པོ་ལི་ཝེ་ཡ་མཐོ་སྒང་།སྔ་མའི་པར་གཞི་དེ ལོ་མི་ཆུང་།  ནས 2015-08-14 17:03ལ་འགྲུབ།

པོ་ལི་ཝེ་ཡ་མཐོ་སྒང་།

པོ་ལི་ཝེ་ཡ་མཐོ་སྒང་།
པོ་ལི་ཝེ་ཡ་མཐོ་སྒང་ནི་གླིང་ཆེན་ཨ་མེ་རི་ཁ་ལྷོ་མར་ཡོད། ཆ་སྙོམས་མཐོ་ཚད་སྨི3800དང་སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ་ཁྲི35ཡོད། དབུས་རྒྱུད་ནི་ལུང་ཁུག་ཡིན་ལ་དེར་ཞིང་ལས་དར་རྒྱས་ཆེ། གྲོང་ཁྱེར་ཆེ་བ་མང་བོའང་གནས་འདིར་འདུས་ཡོད། མཐོ་སྒང་བྱང་ཕྱོགས་ཀྱི་ས་ཞིང་གཤིན་པོ་ཡིན་པས་མི་འབོར་འདུས་སྡོད་ས་ཁུལ་ཏུ་གྱུར་ཡོད། ལྷོ་ཕྱོགས་ནི་སྐམ་ཤས་ཆེ་བའི་བྱེ་ཐང་ཡིན། ས་རྒྱུད་ཡིན་པའི་རྐྱེན་གྱིས་དུད་ཚང་ཉུང་བ་ཡིན། གཏེར་ཁ་སྔོག་འདོན་ཆེད་དུ་ཡོང་བ་ལས་གྲུབ་པའི་གྲོང་བརྡལ་ཆུང་ཆུང་ཐར་ཐོར་དུ་ཁྱབ་པ་ཙམ་ལས་གྲོང་ཁྱེར་ཆེ་བ་མཐོང་རྒྱུ་མི་འདུག མཐོ་སྒང་གི་ཏི་ཏི་ཁ་ཁ་མཚེའུ་ནི་གླིང་ཆེན་ཨ་མེ་རི་ཁ་ལྷོ་མའི་ཆེས་ཆེ་བའི་མཚེའུ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
玻利维亚高原
ཕྱི་ཡིག་གི་མིང་།
Plurinational State of Bolivia(Bolivia)
ས་ཁམས་གནས་ཡུལ།
གླིང་ཆེན་་མེ་རི་ཁ་ལྷོ་མ།
ནམ་ཟླ་གཙོ་བོ།
ཚ་ཁུལ་ཕལ་བའི་ཆར་ནགས་ནམ་ཟླ།
རྒྱ་ཁྱོན།
སྤྱིའི་རྒྱ་ཁྱོན་ལ་ཧ་ལམ་སྟོང་སྨི་གྲུང་བཞི་མ་ཁྲི35
ཆ་སྙོམས་མཚོ་འཕགས།
སྨི3800
ཁོངས་གཏོགས་རྒྱལ་ཁབ།
པོ་ལི་ཝེ་ཡ། ཕེ་རུ། ཀྲི་ལི། ཨ་ཀེན་ཐིན། ཕ་ར་ཀུའེ།
མཚེའུ་གཙོ་བོ།
ཏི་ཏི་ཁ་ཁ་མཚེའུ།
1 ངོ་སྤྲོད་མདོར་བསྡུས།   

ཨན་ཏི་སི་རི་རྒྱུད་ནུབ་ཕྱོགས་ནས་གཡུ་འབྲུག་ལྟར་འཁྱུག་པ་དེས་མིང་དུ་གྲགས་པའི་པོ་ལི་ཝེ་ཡ་མཐོ་སྒང་གྲུབ་པ་ཡིན། ནུབ་ཁོ་ཏི་ལེ་ལ་རི་རྒྱུད་ཀྱི་ཤར་ཕྱོགས་ནི་པོ་ལི་ཝེ་ཡ་བདེ་ཐང་ཡིན། དེའི་ས་ཁུལ་མང་ཆེ་བའི་མཚོ་འཕགས་ནི་སྨི4000ཡན་ཆད་རེད། མཐོ་སྒང་གི་ཆ་སྙོམས་ཞེང་ཚད་ལ་སྟོང་སྨི140དང་རིང་ཚད་ལ་སྟོང་སྨི180ཡོད། པོ་ལི་ཝེ་ཡ་རྒྱལ་ཁབ་མངའ་ཁོངས་སུ་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ102300ཡོད་པ་དེས་རྒྱལ་ཁབ་ཡོངས་ཀྱི10%ཟིན་ཡོད། ནུབ་ཁོ་ཏི་ལེ་ལ་རི་རྒྱུད་ཀྱི་རི་ལག་མཐོ་སྒང་དུ་བསྲིངས་པ་དེས་ཆེ་ཆུང་མི་འདྲ་བའི་གཤོང་ས་དང་ལུང་ཁུག་མང་བོ་གྲུབ་འདུག མཐོ་སྒང་བྱང་ཕྱོགས་ཀྱི་ས་ཞིང་གཤིན་པོ་ཡིན་པས་མི་འབོར་འདུས་སྡོད་ས་ཁུལ་ཏུ་གྱུར་ཡོད།  ལྷོ་ཕྱོགས་ནི་སྐམ་ཤས་ཆེ་བའི་བྱེ་ཐང་ས་རྒྱུད་ཡིན་པའི་རྐྱེན་གྱིས་དུད་ཚང་ཉུང་བ་ཡིན་བ་དང་། གཏེར་ཁ་སྔོག་འདོན་ཆེད་དུ་ཡོང་བ་ལས་གྲུབ་པའི་གྲོང་བརྡལ་ཆུང་ཆུང་ཐར་ཐོར་དུ་ཁྱབ་པ་ཙམ་ལས་གྲོང་ཁྱེར་ཆེ་བ་མཐོང་རྒྱུ་མི་འདུག  པོ་ལི་ཝེ་ཡའི་ཧ་ལམ་མི་གྲངས་ཀྱི70%མཐོ་སྒང་ས་རྒྱུད་དུ་འདུས་སྡོད་བྱས་ཡོད་ལ་གྲོང་ཁྱེར་མང་བོའང་མཐོ་སྒང་དུ་ཆགས་ཡོད། མཐོ་སྒང་གི་ཤར་ཕྱོགས་སུ་ཤར་ཁོ་ཏི་ལེ་ལ་རི་རྒྱུད་ཀྲོང་ངེར་ལང་འདུག  ཤར་ཁོ་ཏི་ལེ་ལ་རི་རྒྱུད་ཀྱི་འདབས་རྒྱུད་དུ་ཁོད་སྙོམས་པའི་ལམ་ཆེན་ཞིག་རང་བྱུང་གིས་གྲུབ་འདུག   བྱང་ཕྱོགས་ཀྱི་ཏི་ཏི་ཁ་ཁ་མཚེའུ་ནས་ལྷོ་ཕྱོགས་ཀྱི་ཨ་ཀེན་ཐིན་མཐའ་མཚམས་བར་དར་གོས་རིང་བོ་བཞིན་བསྲིངས་འདུག  ཤར་ཁོ་ཏི་ལེ་ལ་རི་རྒྱུད་བྱང་ཕྱོགས་ཀྱི་རི་ཚོགས་དང་ཏི་ཏི་ཁ་ཁ་ཤར་ཕྱོགས་སུ་བརྗིད་ཆགས་ཀྱིས་འགྱིང་བའི་ཁོ་ཏི་ལེ་ལའི་རི་རྒྱུད་གཙོ་བོ་གཉིས་འབྲེལ་ནས་ཡོད་ལ།  མཐོ་ཚད་ལ་སྨི6000བརྒལ་བའི་རི་རྩེ་དྲུག་འདུས་ཡོད།  རི་རྒྱུད་ཧྲིལ་བོ་བྱང་ཤར་ཕྱོགས་སུ་བསྲིངས་ཡོད་པ་དང་མཚོ་འཕགས་རིམ་བཞིན་ཇེ་དམའ་སོང་སྟེ་ཡ་མ་སུན་གཤོང་སར་མུ་འབྲེལ་ནས་ཆགས་ཡོད། ཏི་ཏི་ཁ་ཁ་མཚེའུ་དེ་པོ་ལི་ཝེ་ཡ་མཐོ་སྒང་གི་ཆེས་བྱང་ཕྱོགས་སུ་ཡོད།  མཚེའུ་དེའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ8965དང་མཚོ་འཕགས་སྨི3810ཡིན།  འཛམ་གླིང་ཐོག་མཚོ་གྲུ་ཤར་གཏོང་ཆོག་པའི་ཆེས་མཐོ་བའི་ཆུ་ཁོངས་ཡིན།   ཁོ་ཏི་ལེ་ལ་རི་རྒྱུད་ཀྱི་རི་རྒྱུད་གཙོ་བོའི་བྱང་ཤར་གྱེན་མ་གསེག་ཏུ་ནགས་ཚལ་སྟུག་པོ་ཡིན་ལ། ཆུ་རྒྱུན་མང་བོས་བདས་བསགས་ཐེབས་པ་ལས་གྲུབ་པའི་ས་རྒྱུ་གཤིན་པོའི་ལུང་ཁུག་གྲུབ་ཡོད།  དྲོད་ཚད་མཐོ་ཞིང་བརླན་གཤེར་ཆེ་བའི་ནམ་ཟླའི་ཁོངས་སུ་གཏོགས་པ་དང་། ཇ་ཁ་ཁོ་དང་ཁ་ཧྥེ།  མངར་ཆ།  སླན་ཁོ་ཁ། གཞན་ཚ་ཁུལ་གྱི་སིལ་ཏོག་སོགས་འབོར་ཆེན་ཐོན་བཞིན་ཡོད། ཡིན་ནའང་། ས་ཁུལ་འདི་ནས་ལ་པ་སི་གྲོང་ཁྱེར་སོགས་མཛད་སྤྱོད་ལྟེ་གནས་སུ་འགྲིམ་འགྲུལ་སྐྱེལ་འདྲེན་ཧ་ཅང་སྟབས་མི་བདེ་བ་དང་ཉག་ཁའི་གཞུང་ལམ་གྱི་རྒྱུད་ནི་གཡང་གཟར་ཡིན་པས་ཉེན་ཁ་ཆེན་པོ་འདུག  ལམ་བར་གྱི་སྟོང་སྨི80མཚམས་སུ་སྨི3430ལ་གྱེན་དུ་འགོ་དགོས། ཤར་ཁོ་ཏི་ལེ་ལ་རི་རྒྱུད་དེ་པ་ལི་ཝེ་ཡ་མཐོ་སྒང་གི་ཆ་པན་པ་ཉེ་འགྲམ་ནས་ཤར་ཕྱོགས་སུ་གསེག་པས་ཤར་ཁོ་ཏི་ལེ་ལ་རི་རྒྱུད་ཀྱི་ཤར་རྒྱུད་རི་འདབས་མཐོ་སྒང་གྲུབ་པ་དེ་དལ་གྱིས་བསྲིངས་པས་ཤར་རྒྱུད་མཐོ་སྒང་དུ་ཐུག་ཡོད། མཐོ་སྒང་གི་ཆུ་རྒྱུན་མང་ཆེ་བ་མཉམ་ཏུ་འདུས་ཏེ་ཀོ་ལན་ཏེང་གཙང་བོ་དང་ཕི་ཀོ་མ་ཡུའེ་གཙང་བོའི་ནང་དུ་འབབ་ཀྱིན་ཡོད། ས་ཁུལ་འདིའི་ཚ་ཁུལ་ཕལ་བའི་ལུང་ཁུག་ཡང་དྲོད་ཚད་མཐོ་ཞིང་བརླན་གཤེར་ཆེ་བའི་ནམ་ཟླའི་ཁུལ་ཏུ་གཏོགས་པས།  མི་འབོར་མང་བ་དང་ལོ་ཏོག་གི་དང་སིལ་ཏོག་གི་རིགས་སྣ་ཚོགས་ཐོན་སྐྱེད་བྱེད་བཞིན་ཡོད། པོ་ལི་ཝེ་ཡ་རྒྱལ་ཁབ་མངའ་ཁོངས་ཀྱི 70%ཟིན་པའི་ཚ་ཁུལ་གཞོང་ས་དེ་ཤར་ཁོ་ཏི་ལེ་ལ་རི་རྒྱུད་ཀྱི་ཤར་རྒྱུད་རི་འདབས་མཐོ་སྒང་ནས་བྱང་ཤར་དང་ཤར་ཕྱོགས་སུ་བསྲིངས་ཏེ་པར་ཙིལ་རྒྱལ་ཁབ་ཀྱི་མཐའ་མཚམས་སུ་བསྲིངས་ལ། ཤར་ལྷོ་དང་ལྷོ་ཕྱོགས་སུ་བསྲིངས་ཏེ་ཕ་ར་ཀུའེ་རྒྱལ་ཁབ་དང་ཨ་ཀེན་ཐིན་རྒྱལ་ཁབ་གཉིས་ཀྱི་ས་མཚམས་སུ་ཐོན་པ། བྱང་རྒྱུད་དང་ཤར་རྒྱུད་ཀྱི་ཀོང་ས་ཁུལ་ནི་ཚ་ཁུལ་ཆར་ནགས་ནམ་ཟླ་ཡིན་ལ། ཆར་ནགས་བར་རྒྱུད་དུ་ ཕྱུགས་ར་དང་འདམ་གཞུང་། སྡོང་ཕྲན་ནགས་རྫོབ་ཀྱི་བདེ་ཐང་རྒྱ་ཆེར་ཁྱབ་ཡོད།  ས་ཁུལ་འདི་རྒྱལ་ཡོངས་ཀྱི་ས་ཁུལ་གཞན་དག་དང་ཁ་བྲལ་དུ་སོང་ཡོད་དེ།  ཤར་རྒྱུད་དང་ནུབ་རྒྱུད་གང་རུང་ནས་ས་ཁུལ་འདི་ལ་འགྲོ་དགོས་ན་འགྲིམ་འགྲུལ་ཧ་ཅང་སྟབས་མི་བདེ།  ཤར་ཁོ་ཏི་ལེ་ལ་རི་རྒྱུད་ཀྱི་ཤར་རྒྱུད་རི་འདབས་མཐོ་སྒང་གི་ཆར་ནགས་དང་བདེ་ཐང་ནས་ལྷོ་ཕྱོགས་སུ་བསྲིངས་ཏེ་ཕི་ཁོ་མ་ཡུའེ་གཙང་བོར་ཐོན། ཆར་ཆུའི་འབབ་ཚད་བྱང་ནས་ལྷོ་རུ་རིམ་བཞིན་ཇེ་ཉུང་དུ་འགྲོ་བ་ཡིན། ཆེས་ལྷོ་མཐའ་ནི་སྡོང་ཕྲན་ནགས་རྫོབ་དང་རྩྭ་ཐང་གིས་གྲུབ་པའི་ཐན་ཁུལ་ས་རྒྱུད་གྲུབ་ཡོད། པོ་ལི་ཝེ་ཡའི་གྲོང་ཁྱེར་ཆེ་བ་གཉིས་པ་ཧྲེང་ཁོ་ལུའུ་སི་ནི་ཤར་རྒྱུད་བདེ་ཐང་ཐོག་གི་གྲོང་ཁྱེར་གཙོ་བོ་དང་ཆེས་གལ་ཆེ་བའི་ཞིང་ལས་ཐོན་སྐྱེད་ལྟེ་གནས་ཡིན། ས་ཁུལ་འདི་ན་རྡོ་སྣུམ་དང་རང་བྱུང་སོལ་རླངས། ལྕགས་གཏེར་སོགས་ཕུན་སུམ་ཚོགས་པའི་ཐོན་ཁུངས་ཆགས་ཡོད།   

2 རང་བྱུང་ཐོན་ཁུངས།

གཏེར་ཁའི་ཐོན་ཁུངས་ཕུན་སུམ་ཚོགས་ཏེ། གཙོ་བོ་གཤའ།   ཝུའུ། ཏི་ཚ། ཞ་ཉེ། ལྕགས། ཟངས། གསེར་སོགས་ཡོད། གཤའ་གཏེར་གྱི་གསོག་ཚད་ཏུན་ཁྲི115དང་། ལྕགས་གཏེར་གྱི་གསོག་ཚད་ཧ་ལམ་ཏུན་དུང་ཕྱུར450ཡིན་པས་ལ་ཏིང་མེ་གླིང་ནས་པར་ཙིལ་དང་འདྲ་བ་ཡིན།  རྩད་ཆོད་པའི་རྡོ་སྣུམ་གྱི་གསོག་ཚད་ནི་ཟོ་བ་དུང་ཕྱུར9.29ཡོད། རང་བྱུང་སོལ་རླངས་དབྱིན་ཁྲེ་གྲུ་བཞི་ལྷམ་པ་དུང་ཕྱུར་ཁྲི52ཡོད་ལ། ནགས་ཚལ་ཁེབས་ཚད་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི50དང་། དེས་རྒྱལ་ཁབ་མངའ་ཁོངས་ཀྱི48%ཟིན་ཡོད།

3 བཟོ་ལས་གནས་ཚུལ།

བཟོ་ལས་རྗེས་ལུས་ཡིན་ལ། གཙོ་བོ་བཟོ་ལས་ཆུང་བ་དང་བཟའ་ཆས། འཁེལ་འཐག  ཀོ་ཆས། ཆང་སྙལ་བ། བསྒྲིལ་ཐ་སོགས་ལས་སྣོན་བཟོ་ལས་གཙོ་བོ་ཡིན། མདོག་ལྡན་ལྕགས་རིགས་བཙོ་སྦྱང་ཐད་ལ་ནུས་པ་ངེས་ཅན་ཡོད། འཛམ་གླིང་གི་ཨང་གསུམ་པར་གྲགས་པའི་ཕིང་ཐུའོ་བཙོ་སྦྱང་བཟོ་གྲྭ་འདི་ན་ཡོད། 2003ལོར་པོ་ལི་ཝེ་ཡ་རྒྱལ་ཁབ་ཀྱི་ལྕགས་རིགས་གཏེར་ཁ་སྔོག་ཚད་སྔོན་དང་བསྡུར་ན5.6%མཐོར་འདེགས་བྱུང་ཡོད།  ཕྱིར་གཏོང་བཅད་གྲངས་མེ་སྒོར་དུང་ཕྱུར3.67ལ་སླེབས། 2004ལོར། གཏེར་ལས( རྡོ་སྣུམ།  རང་བྱུང་སོལ་རླངས)ཐོན་རྫས་རིན་ཐང་གིས་ཧ་ལམ་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི5.92%ཟིན་ཡོད། ལས་སྣོན་ཐོན་རྫས་རིན་ཐང་གིས་ཧ་ལམ་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི12.39%ཟིན་པ་དང་འཛུགས་སྐྲུན་ལས་རིགས་ཀྱིས2.13%ཟིན་ཡོད།

4 ཞིང་ལས་གནས་ཚུལ།

ཞིང་ལས་ཅུང་རྗེས་ལུས་ཡིན་ཏེ།  རྒྱལ་ཡོངས་ལ་རྨོ་ཞིང་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི3.4ཡོད་པ་དེས་ཧ་ལམ་རྒྱལ་ཁབ་ཀྱི་མངའ་ཁོངས་ཧྲིལ་བོའི3%ཟིན་ཡོད། 2000ལོར་རྒྱལ་ཡོངས་ཀྱི་ས་ཞིང་འདེབས་འཛུགས་རྒྱ་ཁྱོན་ལ་སྤྱི་ཆིང་ཁྲི188ཡོད། འབྲུ་རིགས་ཐོན་སྐྱེད་ཀྱིས་རྒྱལ་ནང་གི34%ཡི་དགོས་མཁོ་མ་གཏོགས་སྐོང་མི་ཐུབ་ལ་གཞན་དག་ཡོད་ཚད་ནང་འདྲེན་ལ་བརྟེན་དགོས། རྒྱལ་ཡོངས་སུ་ནོར་ཕྱུགས་རྭར་གསོས་པའི་ཁ་གྲངས་ཁྲི640དང་ལུག་ཁྲི784།  ཕག་ཁྲི186བཅས་ཡོད། ཉ་ལས་ཐོན་ཁུངས་ཧ་ཅང་དཀོན་པོ་ཡིན་ཏེ། 1996ལོར་ཉ་བཟུང་ཚད་ཏུན5300ཡིན། 2004ལོར་ཞིང་ཕྱུགས་ཉ་ལས་ཀྱི་ཐོན་རྫས་རིན་ཐང་པོ་ལི་ཝེ་ཡ་ནའོ་དུང་ཕྱིར93.85དང་དེས་རྒྱལ་དམངས་ཐོན་སྐྱེད་ཀྱི་རིན་ཐང་བསྡོམས་འབོར་གྱི13.8%ཟིན་ཡོད། དཔལ་འབྱོར་ལོ་ཏོག་གཙོ་བོ་ལ་སྲིང་བལ་དང་།  ཁ་ཧྥེ། དུ་རྩྭ། བུར་ཤིང་། ཉི་དགའ་མེ་ཏོག་སོགས་ཡིན།  ཞིང་ཕྱུགས་ལས་ཐོན་རྫས་གཙོ་བོ་མ་རྨོས་ལོ་ཏོག ཆུ་འབྲས།  གྲོ  ཞོག་ཁོག་གི་རིགས་སོགས་ཡིན།

5 ལྗོངས་རྒྱུའི་ཡུལ་ལྗོངས།

QQ截图20150810113740.jpg

5_1 སུ་ཁེ་རི།

སུ་ཁེ་རི་ནི་པོ་ལི་ཝེ་ཡའི་ཁྲིམས་བཀོད་རྒྱལ་ས་ཡིན་ལ་ཆེས་མཐོ་བའི་ཁྲིམས་ཁང་གནས་སའི་ཡུལ་ཡང་ཡིན།  དེ་ཤར་ཁོ་ཏི་ལེ་ལ་རི་རྒྱུད་ཀྱི་ཤར་རྒྱུད་ཉེ་འདབས་ཀྱི་ཁ་ཆི་མ་ཡུའེ་གཙང་བོའི་ཀོང་ས་ན་ཡོད། རི་རྩེ་གཉིས་ཀྱིས་བསྐོར་ཡོད་དེ། གཅིག་ནི་སི་ཁའེ་སི་ཁ་རི་རྩེ།  གཞན་ཞིག་ནི་ཆུན་ཁོ་ལ་རི་རྩེ་ཡིན་ལ།  མཚོ་འཕགས་ཧ་ལམ་སྨི2790ཡས་མས་ཡིན།  ལོའི་ཆ་སྙོམས་དྲོད་ཚད21.8℃དང་ལོའི་ཆར་ཆུ་འབབ་ཚད་ཧའོ་སྨི700ཡིན། གྲོང་ཁྱེར་འདི་ལ་མི་གྲངས་ཁྲི70ཡོད།  འཛུགས་སྐྲུན་གཙོ་བོ་དང་སྡོད་དམངས་ཀྱི་སྡོད་ཁང་གི་ཁ་མདོག་དཀར་བོ་ཡིན་པའི་དབང་གིས་འདི་ལ“གྲོང་ཁྱེར་དཀར་པོ”ཞེས་པའི་མཚན་སྙན་ཐོབ་ཡོད། ཤར་ཁོ་ཏི་ལེ་ལ་རི་རྒྱུད་ཀྱི་ཤར་རྒྱུད་ཉེ་འདབས་ཀྱི་ཁ་ཆི་མ་ཡུའེ་གཙང་བོའི་ཀོང་སའི་མཚོ་འཕགས་ལ་སྨི2835ཡོད་པ་དང་ནམ་ཟླ་དྲོ་བ་ཡིན། 1988ལོར་མི་གྲངས་ཁྲི10ཙམ་ཡོད། སྔར་དབྱིན་ཏི་ཨན་པའི་སྡེ་བ་ཞིག་ཡིན་ལ། 1538ལོར་གྲོང་ཁྱེར་ཆགས་པ་ཡིན། སྔོན་ཆད་ཀྱི་མིང་ལ་ལ་ཕུའུ་ལ་ཐ་དང་ཁྲ་ཨེར་ཁ་སི་ཞེས་ཀྱང་འབོད། 1809ལོར་མེ་གླིང་ལྷོ་མའི་མི་དམངས་ཀྱིས་སི་ཕེན་གྱི་དབང་བསྒྱུར་ལ་ངོ་རྒོལ་གྱི་འོས་ལངས་ཐེངས་དང་པོར་བྱས་པ་རེད།  1825ལོའི་ཟླ8ཚེས6ཉིན་པོ་ལི་ཝེ་ཡ་རྒྱལ་ཁབ་རང་བཙན་བྱས་པར་བསྒྲགས། 1839ལོ་ནས་གྲོང་ཁྱེར་འདི་པོ་ལི་ཝེ་ཡ་རྒྱལ་ཁབ་ཀྱི་རྒྱལ་སར་གྱུར་བ་དང་ཙུང་ཐུང་དང་པོ་སུ་ཁེ་རིའི་མིང་གྲོང་ཁྱེར་ལ་བཏགས་ཡིན། 1898ལོར་ཁྲིམས་བཀོད་རྒྱལ་སར་གཏན་འཁེལ་བྱས(སྲིད་གཞུང་ལ་པ་སི་ནས་བཙུགས)ཉེ་འཁོར་གྱི་ས་ཁུལ་དག་ནི་ཞིང་ལས་ཐོན་རྫས་བསྡུ་འགྲེམ་གྱི་ལྟེ་གནས་ཡིན།  ཁ་ལི་སྨི་སྣུམ་གཏེར་དང་མེང་ཐེ་ཀུའུ་ཏུའོ་སྣུམ་གཏེར་གྱི་སྣུམ་སྦུག་ས་འདི་ནས་བརྒྱུད་ཡོད། རྡོ་སྣུམ་དྭངས་སྙིགས་འབྱེད་པ། གསེར་བཙོ་སྦྱོང་། ཨར་འདམ། ཆང་སྙལ་བ།  དུ་རྩྭ།  ཤིང་ཏོག་ལྕགས་ཀྲིན། འཁེལ་འཐག་བཅས་ཀྱི་བཟོ་ལས་ཡོད། ལྕགས་ལམ་པོ་ཐུའོ་ཞི་ལ་ཤར་གཏོང་ཐུབ་ལ་གཞུང་ལམ་ཁོ་ཆ་པན་པ་དང་སྦྲེལ་ཡོད།  གྲོང་ཁྱེར་འདི་རང་རྐྱ་འཕེར་བའི་ཕོ་བྲང་དང་དངོས་མང་བཤམས་སྟོན་ཁང་། ཆོས་ཁང་ཆེ་བ(1553ལོར་འཛུགས་སྐྲུན་བྱས)སོགས་མིང་དུ་གྲགས་པའི་འཛུགས་སྐྲུན་དང1624ལོར་བཙུགས་པའི་སློབ་གྲྭ་ཆེན་མོ་སོགས་ཡོད།  

སུ་ཁེ་རི་གྲོང་ཁྱེར་སྔར་དབྱིན་ཏི་ཨན་པའི་སྡེ་བ་ཞིག་ཡིན་པ་དང་མིང་ལ་ཆིའུ་ཅི་ས་ཁ་ཟེར། 1538ལོར་གྲོང་ཁྱེར་བཙུགས་པ་ཡིན། 1559ལོར། སི་ཕེན་མི་སེར་སྤེལ་མཁན་གྱིས་འདི་ནས་གླིང་ཆེན་ཨ་མེ་རི་ཁའི་མི་སེར་སྤེལ་ཡུལ་གྱི་ཆེས་མཐོ་བའི་ཁྲིམས་འཛིན་ལས་ཁུངས་ཏེ་འདྲི་རྩད་གླིང་བཙུགས། 1624ལོར། ཡེ་ཤུ་ཚོགས་པས་གླིང་ཆེན་ཨ་མེ་རི་ཁ་ནས་ཆེས་སྔ་བའི་སློབ་གྲྭ་ཆེན་མོ་སྟེ། ཧྲེང་ཧྥོ་ལང་ཞི་སི་ཁོ-ཧ་པི་ཨའེ་སློབ་གྲྭ་ཆེན་མོ་བཙུགས་པ་རེད།  མིག་སྔར་སློབ་ཆེན་འདིར་སློབ་མ་ཁྲི་གཅིག་ཡོད་པའི་པོ་ལི་ཝེ་ཡའི་རྒྱལ་ཡོངས་ཀྱི་མཐོ་རིམ་སློབ་གསོའི་ལྟེ་གནས་སུ་གྱུར་ཡོད། 1809ལོའི་ཟླ5བའི་ཚེས25ཉིན། མེ་གླིང་ལྷོ་མའི་མི་དམངས་ཀྱིས་སི་ཕེན་གྱི་དབང་བསྒྱུར་ལ་ངོ་རྒོལ་གྱི་འོས་ལངས་ཐེངས་དང་པོར་བྱས་པ་རེད།  1825ལོའི་ཟླ8ཚེས6ཉིན་པོ་ལི་ཝེ་ཡ་རྒྱལ་ཁབ་རང་བཙན་བྱས་པར་བསྒྲགས། སུ་ཁེ་རི་གྲོང་ཁྱེར་ནི་པོ་ལི་ཝེ་ཡ་རྒྱལ་ཁབ་ཀྱི་རྒྱལ་སར་གྱུར་བ་དང་ཙུང་ཐུང་དང་པོ་སུ་ཁེ་རིའི་མིང་གྲོང་ཁྱེར་ལ་བཏགས་ཡིན།  སུ་ཁེ་རི་ནི་གླིང་ཆེན་ཨ་མེ་རི་ཁ་ལྷོ་མའི་བཅིངས་འགྲོལ་བ་ལི་ཝ་ཨེར་གྱི་སྡོང་གྲོགས་ཡིན་ལ། པོ་ལི་ཝེ་ཡའི་རང་བཙན་ལ་ཐག་གཅོད་རང་བཞིན་གྱི་ནུས་པ་ཐོན་ཡོད།  སུ་ཁེ་རིའི་བྱས་རྗེས་གཟེངས་སུ་ཐོན་པས་པོ་ལི་ཝེ་ཡའི་རྒྱལ་ཁབ་ཀྱི་ཙུང་ཐུང་དང་པོར་བསྐོ་བཞག་བྱས།  1898ལོར། སུ་ཁེ་རི་པོ་ལི་ཝེ་ཡ་རྒྱལ་ཁབ་ཀྱི་རྒྱལ་སར་གྱུར། ལོ་དེར་ཙུང་ཐུང་དང་པོ་སུ་ཁེ་རིའི་མིང་དེ་གྲོང་ཁྱེར་དེ་ལ་བཏགས་པ་ཡིན། 1898ལོར་ཁྲིམས་བཀོད་རྒྱལ་སར་གཏན་ལ་ཕབ། སུ་ཁེ་རིའི་ཆེས་གནའ་བོའི་ཆོས་ཁང1538ལོར་བཞེསངས་སྐྲུན་བྱས་པའི་ཧྲེང་ས་ལུའོ་ཆོང་ཁང་ཡིན་ལ།  སྐབས་དེར་དབྱིན་ཏི་ཨན་པས་སྲོལ་རྒྱུན་གྱི་འཛུགས་སྐྲུན་བྱེད་ཐབས་ནི་སོ་ཕག་དང་རྩྭ་ཤིང་གིས་འཛུགས་སྐྲུན་བྱས་པ་ཡིན། 1691ལོར་བཞེངས་སྐྲུན་བྱས་པའི་ཧྥང་ཅི་ཧུའེ་ཏི་ལ-ལའེ་ཁོ་ལའེ་ཐ་ཡེ་ཤུ་ཆོས་ལུགས་ཀྱི་དགེ་སྒྲུབ་ཁང་ནི་གྲོང་ཁྱེར་འདིའི་ཆེས་གནའ་རབས་དང་ཆེས་བརྗིད་ཆགས་མཛེས་སྡུག་གི་དགེ་སྒྲུབ་ཁང་ཞིག་རེད།

QQ截图20150810113925.jpg

5_2 ཏི་ཏི་ཁ་ཁ་མཚེའུ།

ཏི་ཏི་ཁ་ཁ་མཚེའུའི་མཚོ་འཕགས་ལ་སྨི3812ཡོད་པ་དང་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ8330ཡོད། མཚོ་ཆུའི་ཆ་སྙོམས་གཏིང་ཚད་ལ་སྨི100དང་ཆེས་གཏིང་སར་སྨི256ཡོད། མཚོ་ཆུའི་ཁ་མདོག་ལྗང་སྐྱ་ཡིན་ལ་དྭངས་ཤིང་གསལ་བས་ཞབས་ཀྱི་རྡེའུ་ཟེགས་ཀྱང་ལྷང་ངེར་མཐོང་ཐུབ། མཚེའུའི3/5ཙམ་པོ་ལི་ཝེ་ཡའི་མངའ་ཁོངས་སུ་ཡོད་ཀྱང2/5ཕེ་རུའི་མངའ་ཁོངས་སུ་ཡོད། ཏི་ཏི་ཁ་ཁ་མཚེའུ་སྐམ་སའི་དབུས་ཁུལ་གྱི་མཚེའུ་ཞིག་ཡིན་ཡང་། འཛམ་གླིང་སྟེང་གི་མཐོ་རི་དང་མཐོ་སྒང་གི་ཚྭ་མཚོ་མང་བོ་དང་མི་འདྲ་བར་དེ་ནི་ཚྭ་མེད་མཚེའུ་ཞིག་རེད། དེའི་མཚོ་འཕགས་མཐོ་ནའང་འཁྱགས་པས་མི་བསྡམས་ལ་སྐམ་སའི་དབུས་ཁུལ་དུ་ཡོད་ནའང་ཚྭ་ཆུ་མིན། འདི་ནི་མཚེའུའི་མཐའ་བཞི་གངས་རིས་སྐོར་ཞིང་གངས་ཆུས་དུས་དང་རྣམ་པ་ཀུན་དུ་མཚོ་ཆུ་ལ་གསབ་སྤྲོད་རྒྱག་པའི་རྐྱེན་གྱིས་མཚོ་ཆུ་ལ་ཚྭ་མེད་པ་ཡིན། གཞན་ཏི་ཏི་ཁ་ཁ་མཚེའུ་ཨན་ཏི་སི་རི་རྒྱུད་ཀྱི་སྒྲིབ་དངོས་སུ་ཡོད་པས། མཐོ་ཞིང་བརྗིད་པའི་ཨན་ཏི་སི་རི་རྒྱུད་ཀྱིས་རླུང་རྒྱུན་འཁྱགས་པའི་འཇབ་རྒོལ་ལ་བཀག་འགོག་ཐེབས་པས་མཚོ་ཆུ་ལོ་ཧྲིལ་བོར་འཁྱགས་པས་མི་བསྡམས། མཚོ་ངོགས་གཡུ་འབྲུག་འཁྱུག་པ་ལྟར་ཀྱག་ཀྱོག་ཏུ་ཆགས་པས་ཕྱེད་གླིང་དང་མཚོ་ཁུག་མང་བོ་གྲུབ་འདུག  མཚེའུའི་འགྲམ་ཏུ་རྩྭ་ཆུ་འཛོམས་ཤིང་མཚེའུ་ནང་དུ་ཉ་རིགས་མང་བོ་ཡོད།

ཏི་ཏི་ཁ་ཁ་མཚེའུ་ནི་གླིང་ཆེན་ཨ་མེ་རི་ཁ་ལྷོ་མའི་དབྱིན་ཏི་ཨན་པའི་རིག་གནས་འབྱུང་ཁུངས་ཀྱི་གྲས་ཡིན་ལ། དབྱིན་ཏི་ཨན་པས་འདི་ལ“ལྷ་མཚོ”ཞེས་འབོད་པ་ཡིན། མཚེའུ་ནང་དུ་གླིང་ཕྲན41ཡོད་པ་དང་། དེ་ལས་པོ་ལི་ཝེ་ཡའི་མངའ་ཁོངས་སུ་ཡོད་པའི་ཉི་མ་གླིང་ཕྲན་དང་ཟླ་བ་གླིང་ཕྲན་གཉིས་ནི་མུ་ཏིག་རྡོག་པོ་གཉིས་དང་འདྲ་བར་མཚེའུ་མངོན་པར་སྤྲས་ཡོད་དེ། གླིང་ཕྲན་གཉིས་ཀྱི་བྲག་རྡོའི་ཁ་མདོག་རྫ་མདོག་དང་རྒྱ་སྨུག་ཡིན་པས་མཚེའུའི་འོད་དང་གླིང་ཕྲན་གྱི་ཁ་མདོག་ལྷན་དུ་འདུས་པ་ལས་འཕྲོས་པའི་འོད་སྣང་དེ་ལྷག་པར་དུ་མཛེས་ཤིང་ཡིད་དུ་འོང་བའི་ལྗོངས་རྣམ་ཞིག་ཏུ་གྱུར་ཡོད།  གླིང་ཕྲན་གཉི་གའི་ཐོག་ན་གནའ་བོའི་དབྱན་ཏི་ཨན་པའི་རྗེས་ཤུལ་མང་བོ་ཡོད། ཟླ་བ་གླིང་ཕྲན་དུ་སྤྱི་ལོ་སྔོན་གྱི་གནའ་མཁར་རྗེས་ཤུལ་དང་མཛེས་སྡུག་བརྗིད་ཆགས་པའི་ཕོ་བྲང་། ལྷ་ཁང་། ཟུར་གསུམ་མཆོད་རྟེན་དང་རྡོ་བཟོས་འཛུགས་སྐྲུན་སོགས་ཀྱི་རྗེས་ཤུལ་ཡོད། ཕེ་རུའི་མངའ་ཁོངས་ཀྱི་ཨའེ་སི་ཐི་ཝེ་སུ་གླིང་ཕྲན་ཐོག་ཏུ་ལྗོངས་རྒྱུ་བར་ཆེད་དུ་དམིགས་ཏེ་གསོལ་ཁང་ཞིག་གསར་སྐྲུན་བྱས་ཡོད་ལ། འདི་ནས་དྭངས་ཤིང་གསལ་བའི་མཚེའུ་དང་སྔོ་ཞིང་ལྗང་བའི་རི་བོའི་མཛེས་སྡུག་ཉམས་སུ་མྱོང་ཆོག་པས་ལྗོངས་རྒྱུ་བའི་ཡིད་ཀྱི་དང་བ་ཅིག་ཅར་དུ་འཕྲོག་པ་ཡིན། མཚེའུ་ནང་དུ་ད་དུང་འཕྱོ་འགུལ་བྱེད་པའི་གླིང་ཕྲན་དུ་མ་ཡོད། གླིང་ཕྲན་འདི་དག་ནི་ས་གནས་དེའི་རྩྭ་ཤུ་དག་དང་འདམ་རྩྭ་མང་བོ་ཕྱོགས་གཅིག་ཏུ་འཆིང་བསྡོམས་བྱས་པ་ལས་གྲུབ་ཡིན། རྩྭ་ཤུ་དག་མང་བོ་རྩེག་སྟེ་བཏིང་ན་གཡེང་ཤུགས་ཆེན་པོ་ཡོད་ལ། དེའི་ཐོག་ཏུ་སྟབས་བདེ་བའི་ཁང་བ་ཆུང་ཆུང་ལས་ན་ཁྱིམ་ཚང་འགའ་རེ་སྡོད་ཐུབ་པ་ཡིན།  ས་གནས་དེའི་དབྱིན་ཏི་ཨན་པ་ཚོ་འཕྱོ་འགུལ་བྱེད་པའི་གླིང་ཕྲན་ཐོག་ཏུ་གནས་བཅས་པ་དང་ཉ་བཟུང་ནས་འཚོ་བ་རོལ་བཞིན་ཡོད།

ཉ་ལས་དང་འདབ་ཆགས་མང་བོ་ཡོད།  མཚེའུ་ནང་དུ་ཉ་ཙུན་ཡུས་དང་རིང་ཚད་ལ་ལི་སྨི30ཡོད་པའི་སྦལ་ཆེན་སོགས་འབོར་ཆེན་ཐོན་བཞིན་ཡོད། ཡིན་ཡང་། འཛིན་བཟུང་ཚད་ལས་བརྒལ་བའི་རྐྱེན་གྱིས། མིག་སྔར་ཕེ་རུ་དང་པོ་ལི་ཝེ་ཡ་སྲིད་གཞུང་གིས་གང་འདོད་འཛིན་བཟུང་མི་ཆོག་པའི་བཀའ་ཁྲིམས་བསྒྲགས་ཡོད།  མཚེའུ་འགྲམ་དུ་འདམ་རྩྭ་འབོར་ཆེན་ཐོན་པ་དང་ས་གནས་དེའི་དབྱིན་ཏི་ཨན་པ་ཚོས་འདམ་རྩྭས་ལས་པའི་གྲུ་ཆུང་ལ“ཐའོ་ཐའོ་ལ”ཟེར། དེ་ལོ་གཅིག་གི་ཡུན་ལ་བཀོལ་སྤྱོད་བྱས་རྗེས་རིམ་གྱིས་ཆུས་སྦངས་བས་བཀོལ་སྤྱོད་ཀྱི་ནུས་པ་ཤོར་འགྲོ་བ་ཡིན།  མཚེའུ་ངོས་སུ་ད་དུང་དབྱིན་ཏི་ཨན་པས་འདམ་རྩྭས་ལས་པའི་འཕྱོ་འགུལ་གླིང་ཕྲན་ཡོད་ལ། མི་རྣམས་ཀྱིས་ལོ་ཧྲིལ་བོར་འཕྱོ་འགུལ་གླིང་ཕྲན་དུ་ལོ་ཧྲིལ་བོར་འཚོ་བ་རོལ་ཆོག་སྟེ། ཉ་འཛིན་པ་དང་ཐ་ན་སྔོ་ཚོད་འདེབས་འཛུགས་ཀྱི་ལས་ཀའང་གཉེར་བཞིན་ཡོད།  མིག་སྔར་ས་ཁུལ་འདིའི“ཐའོ་ཐའོ་ལ”གྲུ་གཟིངས་ཆུང་བ་དང་འཕྱོ་འགུལ་གླིང་ཕྲན་གྱིས་ལྗོངས་རྒྱུ་བ་མང་བོ་འགུག་བཞིན་མཆིས།

6 སྡོད་མིའི་འཚོ་བ།
6_1 ལོ་རྒྱུས།

གནའ་རྫས་རྟོག་ཞིབ་པའི་ཟིན་ཐོ་གཞིར་བཟུང་ན། སྤྱི་ལོ་སྔོན་གྱི་ལོ་ཁྲི་གཅིག་གི་སྔོན་དུ། ཨ་མེ་རི་ཁ་བྱང་མ་དང་དབུས་མའི་རིམ་པ་དང་པོའི་ཡུལ་མི་གནས་སྤོ་པ་གནས་འདིར་ཐོན་ཞིང་། ཁོ་ཚོ་གླིང་ཕྲན་ཧུ་ཏི་དང་ཨ་ཀེན་ཐིན།  ཕེ་རུ་ལྷོ་ཕྱོགས། གཞོངས་ས་ཆེན་པོ་སོགས་ས་ཁུལ།  དབུས་ལྷོ་རྒྱུད་ཀྱི་བདེ་ཐང་དང་ཨན་ཏི་རི་རྒྱུད་དཀྱིལ་དབུས་ཀྱི་ས་ཁུལ་ཁག་ཅིག་ཏུ་ཐོག་མར་གནས་བཅས་པ་ཡིན།  དེ་དག་ནི་ཤ་ཁྲག་གི་འབྲེལ་བའི་རྨང་གཞི་ཐོག་ཏུ་གྲུབ་པའི་ཚོགས་སྤྱི་ཞིག་ཡིན་ལ།  ཕོ་མོ་དང་ལོ་ཚོད་ཀྱིས་གྲལ་རིམ་ཐག་གཅོད་པ་ཡིན།  རྗེས་སུ་ཚད་མཐོ་བའི་ཞིང་ལས་འཕེལ་རྒྱས་ཀྱི་སྤྱི་ཚོགས་ཀྱིས་ཕྱུགས་རིགས་སྤོ་འཚོའི་ཚོགས་སྤྱི་འདི་དག་གི་ཚབ་བྱེད་པ་ཡིན། རྨོ་ཞིང་སྤྱི་ཚོགས་དེ་པར་ཙིལ་དང་ཨ་ལ་ཝ་ཁོའི་མཚོ་ངོགས་དང་སྐམ་སའི་དཀྱིལ་དབུས་ཀྱི་ནགས་ཚལ་ས་ཁུལ་དུ་ཡོད། ཁོ་ཚོར་ཕུན་སུམ་ཚོགས་པའི་བཟའ་ཆས་ཡོད་པས། ཅུང་གཏན་འཇགས་ཀྱི་སྤྱི་ཚོགས་སྡེ་ཚན་ཞིག་རྒྱུན་འཁྱོངས་བྱས་ཐུབ་ཡོད།  ཅ་ལི་པི་རྒྱ་མཚོའི་འགྲམ་ངོགས་དང་ཨན་ཏི་སི་རི་རྒྱུད་ཀྱི་བྱང་ཕྱོགས་སུ་གཏན་སྡོད་བྱས་པའི་མི་རིགས་དེ་དག  དམག་དོན་དང་ཆོས་ལུགས་ཆོ་གའི་རྨང་གཞི་ཐོག  ཞིང་ལས་ལག་རྩལ་གྱི་རྒྱུན་འཁྱོངས་འོག་ཏུ་ཅུང་རྙོག་འཛིང་ཆེ་བའི་སྤྱི་ཚོགས་ཀྱི་རྩ་འཛུགས་རྣམ་པ་ཞིག་གྲུབ་ཡོད། གདོད་མའི་མི་རིགས་དེའི་དཔལ་ཡོན་ནི་སྤྱི་ལོ་སྔོན་གྱི་ལོ2300སྔོན་དུ་ཨན་ཏི་སི་རི་རྒྱུད་ཀྱི་བར་རྒྱུད་དུ་རྩ་བ་ཚུགས་ཤིང་།  འཕེལ་རྒྱས་མགྱོགས་པས་ལོ་སྟོང་ཕྲག་གི་ནང་དུ་རྨོ་ལས་དང་ལག་རྩལ་གང་ཐད་ནས་དར་རྒྱས་སོང་ཡོད། ཧ་ལམ་སྤྱི་ལོ་སྔོན་གྱི་ལོ1000ལྷག་གི་སྔ་རྗེས་སུ། ཆི་མུའུ(Chimu)   ཏི་ཝ་ན་ཁུའུ( Tiwanaku)རྒྱལ་བོའི་རྒྱལ་ཁབ་དང་དབྱིན་ཅ་བཙན་རྒྱལ་རྒྱལ་ཁབ་བྱུང་། དབྱིན་ཅ་བཙན་རྒྱལ་གྱི་དར་རྒྱས་གོང་འཕེལ་དེ་དུས་རབས16པར་སི་ཕེན་གྱིས་བཙན་འཛུལ་བྱེད་རག་བར་དུ་ཡུན་བསྲིངས་ཤིང་།  སི་ཕེན་བཙན་རྒྱལ་གྱི་འདྲེ་ལག་བསྲིངས་པ་ནས་རིམ་གྱིས་ཉམས་རྒུད་དུ་སོང་བ་ཡིན། དེའི་མངའ་ཁོངས་ཕེ་རུ་ནས་ཀྲི་ལི་བྱང་ཕྱོགས་སུ་བསྲིངས་ཤིང་། དེ་སྔོན་ཕན་ནུས་ལྡན་པའི་ཆུ་འདྲེན་མ་ལག་དང་རྙོག་འཛིང་ཆེ་བའི་འབྲུ་རིགས་ཐོན་སྐྱེད་ལ་ཚོད་འཛིན།  གསོག་ཉར་དང་བགོ་བྱའི་ལམ་ལུགས་སོགས་འཕེལ་རྒྱས་སོང་ཡོད། མི་འབོར་ཆེས་མང་དུས་སུ་ཁྲི350ལ་ཐོན་ཡོད། སྐབས་དེའི་སྤྱི་ཚོགས་ཀྱི་གྲལ་རིམ་ནི་ཕ་ཤུལ་བུས་འཛིན་པའི་རྒྱལ་བོའི་ལམ་ལུགས།  སྐུ་དྲག  ལག་ཤེས་པ། ཞིང་བ་བཅས་ཡོད།  དབྱིན་ཅ་དཔལ་ཡོན་གྱི་ཆེས་མངོན་གསལ་གྱི་གསར་བསྒྱུར་ནི་ཁྲིམས་ལུགས་ཀྱིས་སྲོལ་རྒྱུན་གྱི་སྤྱི་ཚོགས་རྩ་འཛུགས་གཏན་འཁེལ་བྱས་པ་དེས་ཚད་མཐོ་བའི་སྒྱུ་རྩལ་ཐོན་དངོས་བཟོ་བའི་ཆུ་ཚད་ལ་ཐོན་པ་དེ་རེད།

དུས་རབས16པའི་ཡོ་རོབ་མིས་གླིང་ཆེན་ཨ་མེ་རུ་ཁ་ལྷོ་མ་དབང་དུ་བསྡུས་ཤིང་། དབྱིན་ཅ་བཙན་རྒྱལ་གྱི་ཞིང་ལས་དང་ཆབ་སྲིད་ལམ་ལུགས་སོགས་ཡོད་ཚད་སི་ཕེན་མིའི་ལམ་ལུགས་ཀྱིས་ཚབ་བྱས་ཤིང་། གནམ་བདག་ཆོས་ལུགས་ཀྱིས་དབྱིན་ཅའི་ཆོས་ལུགས་ཀྱིས་ཚབ་བྱས་པ་རེད། དབྱིན་ཅའི་སྐུ་དྲག་དང་ལག་ཤེས་པ་ཚོ་མི་སེར་སྤེལ་ཡུལ་གྱི་གྲལ་རིམ་ལམ་ལུགས་སུ་ཚུད་པ་དང་། ཞིང་བ་དག་ནི་ལས་ཁྲལ་པར་གྱུར་ཡོད། གསར་སྤེལ་ཚད་དམའ་བའི་ས་ཁུལ་དུ་དབྱིན་ཅ་མི་དམངས་ཀྱིས་ད་དུང་ཁོ་ཚོའི་སྲོལ་རྒྱུན་རིག་གནས་སྲུང་འཛིན་བྱེད་བཞིན་ཡོད་ལ། དུས་མཚུངས་སུ་དེང་རབས་ཀྱི་བཟོ་ལས་ལྟེ་གནས་དང་དཔལ་འབྱོར་ཉོ་ཚོང་རྒྱུན་འཁྱོངས་བྱེད་བཞིན་ཡོད། གཞན་པའི་གླིང་ཆེན་ལྷོ་ཨ་མེ་རི་ཁ་ལྷོ་མའི་དབྱིན་ཏི་ཨན་པ་ཨ་ལའོ་ཁན་མི(Araucanian)སོགས་ཀྱིས་སི་ཕེན་མིས་དབང་བསྒྱུར་ལ་གྲུབ་འབྲས་ཡོད་པའི་ངོ་རྒོལ་བྱས་ཏེ།  དུས་རབས19པའི་དུས་མཇུག་གི་བཙན་གནོན་དང་རང་འདྲར་སྒྱུར་བའི་བར་དུ་མཐའ་གཅིག་ཏུ་ངོ་རྒོལ་བྱས་ཡོད།

6_2 གཉེན་སྲོལ།

ཚོ་དཔོན་ལམ་ལུགས་ཀྱི་དབྱིན་ཏི་ཨན་པའི་གཉེན་སྟོན་ལ་མངོན་པར་གསལ་བའི་མི་རིགས་ཀྱི་ཁྱད་ཆོས་ལྡན། གཉེན་སྟོན་གྱི་ས་གནས་མང་ཆེ་བ་དབྱིན་ཏི་ཨན་པ་འདུས་སྡོད་ཁུལ་གྱི་ཐུན་མོང་གི་འཛུགས་སྐྲུན་སོགས་གདམ་སྟེ་གཉེན་སྟོན་སྤེལ་བ་ཡིན།  སྤྱིར་བཏང་དུ་གཞི་ཁྱོན་ཅུང་ཆེ་བའི་ཤིང་ཁང་ཡིན།  གཉེན་སྟོན་གྱི་གཟབ་སྒོ་སྟེང་དུ་ཐག་ཉེ་རིང་གི་མཛའ་བཤེས་དང་ཁྱིམ་མཚེས་གཡས་གཡོན། སྡེ་མི་སོགས་གཅིག་རྗེས་གཉིས་མཐུད་ཀྱིས་ཤིང་ཁང་དུ་ཐོན་ཏེ་ཕན་ཚུན་ལ་འཚམ་འདྲི་བྱས་ཏེ་ཐང་ལ་སྡོད་པ་ཡིན། ཕོ་མོ་རྒན་གཞོན་ཡོངས་ཀྱིས་ལུས་སུ་མི་རིགས་ཀྱི་ཆས་གོས་གྱོན་པ་དེ་དག་བཟོ་དབྱིབས་གསར་བ་དང་ཁ་དོག་མིག་ལ་མཛེས་པ་ཡིན། སྤྱིར་དབྱིན་ཏི་ཨན་པའི་གཤིས་རྒྱུད་ཡངས་པོ་ཡོད་ནའང་། གཉེན་སྟོན་ཐོག་ཏུ་ཧ་ཅང་ལྷིང་འཇགས་ཡིན་ལ། ཕན་ཚུན་བར་ཁ་བརྡ་གླེང་མོ་བྱེད་ནའང་སྐད་མགོ་ཧ་ཅང་དམའ་མོ་ཡིན།

6_3 རིག་གནས།

དབྱིན་ཏི་ཨན་པས་“ཆོས་ཐམས་ཅད་ལ་རྣམ་ཤེས་ཡོད”པར་ཡིད་ཆེས་ཡོད་ལ། ཁོ་ཚོས་རང་བྱུང་ཁམས་ལ་ཡིད་སྨོན་གུས་བཀུར་བྱས་པ་ཡིན། རང་བྱུང་ཁམས་ཀྱི་ཤིང་ཕྲན་གཅིག་དང་རྩྭ་རྐང་གཅིག རི་བོ་དང་རྡོ་བ་སོགས་ལའང་དད་པའི་རྣམ་འགྱུར་བཟུང་ཡོད། དབྱིན་ཏི་ཨན་པ་ཚོ་ཚད་ངེས་ཅན་གྱི་སྟེང་ནས་ཡོ་རོབ་གླིང་གི་ཡེ་ཤུ་ཆོས་ལུགས་ཀྱིས་རང་འདྲར་སྒྱུར་ཡོད་དེ།  ད་ལྟའི་ཨ་མེ་རི་ཁའི་དབྱིན་ཏི་ཨན་པ་ཚོས་ཀྱང་ཡེ་ཤུ་ཆོས་ལུགས་ལ་དད་མོས་བྱེད་བཞིན་ཡོད། དབྱིན་ཏི་ཨན་པའི་གདོད་མའི་ཆོས་ལུགས་ཀྱང་ད་དུང་གནས་ཡོད་པ་དང།  ཡེ་ཤུ་ཆོས་ལུགས་དང་འདྲེས་ཏེ་ཁྱད་མཚར་བའི་ཆོས་ལུགས་དད་མོས་ཤིག་གྲུབ་འདུག   ཁ་ཡེ་ཐེས་བཤད་ན། ཆོས་ལུགས་དད་མོས་དེ་དབྱིན་ཏི་ཨན་པའི་འཚོ་བའི་ཁྲོད་དུ་གོ་གནས་གལ་ཆེན་བཟུང་ཡོད་ལ། ཆེས་གལ་ཆེ་བའི་ཚོ་དཔོན་ཡང་ཆོས་ལུགས་ཀྱི་གཙོ་འཛིན་ཡིན་དགོས། ཁོའི་ནང་ཁུལ་གྱི་ལས་དོན་ཐད་ཀྱི་དབང་ཆ་དེ་ཚོ་དཔོན་ལས་མཐོ་བ་ཡིན། ཚོ་བ་མང་བོའི་ཚོ་དཔོན་གྱིས་ཕྱིའི་ལས་དོན་ལ་འགན་འཁུར་དགོས་ཏེ།   གཙོ་བོ་རྒྱལ་ཕྲན་མཉམ་འབྲེལ་དང་ས་གནས་སྲིད་གཞུང་ལ་འབྲེལ་འདྲིས་བྱས་པ་སོགས་ཕྱི་ནས་ཚོ་བའི་སྐུ་ཚབ་ཡིན།  ཡིན་ཡང་། ཁོ་བོའི་བསྐོ་བཞག་གི་དབང་ཆ་ཆོས་ལུགས་གཙོ་འཛིན་པའི་ལག་ཏུ་ཡོད་པ་དང་ནང་ཁུལ་གྱི་ལས་དོན་ཐོག་ནས་ལྷག་པར་དུ་ཆོས་ལུགས་གཙོ་འཛིན་པའི་བཀོད་སྒྲིག་ལ་ཉན་དགོས།

7 པོ་ལི་ཝེ་ཡ་རྒྱལ་ཁབ།   

པོ་ལི་ཝེ་ཡ་རྒྱལ་ཁབ་ནི་གླིང་ཆེན་ཨ་མེ་རི་ཁ་ལྷོ་མའི་སྐམ་སའི་དབུས་རྒྱུད་ཀྱི་རྒྱལ་ཁབ་ཅིག་ཡིན། ཁྱིམ་མཚེས་རྒྱལ་ཁབ་ལ་པར་ཙིལ་དང་ཕེ་རུ། ཀྲི་ལི། ཨ་ཀེན་ཐིན། ཕ་ར་ཀུའེ་སོགས་རྒྱལ་ཁབ་ལྔ་ཡོད། ཁྲིམས་བཅད་རྒྱལ་ས་ནི་སུ་ཁེ་རུ་ཡིན་ལ། དོན་དངོས་སུ་སྲིད་གཞུང་གི་གནས་ས་ནི་པ་ལ་སི་ཡིན། པ་ལ་སིའི་མཚོ་འཕགས་ལ་སྨི3600ཡོད་པས་འཛམ་གླིང་སྟེང་ཆེས་མཐོ་བའི་རྒྱལ་ས་ཡིན། དུས་རབས15པའི་མཇུག་ཏུ་སི་ཕེན་གྱིས་པ་ལི་ཝེ་ཡ་དབང་དུ་བསྡུས་ཤིང་། སི་ཕེན་རྒྱལ་ཁབ་ཀྱི་ལ་ཕུའུ་ལ་ཐ་སྤྱིའི་ལྟ་རྟོག་ཁུལ་ཏུ་གཏོགས་པ་ཡིན།

དུས་རབས18པའི་དུས་དཀྱིལ་དུ། ལ་ཏིང་མེ་གླིང་གི་རང་བཙན་དམག་འཁྲུག་ཁྲོད་དུ་པོ་ལི་ཝེ་ཡའི་རྒྱལ་ཁབ་དེ་ཝེ་ནེ་ཙུའེ་ལ་རྒྱལ་ཁབ་ཀྱི་ལ་ཅ་ལ་སི་ནས་འོང་བའི་མི་རིགས་དཔའ་རྒོད་པོ་ལི་ཝ་ཨར་གྱིས་ཉེན་ཁ་ལས་བསྐྱལ་ཏེ་རང་བཙན་ཐོབ། དེ་བས་རྒྱལ་ཁབ་ཀྱི་མིང་ལ་དཔའ་རྒོད་དེའི་མིང་བཏགས་པ་ཡིན། 1825ལོར་དངོས་སུ་སི་ཕེན་ནས་རང་བཙན་བྱུང་། རང་བཙན་བྱས་རྗེས་ཀྱི་པོ་ལི་ཝེ་ཡ་རྒྱུན་དུ་མཐའ་འཁོར་གྱི་རྒྱལ་ཁབ་དང་དམག་འཁྲུག་བྱུང་བའི་དབང་གིས། ས་ཆ་མང་པོ་གཞན་ལག་ཏུ་ཤོར་བ་ཡིན། དེང་སང་གི་ཀྲི་ལི་བྱང་ཕྱོགས་ཀྱི་ཨན་ཏི་སི་རི་རྒྱུད་དང་མཚོ་རྒྱུད་ས་ཁུལ། པར་ཙིལ་གྱི་ལྷོ་ཕྱོགས། ཕ་ར་ཀུའེ་ཡི་བྱང་ཕྱོགས་བཅས་ཡིན། ལྷག་པར་དུ1879ལོ་དང1883ལོའི་ཆའོ་ཧྲི་དམག་འཁྲུག་ཁྲོད་དུ། པོ་ལི་ཝེ་ཡའི་མཚོ་འགྲམ་གྱི་ཞིང་ཆེན་དང་གྲུ་ཁ་གཙོ་བོ་ཨན་ཐུའོ་ཧྥ་ཅ་སིའང་གཞན་ལག་ཏུ་ཤོར་བས་པོ་ལི་ཝེ་ཡ་ནི་སྐམ་སའི་དཀྱིལ་དབུས་ཀྱི་རྒྱལ་ཁབ་ཅིག་ཏུ་གྱུར་སོང་།

པོ་ལི་ཝེ་ཡ་ནི་གླིང་ཆེན་ཨ་མེ་རི་ཁ་ལྷོ་མའི་ཆེས་དབུལ་ཕོངས་ཀྱི་རྒྱལ་ཁབ་ཅིག་ཡིན་ལ། དེ་ནི་གཙོ་བོ་པོ་ལི་ཝེ་ཡ་རྒྱལ་ཁབ་ཚད་མཐོ་བའི་རུལ་སུངས་སུ་གྱུར་ཡོད་པ་དང་མི་སེར་སྤེལ་ཡུལ་དུ་གྱུར་བའི་རྗེས་སུ་རང་རྒྱལ་དུ་ཕྱིའི་བཙན་རྒྱལ་པའི་སྟོབས་ཤུགས་ཆེ་བའི་རྐྱེན་གྱིས་རེད།  རྒྱལ་ཁབ་འདི་ལ་རང་བྱུང་ཐོན་ཁུངས་ཕུན་སུམ་ཚོགས་པ་ཡོད་པས། “གསེར་གཏེར་ཐོག་ཏུ་སྡོད་པའི་བོང་བུ”ཞེས་པའི་མིང་ཐོགས་ཡོད། མིང་དུ་གྲགས་པའི་གཏེར་ཁ་ལས་གཞན། ད་དུང་། མི་རྣམས་ཀྱིས་ཤེས་གསལ་ཡིན་པའི་སི་ཕེན་མིས་རྗེས་སུ་རྙེད་པའི་དབྱིན་ཅ་བཙན་རྒྱལ་དང་གླིང་ཆེན་ཨ་མེ་རི་ཁ་ལྷོ་མའི་རང་བྱུང་སོལ་རླངས་གཏེར་ཁ་ཨང་གཉིས་པར་གྲགས་པའང་པོ་ལི་ཝེ་ཡ་རྒྱལ་ཁབ་ཏུ་ཡོད། ས་ཨར་ཝ་ཏའོmutunཡི་ཧྲིན་ཁའོ་ལུའུ་སི་ན་འཛམ་གླིང་གི70%ཡི་ལྕགས་དང་མཱེ་ཡོད། 2002ལོར་པོ་ལི་ཝེ་ཡ་རྒྱལ་ཁབ་ཀྱི་རྒྱལ་ནང་ཐོན་སྐྱེད་སྤྱི་འབོར་དེ་མེ་སྒོར་དུང་ཕྱུར79ལ་ཐོན་ཡོད་ལ། དཔལ་འབྱོར་འཕེལ་རྒྱས་ཧ་ལམ2.5%ལ་ཐོན། 2002ལོའི་དངུལ་ལོར་འགྲེམ་ཐལ་ཤོར་བའི་ཚད་ཚོད་རྩིས་བྱས་ན3%ནས4%ཡིན།

8 བར་སྣང་གི་མེ་ལོང་།

ངག་རྒྱུན་ཁྲོད་ཀྱི་བར་སྣང་གི་མེ་ལོང་ཟེར་བ་དེ་ནི་ཝུའུ་ཡིའུ་ཉི་ཚྭ་འདམ་ཡིན། དེ་པོ་ལི་ཝེ་ཡའི་ལྷོ་ནུབ་ཀྱི་ཝུའུ་ཡིའུ་ཉི་གྲོང་བརྡལ་གྱི་ཉེ་འཁོར་དུ་ཡོད། འཛམ་གླིང་ཐོག་ཆེས་ཆེ་བའི་ཚྭ་འདམ་ཡིན། ཤར་ནུབ་ཀྱི་རིང་ཐུང་ལ་ཧ་ལམ་སྟོང་སྨི250ཡོད་ལ། ལྷོ་བྱང་གི་ཞེང་ལ་ཧ་ལམ་སྟོང་སྨི100ལྷག་ཡོད། རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ10582ཡོད། གཏེར་ཚྭ་དང་ཅུ་གང་འབོར་ཆེན་ཐོན་བཞིན་ཡོད།  རྒྱ་ཁྱོན་ཆེ་བ་དང་ཕྱི་ངོས་དཀར་ཞིང་འཇམ་པ། འོད་ལྡོག་འཕྲོའི་ཚད་མཐོ་བ། ཆུ་སྲབ་མོས་ཁེབས་པ། མཐོ་འཕགས་ལ་ཧེ་བག་ཆུང་བ།  ཨ་ཐ་ཁ་མ་ནི་ཆེས་ཕུགས་བསམ་གྱི་ཚད་ལེན་ཚོད་ལྟ་དང་ཐིག་ཚད་སྒྲིག་པའི་རྒྱང་ཚོར་རྒྱང་འཇལ་དཔྱད་ཆས་ཀྱིས་སྐོར་ལམ་འཁོར་སྐར་དུ་གྱུར་ཡོད་པས་སའི་གོ་ལར་ཞིབ་འཇུག་བྱེད་ཐུབ།

8_1 ས་ཁམས་གནས་ཡུལ།

ཝུའུ་ཡིའུ་ཉི་ཚྭ་འདམ(Uyuni Salt Flat) སི་ཕེན་གྱི་སྐད་དུSalar De Uyuniཟེར། པོ་ལི་ཝེ་ཡའི་ལྷོ་ནུབ་ཕྱོགས་ཀྱི་ཐང་སྟོང་ཚྭ་འདམ་དེའི་མཚོ་འཕགས་ལ་སྨི3656ཡོད་ལ། རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ10582ཡོད་པ་དེ་པོ་ལི་ཝེ་ཡའི་ཆེས་ཆེ་བའི་ཚྭ་རིམ་གྱིས་ཁེབས་པའི་ཐང་སྟོང་ས་ཁུལ་ཡིན། ཚྭ་འདམ་ངོགས་སུ་ཚྭ་ར་ཡོད།

QQ截图20150810114252.jpg

ཨ་ཨར་ཏི་ཕུའུ་ལ་ནའོ་ནི་པོ་ལི་ཝེ་ཡ་ཨན་ཏི་སི་རི་རྒྱུད་ཁུལ་གྱི་མཐོ་སྒང་ཆེ་ཤོས་ཤིག་ཡིན། མཚོ་འཕགས་སྨི3000ཡན་ཆད་ཡིན། མཐོ་སྒང་གི་ལྷོ་ཕྱོག་སུ་གངས་འཁྱགས་བཞུ་བའི་དུས་སུ་གྲུབ་པའི་ཚྭ་མཚེའུ་ཡོད། ཡིན་ཡང་། ལོ་ཁྲི1གི་སྔོན་དུ་ཆེས་མཐའ་མཇུག་གི་འཁྱགས་རོམ་དུས་རིམ་གྱི་སྐབས་སུ་མཚོ་ཆུ་རིམ་གྱིས་གར་སོང་ཆ་མེད་དུ་གྱུར།  ཆེས་ཆེ་ཞིང་མི་རྣམས་ལ་བག་ཆགས་ཆེས་ཟབ་པའི་མཚེའུ་ནི་ཝུའུ་ཡིའུ་ཉི་ཚྭ་འདམ་ཡིན་ལ། ལོ་རེའི་དགུན་དུས། དེའི་ནང་དུ་ཆར་ཆུས་གང་བས་གཏིང་ཐུང་མཚེའུ་ཞིག་གྲུབ་འདུག ཡིན་ཡང་། དབྱར་དུས་སུ། མཚོ་ཆུ་སྐམ་པའི་རྗེས་སུ་ཚྭ་གཙོ་བོ་ཡིན་པའི་གཏེར་དངོས་ཀྱི་ཕྱི་ཤུན་རིམ་པ་ཞིག་ཤུལ་ན་ལུས་ཡོད། དབུས་རྒྱུད་ཀྱི་མཐུག་ཚད་ལ་སྨི6ཙམ་ཡོད། མི་རྣམས་ཀྱིས་རླངས་འཁོར་བསྐོར་ཏེ་མཚོ་ངོས་བརྒལ་ཐུབ་པ་ཡིན།  ལྷག་པར་དུ་ཆར་རྗེས་སུ། མཚེའུ་ངོས་ནི་མེ་ལོང་ལྟ་བུ་ཡིན།  འོད་ཀྱི་ལྡོག་འཕྲོ་དེ་སའི་གོ་ལའི་སྟེང་ནས་འོང་བ་དང་མི་འདྲ་བར་མཛེས་སྡུག་ཡིད་དུ་འོང་བའི་བར་སྣང་གི་ཡུལ་ལྗོངས་ཤིག་གྲུབ་འདུག་པ་དེ་ལ། ངག་རྒྱུན་ཁྲོད་ཀྱི“བར་སྣང་གི་མེ་ལོང”ཟེར།  རྒྱ་ཁྱོན་ཆེ་བ་དང་ཕྱི་ངོས་དཀར་ཞིང་འཇམ་པས་ལྡོག་འཕྲོའི་ཚད་མཐོ་བ། ཆུ་སྲབ་མོས་ཁེབས་པ། མཚོ་འཕགས་ཀྱི་ཧེ་བག་ཆུང་བ། ཨ་ཐ་ཁ་མ་ནི་ཆེས་ཕུགས་བསམ་གྱི་ཚད་ལེན་ཚོད་ལྟ་དང་ཐིག་ཚད་སྒྲིག་པའི་རྒྱང་ཚོར་རྒྱང་འཇལ་དཔྱད་ཆས་ཀྱིས་སྐོར་ལམ་འཁོར་སྐར་དུ་གྱུར་ཡོད་པས་སའི་གོ་ལར་ཞིབ་འཇུག་བྱེད་ཐུབ།  ཝུའུ་ཡིའུ་ཉི་ཚྭ་འདམ་ནི་པོ་ལི་ཝེ་ཡའི་ཆེས་ཆེ་བའི་ཚྭ་འདམ་ཡིན་ལ། པའོ་ཐོ་ཞི་ཞིང་ཆེན་གྱི་ནུབ་ཕྱོགས་མཐོ་སྒང་དུ་མཚོ་འཕགས་སྨི3660ཡོད་པ་དང་། རིང་ཚད་ལ་སྟོང་སྨི150དང་ཞེང་ལ་སྟོང་སྨི130ཡོད། སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ9065ཡོད།  འགྲམ་ངོགས་སུ་ཚྭ་ར་ཡོད་ལ་ཚྭ་ར་སོ་སོའི་བར་དུ་གཞུང་ལམ་གྱིས་སྦྲེལ་ཡོད།  ཆར་ཆུ་ཉུང་ཞིང་ནམ་ཟླ་སྐམ་ཤས་ཆེ་བ་ཡིན། ཟླ12པ་ནས་ཕྱི་ལོའི་ཟླ1བར་ནི་ཆར་དུས་ཡིན།

ས་དེ་ན་མེ་ཏོག་དབང་ལག་ལས་གཞན་པའི་རྩི་ཤིང་སྐྱེས་མེད། མཚེའུ་རེ་རེའི་ཁ་དོག་དང་གྲུབ་ཚུལ་རྣམ་པ་མི་འདྲ་བ་སྣ་ཚོགས་ཡོད་དེ། ཚྭའི་ནང་གི་འདུས་པའི་གཏེར་དངོས་མི་འདྲ་བའི་དབང་གིས་མཚོ་མདོག་དམར་བོ་དང་། ལྗང་ཁུ། སྔོན་པོ།  དངུལ་མདོག་བཅས་མངོན་འདུག   དེ་བས་གནས་འདི་ནི་ལྷ་ཡུལ་དང་འདྲ་བ་ཡིན།