོན་ད་དུང་ཡིད་མ་ཆད་པར་ཉིན་ཞིག་ཡང་བསྐྱར་ཚོང་པ་ཞིག་ཏུ་བརྫུས་ནས་ཨ་ལེ་པ་པའི་ཁྱིམ་དུ་འོང་ནས་ཟས་ལ་རོལ་སྐབས་ཨ་ལེ་པ་པ་གྲི་ཁར་འདེབས་བསམ་མོད།         འོན་ཀྱང་ངན་ཇུས་དེ་གཡོག་མོ་མེ་ཨར་ཅི་ནས་ཡང་བསྐྱར་བརྟོལ་ཏེ་མགྲོན་པོར་གར་གྱིས་བསུ་བ་བྱེད་ཟེར་ནས་ཐབས་ཡག་པོ་ཞིག་ལ་བརྟེན་ནས་ཇག་དཔོན་བཀྲོངས།        དེ་ནས་ཨ་ལེ་པ་པ་དང་མཉམ་དུ་བདེ་འཇགས་ཀྱི་འཚོ་བ་ལ་རོལ་ཏོ་ཞེས་བཀོད་ཡོད།

4 དཔྱད་བརྗོད།

བསྡུས་དེབ་ཡོངས་གཏམ་རྒྱུད་ཆེན་པོ་གཅིག་གིས་གྲུབ་ཅིང་།       ང་ཚོས་དེའི་ཁྲོད་ཀྱི་ཆེས་ཆུང་བའི་གཏམ་རྒྱུད་གཅིག་ཕྱིར་སེལ་ཡང་དེ་ནི་དེ་འདྲའི་ཆ་ཚང་ཞིང་ཡིད་དབང་འགུག་ནུས་པ་ཞིག་རེད།         འདི་ནི་དྭངས་ཤིང་གཙང་བའི་རྫིང་བུ་ཞིག་གི་ནང་ནས་ཆུ་ཁེམ་བུ་གང་བླངས་ཏེ་འཐུང་ནའང་རྫིང་བུ་དེའི་རོ་བཅུད་མྱངས་ཐུབ་པ་ལྟ་བུའོ།  །

—ཡི་ཧྲིན་ཐའོ་ནས།