རིན་ཆེན་རྒྱལ།སྔ་མའི་པར་གཞི་དེ གཡང་སྒྲོལ་མ།  ནས 2015-08-17 18:02ལ་འགྲུབ།

རིན་ཆེན་རྒྱལ།

རིན་ཆེན་རྒྱལ།
མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་གུང་ཧོ་རྫོང་དུ་སྐྱེས། ཀྲུང་གུང་ཏང་ཡོན། ཀྲུང་དབྱང་ཏང་གི་སློབ་གྲྭ་ནས་མཐར་ཕྱིན་པ་དང་། སློབ་ཆེན་གྱི་སློབ་གཉེར་བརྒྱུད་རིམ་ལྡན་པ་རེད། ད་ལྟ་མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞིའི་འགན་བཞེས་ཡོད།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
རིན་ཆེན་རྒྱལ།
རྒྱ་ཡིག་གི་མིང་།
仁青加
སྐྱེས་ཡུལ།
མཚོ་སྔོན་མཚོ་ལྷོ་གུང་ཧོ་རྫོང་།
སྐྱེས་ལོ་སྐྱེས་ཚེས།
སྤྱི་ལོ1954ལོའི་ཟླ7པ།
1 མི་སྣ་ངོ་སྤྲོད།  

རིན་ཆེན་རྒྱལ།  ཕོ། བོད་རིགས། སྤྱི་ལོ1954ལོའི་ཟླ7པར་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་གུང་ཧོ་རྫོང་དུ་སྐྱེས། ཀྲུང་གུང་ཏང་ཡོན། ཀྲུང་དབྱང་ཏང་གི་སློབ་གྲྭ་ནས་མཐར་ཕྱིན་པ་དང་། སློབ་ཆེན་གྱི་སློབ་གཉེར་བརྒྱུད་རིམ་ལྡན་པ་རེད། ད་ལྟ་མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞིའི་འགན་བཞེས་ཡོད། 

2 བྱ་བའི་བརྒྱུད་རིམ་མདོར་བསྡུས།

མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་ཨུའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་དང་ཞིན་ཧེ་རྫོང་ཨུའི་ཧྲུའུ་ཅི། མཚོ་བྱང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། མཚོ་བྱང་ཁུལ་ཨུའི་རྒྱུན་ཨུ་དང་ཁུལ་དཔོན་གཞོན་པ། མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་དང་ཁུལ་དཔོན།  མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་དང་ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རིན་སོགས་ཀྱི་འགན་བཞེས་མྱོང་།

སྤྱི་ལོ2002ལོའི་ཟླ5བ་ནས2002ལོའི་ཟླ11པའི་བར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ2002ལོའི་ཟླ11པ་ནས2007ལོའི་ཟླ3པའི་བར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་འཐབ་ཕྱོགས་གཅིག་གྱུར་པུའུ་པུའུ་ཀྲང་གི་འགན་བཞེས།

སྤྱི་ལོ2007ལོའི་ཟླ3པ་ནས2007ལོའི་ཟླ6པའི་བར།  མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། འཐབ་ཕྱོགས་གཅིག་གྱུར་པུའུ་པུའུ་ཀྲང་གི་འགན་བཞེས།

སྤྱི་ལོ2007ལོའི་ཟླ6པ་ནས2011ལོའི་ཟླ12པའི་བར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ2011ལོའི་ཟླ12པ་ནས2012ལོའི་ཟླ11པའི་བར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ2011ལོའི་ཟླ12པ་ནས་2012ལོའི་ཟླ1པའི་བར།  མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞིའི་འགན་བཞེས།

སྤྱི་ལོ2013ལོའི་ཟླ1པའི་ཚེས27ཉིན། སྲིད་གྲོས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་དང་པོའི་སྟེང་མཚོ་སྔོན་ཞིང་ཆེན་གྱི་སྲིད་གྲོས་ཀྲུའུ་ཞིའི་འགན་བཞེས།

དཔྱད་གཞིའི་ཡིག་ཆ།